མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས་པ།

རྩོམ་པ་པོ།:བཀྲ་ཤིས་འབུམ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-07-14 11:27:00 ཀློག་གྲངས།:

  མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་བྱ་བའི་བཞུགས་མོལ་ཚོགས་འདུ་ཚེས་བཅུ་གསུམ་ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་ཀྲུང་དབྱང་བོད་ལྗོངས་བྱ་བའི་མཐུན་སྦྱོར་ཚན་ཆུང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ད་ལོའི་ལོ་སྟོད་ཀྱི་བོད་ཁུལ་བྱ་བར་སྤྱི་སྡོམ་བྱས་པར་མ་ཟད་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་བོད་ཁུལ་གྱི་བྱ་བ་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་བང་ཅན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཕིན་ཞིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཞུའུ་ཧྥུའུ་ཧྲོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་རྡོ་རྗེ་རབ་བརྟན་བཅས་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཁུལ་དང་ཏིས། གྲོང་ཁྱེར་བཅས་སོ་སོའི་ཏང་ཨུ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས།
  ཚོགས་ཐོག་ནས་བང་ཅན་ཅོན་གྱིས་བཤད་རྒྱུར། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ལག་བསྟར་བྱེད་པའི་ལོ་ཐོག་མ་ཡིན་ལ། བོད་ཁུལ་དེ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་སླེབས་ཡོད་པ་དང་མདུན་དུ་གོ་སྐབས་དང་ཕན་འབྲས་ལྡན་པའི་ཆ་རྐྱེན་གང་མང་གནས་ཡོད་པར་མ་ཟད་དཀའ་ཁག་དང་གནད་དོན་མི་ཉུང་བ་གནས་ཡོད་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོ། སྡེ་ཁག་སོ་སོ་བཅས་ཀྱིས་ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དེ་བརྒྱུད་སྒྲོག་བྱས་ཏེ། སྐྱིད་སྡུག་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཏང་གི་བོད་ཁུལ་གྱི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་དང་ཆོད་སེམས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་པར་མ་ཟད། ད་ལོའི་བོད་ཁུལ་བྱ་བའི་དམིགས་འབེན་མངོན་འགྱུར་དང་ལས་འགན་ཡོངས་འགྲུབ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།
  ལིས་ཕིན་ཞིན་གྱིས་བཤད་རྒྱུར། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་བཅས་ཀྱིས་ངེས་པར་དུ་ཀླད་པ་གསལ་བོ་བྱས་ཏེ། ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྐྱིད་སྡུག་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་སྔར་ལས་ཇེ་དྲག་གཏོང་དགོས་པ་དང་། སྤྱི་ཚོགས་ཡུན་རིང་བདེ་འཇགས་ཡོང་བའི་སྤྱིའི་རེ་བར་དམིགས་ཏེ། ཏང་གི་ཆབ་སྲིད་ཀྱི་ཁྱད་སྟོབས་དང་རྩ་འཛུགས་ཀྱི་ཁྱད་སྟོབས། མང་ཚོགས་ཀྱི་ཁྱད་སྟོབས་བཅས་འདོན་སྤེལ་གང་ལེགས་བྱེད་པ་དང་། འགལ་བ་དང་རྩོད་གཞི་སྣ་ཚོགས་ཞི་འཇགས་སུ་གཏོང་དགོས་ལ། འཕྲིན་བཅར་ཐད་ཀྱི་གནད་དོན་གཙོ་བོ་ཐག་གཅོད་བཟང་བོ་བྱས་ནས། སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་སྲུང་སྐྱོབ་བྱེད་དགོས་ཟེར།
  ཞུའུ་ཧྥུའུ་ཧྲོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་རེ་བ་དྲུག་བཏོན། གཅིག སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་ལག་བསྟར་བཟང་བོ་བྱས་ནས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཁག་ཐེག་བྱེད་དགོས། གཉིས། ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་རྣམ་པ་བསྒྱུར་ནས་རོང་འབྲོག་ཕྱོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་དགོས། གསུམ། སྤྱི་ཚོགས་ཀྱི་ལས་དོན་སྣ་ཚོགས་གོང་འཕེལ་དུ་བཏང་ནས་སྤྱི་བའི་ཞབས་ཕྱིའི་ནུས་པ་ཇེ་ཆེར་གཏོང་དགོས། བཞི། མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱས་ནས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ལྔ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་ནས་མངའ་ཁོངས་འཕེལ་རྒྱས་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས། དྲུག ཁྱད་སྟོབས་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་དཔལ་འབྱོར་གྱི་འཕར་ཚད་ཇེ་མཐོར་གཏོང་དགོས་ཟེར། ཚོགས་ཐོག་ནས་རྡོ་རྗེ་རབ་བརྟན་གྱིས་ཀྱང་ཆོས་ལུགས་ལས་དོན་དང་སྤྱི་ཚོགས་དོ་དམ་བྱ་བར་ཤུགས་བསྣན་ནས་བདེ་འཇགས་དགོན་པ་འཛུགས་སྐྲུན་བྱེད་པའི་ཐད་ལ་རེ་བ་བཏོན། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།