མཚོ་སྔོན་བོད་ཁུལ་གྱི་བཟོ་ཚོགས་ལས་བྱེད་པའི་གསོ་སྦྱོང་བྱ་བར་རོགས་སྐྱོར་བྱེད་རྒྱུ་ཐག་བཅད་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་མཚོ་སྔོན་བོད་ཁུལ་གྱི་བཟོ་ཚོགས་ལས་བྱེད་པ་གསོ་སྦྱོང་བྱེད་པའི་བྱ་བ་དེ་མཚོ་སྔོན་བོད་ཁུལ་གྱི་བཟོ་ཚོགས་བྱ་བ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྲིད་ཇུས་ཕྱོགས་ནས་དམིགས་བསལ་སྟེར་བ་དང་མ་དངུལ་ཕྱོགས་ནས་རོགས་སྐྱོར་བྱས། ད་ལོ་ནས་བཟུང་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་ལོ་རེར་ཁ་གསབ་རོགས་དངུལ་སྒོར་མོ་འབུམ་གསུམ་ཕུལ་ནས་ལོ་རེར་མཚོ་སྔོན་ཞིང་ཆེན་གྱི་བཟོ་ཚོགས་ལས་བྱེད་པ་བརྒྱད་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་ལ་བཀོད་སྒྲིག་བྱས་ནས་ལས་འཁུར་སྦྱོང་བརྡར་བྱེད་དུ་འཇུག་རྒྱུ་ཐག་བཅད།
རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་ལོར་ཀྲུང་གོ་ངལ་རྩོལ་འབྲེལ་བའི་སློབ་གླིང་གིས་མཚོ་སྔོན་ཞིང་ཆེན་ཡན་ལག་དོ་དམ་བཟོ་ཚོགས་བྱ་བའི་མགོ་ཁྲིད་ལས་བྱེད་པའི་བཟོ་ཚོགས་ཀྱི་རིགས་གཞུང་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་ཏིས། གྲོང་ཁྱེར་བདུན་དང་རྫོང་དང་ཆུའུ་བཞི་བཅུ། དེ་མིན་ཞིང་ཆེན་རིམ་པའི་ཐོན་ལས་བཟོ་ཚོགས་བཅུ་གསུམ་བཅས་ཀྱི་ཐིན་དང་ཅུའུ། མཐོ་རིམ་སློབ་གླིང་གསུམ་དང་ཁེ་ལས་ཆེན་པོ་སུམ་ཅུ་བཅས་ཀྱི་བཟོ་ཚོགས་སུ་བྱ་བ་སྒྲུབ་པའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་གོ་གཉིས་ལ་གསོ་སྦྱོང་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com