མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་བའི་གྲོས་ཚོགས་ཐེངས་དགུ་བ་ཚོགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-02 09:40:00 ཀློག་གྲངས།:


ཚོགས་འདུའི་ཡུལ་དངོས། 

            ཟླ3པའི་ཚེས1ཉིན་གྱི་སྔ་དྲོ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་བའི་གྲོས་ཚོགས་ཐེངས་དགུ་བ་དེ་མཚོ་ལྷོ་ཁུལ་གྱི་ཚོགས་འདུ་ལྟེ་གནས་སུ་ཚོགས་པ་རེད།


རྒྱལ་གླུའི་ཁྲོད་དུ་ཚོགས་འདུ་དངོས་སུ་འགོ་བརྩམས།

            ཚོགས་འདུའི་ལག་བསྟར་ཀྲུའུ་ཞིའམ་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་མེའོ་ཧྲན་ལཱེང་གིས་ཐེངས་འདིའི་ཚོགས་འདུ་ལ་མདོ་འཛིན་མཛད་ཅིང་།  ཀྲུའུ་ཞི་ཚོགས་པའི་ལག་བསྟར་ཀྲུའུ་ཞི་ཏུའུ་ཅེ་དང་། བོན་པོ།  ཧིག་ཡིག་ལུང་།  སྐལ་བཟང་རྡོ་རྗེ།  རྟ་མགྲིན་ཚེ་རིང་དང་།  དེ་མིན་ཁུལ་ཨུ་དང་ཁུལ་སྲིད་གྲོས།  ཁུལ་མི་དམངས་ཁྲིམས་ཁང་།  ཁུལ་མི་དམངས་ཞིབ་དཔྱོད་ཁང་། མཚོ་ལྷོའི་དམག་སྒར་སོགས་ཀྱི་འགོ་ཁྲིད་ཚོགས་ཐོག་ལ་ཞུགས་ཤིང་། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་ལ་ཟུར་ཞུགས་བྱེད་པའི་མཚོ་ལྷོ་ཁུལ་གྱི་ཚབ་བྱེད་མི་སྣ་དང་།  ཁུལ་ཨུའི་འབྲེལ་ཡོད་ལས་ཁུངས་དང་མི་དམངས་ཐུན་ཚོགས་ཀྱི་འགན་ལེན་པ། སྐབས་བཅུ་གཅིག་པའི་ཁུལ་སྲིད་གྲོས་ཨུ་ཡོན་དང་ཟུར་ཞུགས་མི་སྣ།  ཁུལ་མི་དམངས་སྲིད་གཞུང་འབྲེལ་ཡོད་ལས་ཁུངས་དང་།  ཁུལ་གཏོགས་འབྲེལ་ཡོད་ཁེ་ལས་དོན་ལས་ལས་ཁུངས་ཀྱི་འགན་ལེན་པ།  དམངས་གཉེར་ཁེ་ལས་འགན་འཛིན་པ་བཅས་ཚོགས་འདུར་ཟུར་ཞུགས་བྱས་པ་རེད། 


མཚོ་ལྷོ་ཁུལ་ཁུལ་གཙོ་ཀྲང་ཝིན་ཁོས་ཀྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཕུལ་པ།

            ཚོགས་འདུ་ལས་ཁུལ་གཙོ་ཀྲང་ཝིན་ཁོས་ལགས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ་བ་དང་། ཁུལ་གཙོ་གཞོན་པ་འཕགས་པ་ཐར་ལགས་ཀྱིས་ཁུལ་མི་དམངས་སྲིད་གཞུང་གི་མངག་བཅོལ་ལྟར་ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་འཆར་ཟིན་ལ་གསལ་བཤད་བྱས་པ་རེད།  སྲིད་གཞུང་བྱ་བའི་སྙན་ཞུ་ཁག་གསུམ་དུ་དབྱེ་ཡོད་དེ།  དང་པོ།  2010ལོའི་ལས་དོན་ཕྱིར་གཞིག       གཉིས་པ།  2011ལོའི་ལས་འགན་གཙོ་བོ།   གསུམ་པ།  སྲིད་གཞུང་རང་རྐང་གི་འཛུགས་སྐྲུན་ལ་དངོས་གནས་ཤུགས་སྣོན་བྱེད་པ་བཅས་ཡིན།


མཚོ་ལྷོ་ཁུལ་ཁུལ་གཙོ་གཞོན་པ་འཕགས་པ་ཐར་ལགས་ཀྱིས་ལོ་ལྔའི་འཆར་འགོད་
བཅུ་གཉིས་པའི་འཆར་ཟིན་ལ་གསལ་བཤད་བྱེད་པ།

            སྲིད་གཞུང་བྱ་བའི་སྙན་ཞུ་ལས2010ལོའི་མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ཐད་བླངས་པའི་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་ཡོད་པ་མ་ཟད། དེང་ཕྱིན2011ལོའི་སྲིད་གཞུང་བྱ་བའི་སྤྱི་ཁོག་གི་བླང་བྱ་དང་དམིགས་འབེན་ཡང་གསལ་བོར་བསྟན་ཡོད་དེ། སྤྱི་ཁོག་གི་བླང་བྱ་ནི། ཚན་རིག་ལྟར་འཕེལ་བ་བརྗོད་བྱ་གཙོ་བོ་དང་། འཕེལ་རྒྱས་ཀྱི་ཐབས་ལམ་མགྱོགས་པོར་སྒྱུར་བ་གཙོ་ཐིག་ཏུ་འཛིན་པ།  བཅོས་བསྒྱུར་སྒོ་འབྱེད་གྱི་ཤུགས་མཐོར་འདེགས་གཏོང་བ་སྒུལ་ཤུགས་སུ་བཞག་ནས།  “འཕེལ་རྒྱས་བཞི”དང་“ཡུན་རིང་བདེ་འགོད”གྱི་བླང་བྱར་དམིགས་ནས་ནུས་ཤུགས་ཡོད་ཚད་ཀྱིས་“ཞིང་ཕྱུགས་ལས་ཀྱིས་ཁུལ་བརྟན་པོར་གཏོང་བ། བཟོ་ལས་ཀྱིས་ཁུལ་དར་རྒྱས་གཏོང་བ། སྐྱེ་ཁམས་ཀྱིས་ཁུལ་གཞི་རྐང་ཚུགས་པ། གནས་སྐོར་གྱིས་ཁུལ་འབྱོར་ཕྱུག་ཏུ་གཏོང་བ། ཚན་རིག་སློབ་གསོས་ཁུལ་དར་སྤེལ་གཏོང་བ། སྒོ་འབྱེད་ཀྱིས་ཁུལ་གསོན་ཤུགས་རྒྱས་པ། འཆམ་མཐུན་གྱིས་ཁུལ་བདེ་བར་གཏོང་བ”བཅས་འཐབ་ཇུས་བདུན་ལག་བསྟར་བྱས་ནས། བསམ་བློ་བཅིངས་འགྲོལ་དང་། གསར་གཏོད་རྒྱ་སྐྱེད། སྤོབས་པ་ཆེར་སྐྱེད་པ་དང་། མ་དངུལ་གཏོང་བ་དང་འཛད་སྤྱོད་གཉིས་བསྟུད་མར་འཕར་བར་སྐུལ་སྤེལ་བྱེད་པ། ཐོན་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་དང་རིམ་པ་འཕར་བའི་ཚད་མགྱོགས་པོར་བྱེད་པ། རྨང་གཞི་སྒྲིག་ཆས་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་གྱི་ཤུགས་ཆེར་སྐྱེད་པ། གྲོང་ཁྱེར་ཅན་འཛུགས་སྐྲུན་དང་སྤྱི་ཚོགས་བྱ་བཞག་འཕེལ་རྒྱས་ཡར་སྐུལ་བྱེད་པ་སོགས་ཀྱི་ཐད་ནས་ཁྱད་ཆོས་འབུར་ཐོན་དང་གྲུབ་འབྲས་གསར་བ་ལེན་དགོས་ལ། དཔལ་འབྱོར་མགྱོགས་མྱུར་ངང་བསྟུད་མར་འཕར་བ་དང་། དམངས་འཚོའི་བྱ་བ་ལེགས་བཅོས། སྤྱི་ཚོགས་འཆམ་མཐུན་བདེ་འཇགས་སོགས་ལ་ཐད་ཁག་ཐེག་བྱེད་དགོས།   སྤྱིའི་ཆ་ནས་ཕྱོགས་སོ་སོའི་རྒྱུ་རྐྱེན་ལ་བསམ་བློ་བཏང་ཚེ། ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ཐོན་སྐྱེད་སྤྱིའི་ཐོན་འབོར14%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་བརྟན་འཇགས་མ་དངུལ་གཏོང་ཚད12%འཕར་བ། དེའི་ནང་ཁུལ་ཁོངས་གཏོགས་ཀྱི་བརྟན་འཇགས་མ་དངུལ་གཏོང་ཚད25%འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྔོན་རྩིས་ཡོང་སྒོ14%འཕར་བ། གྲོང་ཁྱེར་སྡོད་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་སྒོ25%འཕར་བ། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ12%འཕར་བ། སྤྱི་ཚོགས་འཛད་རྫས་སིལ་འཚོང་གི་སྤྱི་འབོར18%འཕར་བ།  མི་གྲངས་སྤྱིར་བཏང་གི་འཕར་ཚད10‰ནང་དུ་ཚོད་འཛིན་བྱེད་པ་དང་། གྲོང་ཁྱེར་གྱི་ལས་ཤོར་ཐོ་འགོད་ཚད4.2%ནང་དུ་ཚོད་འཛིན་བྱེད་དགོས།


ཚོགས་འདུའི་ཟུར་ཞིག 

            སྙན་ཞུ་ལས་ནན་གྱིས་བསྟན་དོན། ད་ལོར་གཙོ་བོར་བྱ་བ་རྣམ་པ་བདུན་ལེགས་པོར་བསྒྲུབ་དགོས་ཏེ།(གཅིག)སྐྱེ་ཁམས་ཞིང་ཕྱུགས་ལས་རྒྱུན་འཁྱོངས་བྱེད་པ་གཙོ་ཁྲིད་དུ་བཟུང་ནས། ཞིང་ཕྱུགས་ལས་ས་ཁུལ་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་དགོས།  གཅིག་ནས་མགྱོགས་མྱུར་ངང་ཆུ་བེད་གཙོ་ཡིན་པའི་ཞིང་ཕྱུགས་ལས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བྱེད་དགོས། གཉིས་ནས་མགྱོགས་མྱུར་ངང་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ས་ཚིགས་འཛུགས་སྐྲུན་བྱེད་དགོས། གསུམ་ནས་ མགྱོགས་མྱུར་ངང་རྨ་ཆུ་འགྲམ་རྒྱུད་ཀྱི་སྐྱེ་ཁམས་ཞིང་ལས་དཔལ་འབྱོར་ས་ཁུལ་འཛུགས་དགོས། བཞི་ནས་དབུལ་སྐྱོར་དཀའ་སེལ་གྱི་གོམས་སྟོབས་མགྱོགས་པོར་གཏོང་དགོས།  ལྔ་ནས་ཚན་རྩལ་ཞབས་ཞུ་མ་ལག་བཅོས་སྒྱུར་དང་སྒྲིག་གཞི་གསར་གཏོད་མགྱོགས་པོར་བྱེད་དགོས། (གཉིས)མ་དངུལ་བཏང་ནས་ཚུར་འདྲེན་བྱེད་པ་གཙོར་བཟུང་ནས། དཔལ་འབྱོར་ཡོང་སྒོ་འཕར་བའི་མགྱོགས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་དགོས།  གཅིག་ནས་ཤུགས་ཆེན་པོས་རྣམ་གྲངས་གཙོ་བོ་འཛུགས་སྐྲུན་བྱེད་དགོས།  གཉིས་ནས་རྣམ་གྲངས་ལ་མ་དངུལ་གཏོང་བའི་སྒྲིག་གཞི་གསར་གཏོད་རང་བཞིན་གྱིས་འཐུས་ཚང་གཏོང་དགོས། གསུམ་ནས་འཛད་སྤྱོད་ཀྱིས་སྐུལ་ཁྲིད་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས།  (གསུམ) བཟོ་ལས་ཅན་གྱི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ནས།  དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་ཤུགས་མཐོར་འདེགས་གཏོང་དགོས།   གཅིག་ནས་མགྱོགས་མྱུར་ངང་བཟོ་ལས་ར་བ་འཛུགས་སྐྲུན་བྱེད་དགོས། གཉིས་ནས་ བཟོ་ལས་རྣམ་གྲངས་འཛུགས་སྐྲུན་ལེགས་པོར་སྒྲུབ་དགོས།  གསུམ་ནས་བཟོ་ལས་ཀྱི་ཐད་ཚོང་འགུག་དངུལ་འདྲེན་བྱེད་པ་མཐོར་འདེགས་གཏོང་དགོས། བཞི་ནས་  འགན་སྲུང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།  (བཞི) གྲོང་རྡལ་ཅན་དུ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།  ཤུགས་ཆེན་པོས་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱིས་མཐུན་འགྲིག་ངང་གོང་སྤེལ་བྱེད་བའི་ནུས་པ་མཐོར་འདེགས་སུ་གཏོང་དགོས།  གཅིག་ནས་སྒྲིག་གཞི་འཆར་འགོད་དམ་པོར་འཛིན་པར་མཐོང་ཆེན་བྱེད་དགོས།  གཉིས་ནས་གྲོང་ཁུལ་གསར་བ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་དགོས།  གསུམ་ནས་མི་གྲངས་གནས་སྤོ་བྱེད་པར་ཡར་སྐུལ་བྱེད་དགོས།  བཞི་ནས་གྲོང་རྡལ་གྱི་རྨང་གཞི་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་དགོས། ལྔ་ནས་གྲོང་རྡལ་གྱི་ཕྱི་ཡི་བཀོད་པ་འཛུགས་སྐྲུན་བྱེད་པའི་ཆུ་ཚད་ལོ་རེར་མཐོར་འདེགས་ཆེན་པོ་བྱེད་པར་ཡར་སྐུལ་བྱེད་དགོས། དྲུག་ནས་ཞིང་སྡེ་གསར་བ་དང་འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་བྱེད་དགོས། (ལྔ) ཡུལ་སྐོར་ལས་རིགས་ཀྱིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་སྒོས།  དེང་རབས་ཞབས་ཞུའི་ལས་རིགས་གོང་དུ་སྤེལ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།  གཅིག་ནས“ས་ཁུལ་གཅིག་དང་ཡུལ་ཕྱོགས་གཉིས”ཀྱི་ཡུལ་སྐོར་གོང་དུ་སྤེལ་བའི་རྣམ་པ་འཛུགས་དགོས། གཉིས་ནས་ཡུལ་སྐོར་ལས་གཞི་ཆེན་མོ་འཛུགས་སྐྲུན་བྱེད་པ་ལེགས་པོར་འཛིན་དགོས། གསུམ་ནས་ཡུལ་སྐོར་ལས་རིགས་ཀྱི་རིག་གནས་སྤུས་ཀ་མཐོར་འདེགས་སུ་གཏོང་དགོས།  བཞི་ནས་ཚོང་གཉེར་དང་བདག་གཉེར་དྲིལ་བསྒྲགས་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།  ལྔ་ནས་ཞབས་ཞུའི་ལས་རིགས་མགྱོགས་མྱུར་ངང་གོང་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས།  (དྲུག)“རྣམ་པ་གཉིས་ཅན”གྱི་སྤྱི་ཚོགས་འཛུགས་པ་དམིགས་འབེན་དུ་འཛིན་པ་རྒྱུན་འཁྱོངས་སྒོས། རིམ་གྱིས་རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་ནུས་པ་ཇེ་མཐོར་གཏོང་དགོས། གཅིག་ནས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པའི་ཤུགས་ཚད་ཆེ་རུ་གཏོང་དགོས།  གཉིས་ནས་ལྗང་འགྱུར་དཔལ་འབྱོར་གོང་སྤེལ་བྱེད་པར་སྐུལ་འདེད་བྱེད་དགོས།  (བདུན) མི་དམངས་ལ་རོགས་སྐྱོར་དང་མི་དམངས་ཀྱི་འཚོ་བར་གཟིགས་སྐྱོང་བྱེད་པའི་སྲོག་ཤིང་རྒྱུན་འཁྱོངས་སྒོས།  མི་དམངས་ཀྱི་འཚོ་བར་འགན་སྲུང་བྱེད་པའི་ཆུ་ཚད་མཐོར་འདེགས་བྱེད་པར་ཤུགས་སྣོན་དགོས།  གཅིག་ནས་སྤྱི་ཚོགས་སྟེང་ལས་ཞུགས་བྱེད་པར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།  གཉིས་ནས“བདེ་འཇགས་དྲ་བ”བརྟན་པོར་འཛུགས་པ། གསུམ་ནས་མི་དམངས་ཡིད་ཚིམ་པའི་སློབ་གསོ་ལེགས་སྒྲུབ་བྱེད་པ། བཞི་ནས་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་འདེགས་པ། ལྔ་ནས་མི་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པོར་གཏོང་བ། དྲུག་ནས་མི་དམངས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱེད་པ། བདུན་ནས་མི་དམངས་བདེ་སྡོད་ལས་སྤྲོ་ཡོང་བར་འགན་སྲུང་བྱེད་པ། བརྒྱད་ནས་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་དམ་འཛིན་བྱེད་པ།  དགུ་ནས་ཡུལ་ཤུལ་གནོད་ཁུལ་འཛུགས་སྐྲུན་ལ་རྒྱབ་རོགས་བྱེད་པའི་ལས་འགན་ཡོངས་འགྲུབ་བྱེད་དགོས།  སྙན་ཞུ་རུ་ད་དུང་སྲིད་གཞུང་རང་རྐང་གི་འཛུགས་སྐྲུན་དང་།  མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ཀྱང་བསྟན་ཡོད།
            སྙན་ཞུ་རུ་མཇུག་མཐར་ནན་གྱིས་བསྟན་དོན། མདུན་སྐྱོད་ཀྱི་ལམ་གསར་བས་ལས་འགན་གསར་བ་ཞིག་གནང་བ་དང་། དམིགས་འབེན་གསར་བས་རེ་སྨོན་གསར་བ་ཞིག་ཀྱང་བསྟན་ཡོད་ཕྱིན། ང་ཚོས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུའི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག  ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། རང་ཉིད་ལ་ཤུགས་གནོན་དང་། གསར་གཏོད་བརྩོན་ལེན། མཐུན་སྒྲིལ་འབད་འཐབ། དམ་འཛིན་དོན་འཁྱོལ་བཅས་བྱས་ཏེ་ཐེངས་འདིའི་དམངས་ཆེན་གྲོས་ཚོགས་སྟེང་བཀོད་སྒྲིག་གནང་བའི་ལས་འགན་སྣ་ཚོགས་རྒྱལ་ཁའི་ངང་ཡོངས་འགྲུབ་བྱེད་པ་དང་། རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཐོད་བརྒལ་རྣམ་པས་འཕེལ་རྒྱས་དང་བདེ་འཇགས་ཡུན་གནས་ཀྱི་གནས་བབ་གསར་བ་ཞིག་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།