མཚོ་ལྷོ་ཁུལ་གྱི་བགྲེས་པོ9180ཡིས་རྒས་འཁོགས་གསབ་དངུལ་རེག་པ།

རྩོམ་པ་པོ།:རྡོ་རྗེ་རབ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-01-26 09:47:00 ཀློག་གྲངས།:
        ལོ་སར་སླེབས་ལ་ཉེ་བའི་སྐབས་འདིར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བགྲེས་པོ9180ཡིས་མཐོ་སྒང་རྒས་འཁོགས་གསབ་དངུལ་རེག་པ་རེད། རྒས་འཁོགས་གསབ་དངུལ་སྲིད་ཇུས་འདི་ནི་མཚོ་ལྷོ་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་གྱི་རྒས་འཁོགས་གསབ་དངུལ་ལམ་ལུགས་གཞི་རྩ་བྱས་ཐོག  གསར་དུ་བཟོས་པའི་ཕན་བདེའི་ལམ་ལུགས་ཤིག་ཡིན་ཞིང་། ས་གནས་དེ་གའི་ལོ་ལོན་རྒན་པ་རྣམས་ཀྱིས་བསྔགས་པའི་གནས་སུ་གྱུར་འདུག
         མཚོ་ལྷོ་ཁུལ་གྱིས་གྲོང་ཞང་གི་རྒན་གསོ་འགན་སྲུང་ལམ་ལུགས་སྔར་ལས་ལྷག་པར་འཐུས་ཚང་དུ་གཏོང་བ་དང་། རྒས་འཁོགས་རྣམས་ཀྱི་འཚོ་བ་དང་བདེ་ཐང་ཆ་རྐྱེན་ལེགས་བཅོས་བྱ་ཆེད། བྱེ་བྲག་རང་བཞིན་གྱི་བགྲེས་པོར་ཕན་བདེ་སྐྲུན་པ་དེ་སྤྱི་ཁྱབས་རང་བཞིན་གྱི་སྤྱི་ཚོགས་ཕན་བདེ་སྐྲུན་པའི་ཕྱོགས་སུ་འཕོ་འགྱུར་བཏང་ཡོད་དེ། མཚོ་ལྷོའི་ཁྱིམ་ཐོ་ཡོད་པའི་ལོ80ཡན་གྱི་རྒས་འཁོགས་ཡོངས་རྫོགས་ཀྱིས་རེག་ཐུབ་པ་མ་ཟད། མཚོ་བབ་རྨིད3300ཡན་དུ་སྡོད་པའི་ལོ70ནས79བར་གྱི་རྒན་པ་རྣམས་ཀྱང་གསབ་དངུལ་ལོངས་སྤྱོད་ཀྱི་ཁུངས་སུ་བཞག་འདུག
        རྒྱུས་ལོན་བྱས་པ་ལྟར་ན། མཚོ་ལྷོ་ཁུལ་གྱིས་རྒས་འཁོགས་གསབ་དངུལ་སྲིད་ཇུས་འདི2010ལོའི་ཟླ9བ་ནས་ལག་བསྟར་འགོ་བརྩམས་པ་ཡིན་ཞིང་། དངུལ་ཁང་གི་དངུལ་བྱང་སྤྲད་དེ་ཟླ་བ་རེ་རེ་བཞིན་སྟེར་གྱིན་ཡོད་པ་རེད།  


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།