མཚོ་ལྷོ་ཁུལ་གྱིས་ལས་བྱེད་སྟོང་གཅིག་སྐོང་འཐེན་སྒོས་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:རྡོ་རྗེ་རབ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-02-20 10:49:00 ཀློག་གྲངས།:
        ཉེ་ཆར། མཚོ་ལྷོ་ཁུལ་གྱིས་《ལས་བྱེད་སྟོང་གཅིག་སྐོང་འཐེན་སྒོས་གཞི་རིམ་དུ་ཀྲུང་དབྱང་དང་ཞིང་ཆེན་གྱི་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་སྐོར་གྱི་བརྡ་སྦྱོར》བཏང་ཞིང་། སྐོང་འཐེན་བྱས་པའི་ལས་བྱེད་དག་ལ་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱ་འགུལ་སྤེལ་འགོ་བརྩམས་པ་རེད།
        ཐེངས་འདིའི་སྒྲོག་འགྲེལ་ལ་གཙོ་བོ་རྫོང་ཁག་སོ་སོ་དང་ལས་ཁུངས་སོ་སོ་ནས་བསམ་བློའི་གོ་རྟོགས་མཐོ་ཞིང་ཆབ་སྲིད་གཞུང་ལུགས་ཀྱི་ཆུ་ཚད་ངེས་ཅན་ལྡན་པའི་རྐང་འཛིན་ལས་བྱེད1000སྐོང་འཐེན་བྱས་ཡོད། ཁུལ་རིམ་པའི་ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཁག73ནས་ལས་བྱེད146སྐོང་འཐེན་བྱས་ཡོད། རྫོང་རིམ་པའི་ལས་བྱེད་དང་བཅས་པ་ཁུལ་ཡོངས་ཀྱི་རྫོང་ལྔའི་སྡེ་བ424ལ་ཁྱབས་ཡོད་པ་རེད།
        ཀྲུང་དབྱང་དང་ཞིང་ཆེན་གྱི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་ལ་ཕན་འབྲས་ལེགས་པོ་ཞིག་ཐོབ་ཆེད། མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས《ཡིག་ཆ་ཨང་དང་པོའི་སྒྲོག་འགྲེལ་རྩ་གནད》ཅེས་པ་དུས་ཐོག་ཏུ་བོད་ཡིག་ཏུ་བསྒྱུར་ཏེ། ལས་བྱེད་དག་གིས་བོད་སྐད་ཀྱིས་སྒྲོག་འགྲེལ་བྱེད་པ་དང་རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཀྱིས་ཡིག་ཆའི་དགོངས་དོན་ལ་གོ་བ་གཏིང་ཟབ་པར་ལོན་པར་མཐུན་རྐྱེན་ལེགས་པོ་བསྐྲུན་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།