ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > བྱེ་འགོག་བྱེ་བཅོས་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་འཆར་འགོད་ལ་མཆན་འགོད་བཀའ་ལན་ཐོབ་པ།
བྱེ་འགོག་བྱེ་བཅོས་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་འཆར་འགོད་ལ་མཆན་འགོད་བཀའ་ལན་ཐོབ་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར།
དུས་ཚོད།:2011-03-24 10:37:00
ཀློག་གྲངས།:
ཉེ་ཆར་རང་རྒྱལ་བྱང་ཕྱོགས་ས་ཁུལ་དུ་བྱེ་རླུང་འཚུབ་པའི་གནམ་གཤིས་ཡོངས་ཁྱབ་ཏུ་ཐོན་པ་རེད།སྔོན་དཔག་བྱས་ན་ད་ལོའི་དཔྱིད་ཀར་རང་རྒྱལ་བྱང་ཕྱོགས་ས་ཁུལ་དུ་བྱེ་རླུང་འཚུབ་པའི་གནམ་གཤིས་བསྟན་ཐེངས་16ནས་19བར་ཡིན་པ་དེ་ལོ་སྔོན་མའི་དུས་མཚུངས་ལས་ཅུང་ཉུང་དུ་ཕྱིན་ཡོད་ཀྱང་ས་ཁུལ་ཁག་གཅིག་ཏུ་བྱེ་རླུང་ཆེན་པོ་འཚུབ་ཚད་ཅུང་ཆེ་བ་རེད།
རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་འཕེལ་རིམ་ལ་སྒོ་ཀུན་ནས་སྐུལ་འདེད་མགྱོགས་སུ་གཏོང་ཆེད་རྒྱལ་ཁབ་ནགས་ལས་ཅུས་ཀྱིས་ཉིན་ཤས་གོང《རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་འཆར་འགོད(2011—2020ལོ)》ལ་ཆོག་མཆན་བཀའ་ལན་ཐོབ་པ་དང་འབྲེལ་དཔར་འགྲེམ་བྱས་པ་དང་།སླད་ཕྱིན་གྱི་ལོ་10རིང་རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་ཤུགས་མགྱོགས་སུ་བཏང་ནས་དཔེ་སྟོན་ཁུལ་གྱིས་བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱེད་ཚད་70%ལོན་པའི་བརྩོན་ལེན་བྱ་རྒྱུ་རེད།
ཆེས་གསར་དུ་ཁྱབ་བསྒྲགས་བྱས་པའི་མྱ་ངམ་ཅན་དུ་འགྱུར་བ་དང་བྱེ་འགྱུར་ལྟ་ཞིབ་ཚད་ལེན་ཐེངས་བཞི་པའི་འབྲས་བུ་ལ་མངོན་པར་གཞིགས་ན།2004ལོ་དང་བསྡུར་ན་2009ལོའི་རྒྱལ་ཡོངས་བྱེ་འགྱུར་ས་ཆ་དེ་ལོར་ཆ་སྙོམས་སྤྱི་ལེ་གྲུ་བཞི་མ་1717ཉུང་དུ་སོང་བ་དང་བྱེ་ཁུལ་གྱི་སྣོད་བཅུད་གནས་བབ་ཐད་ལེགས་བཅོས་མངོན་གསལ་བྱུང་ཡོད།འོན་ཀྱང་མིག་སྔར་རང་རྒྱལ་གྱི་ས་ཆ་བྱེ་འགྱུར་གྱི་གནད་དོན་སྔར་བཞིན་ཧ་ཅང་ཚབས་ཆེན་ཡིན་ཞིང་།རྒྱལ་ཡོངས་སུ་ཁྱོན་བསྡོམས་བྱེ་འགྱུར་ས་ཆ་སྤྱི་ལེ་གྲུ་བཞི་མ་ཁྲི་173.11ཡོད་པ་དེས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི18.03%བཟུང་བ་དང་ས་ཁུལ་ཁག་གཅིག་གི་བྱེ་འགྱུར་ས་ཆ་སྔར་བཞིན་ཆེ་རུ་འགྲོ་བཞིན་ཡོད།གཞན་ཡང་རྒྱལ་ཡོངས་སུ་ད་དུང་སྤྱི་ལེ་གྲུ་བཞི་མ་ཁྲི་31.10ཙམ་ལ་ཉེ་བའི་བྱེ་འགྱུར་གྱི་རྣམ་པ་མངོན་གསལ་དོད་པའི་ས་ཆ་ཡོད་པ་རེད།
རྒྱལ་ཁབ་ནགས་ལས་ཅུས་ཀྱིས་སྣོད་བཅུད་ལེགས་གཏོང་དང་།ལག་རྩལ་གསར་གཏོད།སྲིད་ཇུས་ཀྱི་ལམ་སྲོལ།ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་བྱེ་འགོག་བྱེ་བཅོས་ཀྱི་དཔེ་སྟོན་མ་དཔེའི་རྣམ་གྲངས་ཁག་གཅིག་བསྐྲུན་རྒྱུ་ཡིན་པ་དང་།ད་ཡོད་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས་དཔེ་སྟོན་ཁུལ་གསར་པ་ཁག་གཅིག་གདམ་གསེས་དང་གསར་སྣོན་བྱས་ཏེ་2020ལོར་སླེབས་སྐབས་དཔེ་སྟོན་ཁུལ་གྱིས་བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱེད་ཚད་70%ལོན་པའི་བརྩོན་ལེན་བྱས་ནས་དཔེ་སྟོན་ཁུལ་གྱི་སྣོད་བཅུད་དང་།དཔལ་འབྱོར།སྤྱི་ཚོགས་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་རགས་ཙམ་ཡོང་བ་བྱས་ཏེ་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་དཔེ་སྟོན་གྱི་མ་དཔེ་འདོན་སྤྲོད་བྱ་ཆེད་ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་རྒྱུ་རེད།
རྒྱལ་ཁབ་ནགས་ལས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།《འཆར་འགོད》ལག་ལེན་བསྟར་བ་ལས་བྱེ་འགོག་བྱེ་བཅོས་ཁྲོད་ཀྱི་དཔེ་སྟོན་ཁུལ་གྱི་ཕྱོགས་བསྡུས་དཔེ་སྟོན་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་པ་དང་།བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་བསམ་ཕྱོགས་སྔར་བས་ཕུན་སུམ་ཚོགས་པ་དང་འཐུས་ཚང་དུ་འགྲོ་བ།འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱེད་པ།བྱེ་ཁུལ་གྱི་སྣོད་བཅུད་ལེགས་སུ་གཏོང་ཚད་མགྱོགས་སུ་འགྲོ་བ།གནས་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་པར་བརྟེན་ནས་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།