མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས“ཚོགས་ཆེན་གཉིས”ལ་བོད་སྐད་ཡིག་གི་ཞབས་ཞུ་སྒྲུབ་པ།
“ཚོགས་ཆེན་གཉིས”སྐབས་ཀྱི་ཡིག་ཆ་ཁག
སྲིད་གྲོས་མཚོ་ལྷོ་ཁུལ་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དྲུག་པ་དང་མཚོ་ལྷོ་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དགུ་བ་བདེ་བླག་ངང་སྒྲུབ་པར། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ་ཆེད་དུ“ཚོགས་ཆེན་གཉིས”ཀྱི་ཡིག་སྒྱུར་ཚན་ཆུང་བཙུགས་ཤིང་། སྤུས་ཚད་ལེགས་པའི་སྒོ་ནས“ཚོགས་ཆེན་གཉིས”ཀྱི་ཡིག་སྒྱུར་བྱ་བ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། བོད་རིགས་འཐུས་མི་རྣམས་ཀྱིས“ཚོགས་ཆེན་གཉིས”ཀྱི་དགོངས་དོན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པར་སྟབས་བདེ་སྐྲུན་པ་རེད།
མི་དམངས་འཐུས་མི་ཚོགས་ཆེན་སྟེང་བོད་རིགས་འཐུས་མིས་ཡུལ་དངོས་ཀྱི་སྐད་བསྒྱུར་ལ་ཉན་བཞིན་པ།
ཡིག་བསྒྱུར་ཚན་ཆུང་གིས་ཐོག་མཐའ་བར་གསུམ་དུ་བཀོད་སྒྲིག་ཡག་པོའི་ངང་ཡིག་སྒྱུར་གྱི་ཞིབ་དཔྱོད་བྱ་བ་ནན་ཏན་སྒོས་བསྒྲུབས་ཐོག ལས་འགན་ལྕི་མོ་ཕྲག་ཏུ་བླངས་ནས་གང་ནུས་ཅི་ཐུབ་ཀྱིས་དུས་ཚོད་དམ་འཛིན་བྱས་ཏེ་ཡིག་སྒྱུར་བྱ་བའི་སྤུས་ཚད་འགན་སྲུང་བྱས་པ་དང་། ཡིག་སྒྱུར་བ་རེ་རེས་དུས་བཅད་ནང་སྔ་ལངས་འཕྱི་ཉལ་བྱས་ཏེ་རང་ཉིད་ཀྱི་འོས་འགན་དང་དུ་བླངས་ནས“ཚོགས་ཆེན་གཉིས”ཀྱི་ཡིག་སྒྱུར་བྱ་བ་ཚད་མཐོའི་སྒོ་ནས་ལེགས་འགྲུབ་བྱུང་།
བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣས་ལས་དུས་
འཕར་སྣོན་སྒོས“ཚོགས་ཆེན་གཉིས”ཀྱི་ཡིག་ཆ་བསྒྱུར་བཞིན་པ།
གཙོ་བོ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཡིག་ཆ་དང་། སྲིད་གཞུང་བྱ་བའི་སྙན་ཞུ། ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་རྩ་གནད་གསལ་བཤད། སྲིད་གྲོས་བྱ་བའི་སྙན་ཞུ། གྲོས་གཞི་སྙན་ཞུ། སྲིས་གྲོས་གྲོས་ཚོགས་མཇུག་བསྡུ་བའི་གཏམ་བཤད་སོགས་ཡིག་ཆ12བོད་ཡིག་ཏུ་བསྒྱུར་བར་མ་ཟད། གཞན་ད་དུང《མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས2011ལོར་དམངས་ལ་དངོས་དོན་སུམ་ཅུ་བསྒྲུབ་རྒྱུའི་དམ་བཅའ》དང་སྲིད་གཞུང་སྙན་ཞུའི་འབྲེལ་ཡོད་ཐ་སྙད་གསལ་བཤད་སོགས་བོད་ཡིག་ཏུ་བསྒྱུར་ཞིང་། བསྡོམས་པས་ཡིག་འབྲུ་ཁྲི30ལྷག་ལ་སླེབས་ཡོད།
ཡིག་སྒྱུར་ལས་འགན་ལེགས་འགྲུབ་བྱས་པ་ལས་གཞན། ཚོགས་འདུའི་སྐབས་སུ་ཡིག་སྒྱུར་ཚན་ཆུང་གིས་ཡུལ་དངོས་ནས་སྐད་སྒྱུར་བྱས་ཏེ། ཨུ་ཡོན་དང་འགོ་ཁྲིད་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཡིག་ཆའི་དགོངས་དོན་རྒྱུས་ལོན་བྱེད་པ་དང་། རང་འགན་ལེགས་སྒྲུབ་དང་བསམ་འཆར་འདོན་པར་ཕན་ནུས་ཆེན་པོ་ཐོན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com