སྲིད་གྲོས་མཚོ་ལྷོ་ཁུལ་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དྲུག་པ་གཟབ་རྒྱས་ངང་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-01 10:04:00 ཀློག་གྲངས།:


ཚོགས་འདུའི་ཡུལ་དངོས།

            ཟླ2ཚེས28ཉིན་གྱི་སྔ་དྲོ་ཆུ་ཚོད9སྟེང་།  ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་མཚོ་ལྷོ་ཁུལ་གྱི་ཚོགས་འདུ་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་པ་རེད།  
            སྲིད་གྲོས་ཀྲུའུ་ཞི་སྐར་མ་རྒྱལ་དང་།  ཚེ་བསོད་རྒྱལ།  རིན་ཅན་མཱིན། མཁའ་མོ་སྐྱིད།  ཀུན་བཟང་པདྨ་རྣམ་རྒྱལ།  གསེར་འོད་སྐྱབས།  ཝིན་ཧྭ་ཁྲོང་སོགས་ཚོགས་འདུ་ལ་ཞུགས་ཤིང་།  མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཏུའུ་ཅེ་དང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་གཙོ་ཀྲང་ཝིན་ཁོས།  མཚོ་ལྷོ་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ཨུའི་ཀྲུའུ་རིན་མེའོ་ཧྲན་ལཱེང་། ད་དུང་ཁུལ་ཨུའི་རྒྱུན་ཨུ་རྣམས་དང་།  ཁུལ་དམངས་འཐུས་ཚོགས་ཆེན་གྱི་ཀྲུའུ་རིན་གཞོན་པ་རྣམས། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་རྣམས།  ཁུལ་མི་དམངས་ཁྲིམས་ཁང་གི་འགོ་གཙོ།  ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་སོགས་ཚོགས་འདུ་ཞུགས་ཤིང་་རྟེན་འབྲེལ་ཞུས་པ་རེད།


རྒྱལ་གླུའི་ཁྲོད་དུ་ཚོགས་འདུ་དངོས་སུ་འགོ་བརྩམས།

            ཐེངས་འདིའི་ཚོགས་འདུའི་གྲོས་གཞི་ནི།  སྐབས་བཅུ་གཅིག་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་།   སྐབས་བཅུ་གཅིག་པའི་ཐེངས་ལྔ་བའི་ཚོགས་ཚུན་གྱི་བྱ་བའི་གནས་ཚུལ་སྙན་ཞུ་ལ་གཟབ་ནན་གྱིས་ཉན་པ་དང་དེར་གྲོས་ཞིབ་བྱེད་པ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཐེངས་དགུ་བའི་ཚོགས་འདུ་ལ་ཟུར་ཞུགས་བྱེད་པ།  མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་།  མཚོ་ལྷོ་ཁུལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་རྩ་གནད་འཆར་གཞི་ཟིན་བྲིས་ཀྱི་གསལ་བཤད་དང་འབྲེལ་ཡོད་བྱ་བ་སྙན་ཞུ་བྱེད་པ།  སྐབས་བཅུ་གཅིག་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཚོགས་ཀྱི་ཐེངས་དྲུག་པའི་ཚོགས་འདུའི་ཆབ་སྲིད་གྲོས་ཆོད་ལ་གྲོས་འཆམ་བྱེད་པ།  སྐབས་བཅུ་གཅིག་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཚོགས་ཀྱི་ཐེངས་དྲུག་པའི་ཚོགས་འདུའི་རྒྱུན་ལས་ཨུ་ཡོན་བྱ་བའི་སྙན་ཞུ་ཡི་གྲོས་ཆོད་ལ་གྲོས་འཆམ་འབྱུང་བ།  སྲིད་གྲོས་སྐབས་བཅུ་གཅིག་པའི་ཐེངས་ལྔ་བའི་ཚོགས་འདུའི་བྱ་བའི་གནས་ཚུལ་སྙན་ཞུའི་གྲོད་ཆོད་ལ་གྲོས་འཆམ་འབྱུང་བ་སོགས་ཡིན།
            སྔ་དྲོ་ཆུ་ཚོད9ཡི་སྟེང་མཚོ་ལྷོ་ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཚེ་བསོད་རྒྱལ་གྱིས་ཐེངས་འདིའི་ཚོགས་འདུ་ལ་མདོ་འཛིན་མཛད་ཅིང་། རྒྱལ་གླུའི་ཁྲོད་དུ་ཚོགས་འདུ་དངོས་སུ་འགོ་བརྩམས། ཚོགས་རར“བསམ་བློ་གཅིག་གྱུར་དང་།  སྟོབས་ཤུགས་གཅིག་བསྡུ། ལོ་ལྔའི་འཆར་འགོད་བཅུ་གཉིས་པ་ལེགས་འགྲུབ་ཡོང་བར་འབད་པ་བྱེད་པ”ཞེས་པའི་འཕྲེད་བྱང་བཀལ་ཡོད།
            མཚོ་ལྷོ་ཁུལ་སྲིད་གྲོས་ཀྲུའུ་ཞི་སྐར་མ་རྒྱལ་གྱིས་སྐབས་བཅུ་གཅིག་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཚོགས་རྒྱུན་ལས་ཨུ་ཡོན་རྣམས་ཀྱི་ཚབ་བྱས་ཏེ་ཚོགས་ཐོག་ཏུ་བྱ་བའི་སྙན་ཞུ་ཕུལ་པ་རེད། 


མཚོ་ལྷོ་ཁུལ་སྲིད་གྲོས་ཀྲུའུ་ཞི་སྐར་མ་རྒྱལ་གྱིས་བྱ་བའི་ཡར་ཞུ་ཕུལ་པ། 

            སྐར་མ་རྒྱལ་གྱིས།  2010ལོ་ནི་དུས་རབས་གསར་བར་བསྐྱོད་པ་ནས་བཟུང་མཚོ་ལྷོ་ཁུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་ཐད་ནས་འབྲས་བུ་ཆེན་པོ་བླངས་བའི་ལོ་ཞིག་ཡིན་ཞིང་།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག     འཕེལ་རྒྱས་དང་།   དམངས་འཚོ།  གཏན་འཇགས།  འཆམ་མཐུན་སོགས་ཀྱི་བྱ་བའི་ཕྱོགས་སུ་ཤུགས་སྣོན་གང་ལེགས་དང་།  ཕྱོགས་ཡོངས་ནས་དཔལ་འབྱོར་དང་།   ཆབ་སྲིད།  རིག་གནས།  སྤྱི་ཚོགས་འཛུགས་སྐྲུན།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན།  ཏང་གི་འཛུགས་སྐྲུན་སོགས་ཀྱི་ཐད་ལ་ཡར་སྐུལ་བྱས་ཏེ།  ལོ་ལྔའི་འཆར་འགོད་བཅུ་གཅིག་པའི་དམིགས་ཡུལ་དང་འོས་འགན་ཡོངས་སུ་ལེགས་འགྲུབ་བྱུང་བའི་ལོ་ཞིག་ཡིན་པ་དང་།  2010ལོ་ནི་ཁུལ་ཡོངས་ཀྱི་སྲིད་གྲོས་བྱ་བཞག་མགྱོགས་མྱུར་སྒོས་འཕེལ་པའི་ལོ་ཞིག་ཀྱང་ཡིན་ལ།   མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་དམ་འཛིན་སྒོས་བཅོས་བསྒྱུར་གསར་གཏོད་ཀྱི་སེམས་ཤུགས་བསྐྱེད་དེ་བྱ་བའི་ལག་ལེན་ལ་སྐུལ་སྤེལ་བྱས་པ།  ད་དུང་གྲ་ལེགས་པའི་ཆབ་སྲིད་གྲོས་མོལ་བྱ་བ་དང་།  ཕན་འབྲས་ཆེ་བའི་དམངས་གཙོ་ལྟ་སྐུལ།  སྲིད་དོན་ལ་ཞུགས་པ་དང་སྲིད་དོན་ལ་གྲོས་ཞིབ་བྱེད་ཚད་མཐོ་རུ་བཏེགས་ཏེ།  འབྲེལ་བ་མཐུན་སྦྱོར་དང་།  སྟོབས་ཤུགས་གཅིག་སྒྲིལ།  བསམ་འཆར་ཡར་ཞུ།  ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པའི་ནུས་ཤུགས་སྔར་ལས་འདོན་སྤེལ་གང་ལེགས་བྱས་པ་རེད་ཞེས་བཤད།  
            སྐར་མ་རྒྱལ་གྱིས་ཕྱོགས་ལྔ་ནས2010ལོའི་སྲིད་གྲོས་བྱ་བར་ཕྱོགས་བསྡོམས་བྱས་པ་ཡིན་ཏེ།  དང་པོ།  ཚན་རིག་གཞུང་ལུགས་རྒྱུན་འཁྱོངས་སྒོས་མི་དམངས་སྲིད་གྲོས་བྱ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་གསར་བ་འདོན་སྤེལ་བྱས་པ།  གཉིས་པ།  ཚན་རིག་འཕེལ་རྒྱས་བྱུང་བ་ལས་འཆར་གཞི་དང་དངོས་ཤུགས་གང་རུང་བསྩལ་ཏེ་སྲིད་དོན་གྲོས་ཞིབ་ལ་བསམ་འཆར་གང་ལེགས་བཏོན་པར་བྱ་འབྲས་བཟང་བོ་བླངས་པ།  གསུམ་པ།  མཐུན་སྒྲིལ་དང་དམངས་གཙོ་བྱ་བར་ཤུགས་བསྣན་ཏེ།  སྤྱི་ཚོགས་བདེ་འཇགས་ཐད་ལ་བྱས་རྗེས་གསར་བ་བཞག་པ།  བཞི་བ།  སྲིད་གྲོས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་བྱས་ཏེ། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་ཐད་ལ་ནུས་ཤུགས་ཆེན་པོ་ཐོབ་པ།  ལྔ་བ།  བྱ་བའི་ལག་ལེན་གསར་གཏོད་ཐད་ལ་སེམས་བསྐྱེད་དེ་རང་རྐང་འཛུགས་སྐྲུན་སྐས་རིམ་གསར་བ་ཞིག་ལ་འཛེགས་པ་བཅས་ཡིན། 
            སྐར་མ་རྒྱལ་གྱིས་བཤད་རྒྱུར།  2011ལོ་ནི་ལོ་ལྔའི་འཆར་འགོད་བཅུ་གཉིས་པ་འགོ་རྩོམ་པའི་ལོ་ཡིན་ལ།  ཚན་རིག་གི་འཕེལ་རྒྱས་ལྟ་བ་ཕྱོགས་ཡོངས་ནས་དངོས་འབེབས་དང་།  དཔལ་འབྱོར་འཕེལ་རྒྱས་བྱ་ཐབས་ཀྱི་འཕོ་འགྱུར་ཇེ་མགྱོགས།  སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་ཡར་སྐུལ་བྱེད་པའི་ལོའང་ཡིན་ཞིང་།  མཚོ་ལྷོ་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་བྱ་བའི་སློབ་སྟོན་དགོངས་དོན་ནི།  ཁུལ་ཨུའི་འགོ་ཁྲིད་འོག     ཚན་རིག་གི་གོང་སྤེལ་ལྟ་བ་གཙིགས་སུ་འཛིན་པ་དང་།  མཐུན་སྒྲིལ་གཏན་འཇགས་བྱ་བ་འོས་འགན་གཙོ་བོ་བྱས་ཏེ།  ལོ་ལྔའི་འཆར་འགོད་བཅུ་གཉིས་པ་དངོས་འབེབས་དང་།  “འཕེལ་རྒྱས་བཞི”ཡར་སྐུལ་བྱེད་པར་འབད་པ་གང་ལེགས་བྱེད་དགོས་པར་བསྟན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།