
སྤྱི་ཟླ1པོའི་ཚེས7ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་དེ་མཚོ་ལྷོ་ཁུལ་གྲོས་ཚོགས་ལྟེ་གནས་སུ་བསྡུས་ཤིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀུན་བཟང་དང་། ཀྲུའུ་ཞི་གཞོན་པ་ལིན་ཅི་ཀྲུང་། རེན་ཅན་མེན། ཀུན་བཟང་པདྨ་རྣམ་རྒྱལ། བློ་གསལ་རྒྱ་མཚོ། ཁྲེན་ཀྲེན་ཆིན་རྣམས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་ནས་བཞུགས་ལ། ལིན་ཅི་ཀྲུང་གིས་ཚོགས་ཆེན་ལ་མདོ་འཛིན་མཛད། ཞུགས་འོས་པའི་ཨུ་ཡོན250དང་དངོས་ཞུགས་ཨུ་ཡོན191ཡིན་ལ། གཏན་འཁེལ་གྱི་མི་གྲངས་དང་མཐུན།

ད་དུང་གདན་ཞུ་བྱས་ཏེ་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པ་ནི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་བསོད་ནམས་དོན་འགྲུབ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝེ་ཞིན་ཧྭ། ལི་ཐིན་ཞང་། ཁུལ་ཨུའི་རྒྱུན་ཨུ་སོ་སོ་དང་ཁུལ་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སོ་སོ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་བཅས་ཡིན་ལ། ཁུལ་ཨུའི་པུའུ་ཨུ་སོ་སོ་དང་ཞིང་ཆེན་གྱི་ཆབ་ཆར་སྡོད་པའི་ལས་ཁུངས་སོ་སོའི་འགན་ཁུར་བ་གཙོ་བོ་བཅས་མི47གྲོས་ཚོགས་ལ་ཟུར་ཞུགས་བྱས།
གྲོས་ཚོགས་ལ་ཐོག་མར་མཚོ་ལྷོ་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་རིམ་ལ་གྲོས་ཞིབ་དང་། ཀྲུང་དབྱང་གི་སྲིད་གྲོས་བྱ་བའི་གྲོས་ཚོགས་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར70ལོན་པའི་ཚོགས་ཆེན་གྱི་སྙིང་སྟོབས་སློབ་སྦྱོང་བྱས།
མཚོ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀུན་བཟང་གིས་ཁུལ་སྲིད་གྲོས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ།

ཐོག་མར་ཁོང་གིས་བསྟན་དོན། 2019ལོ་ནི་ཏང་དང་རྒྱལ་ཁབ་ལ་མཚོན་ན་དོན་དག་ལག་ཆེན་མང་ཞིང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན་ལ། རང་སྐྱོང་ཁུལ་ལ་མཚོན་ན་བཀྲ་ཤིས་པའི་དོན་བཟང་མང་ཞིང་གྲུབ་འབྲས་གཡུར་དུ་ཟ་བའི་ལོ་ཞིག་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བ་དང་། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ70འཁོར་བའི་སྐབས་འདིར། ཏང་ཀྲུང་དབྱང་གིས་སྲིད་གྲོས་ལས་དོན་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་པ་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལོ་གཅིག་རིང་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་ནས། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས། རྩ་དོན་དང་བླང་བྱ་སོགས་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་པ་དང་འགན་འཁྲི་གསར་པར་དམིགས་ནས། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ལ་ཤུགས་སྣོན་པ་ཕན་ཚུན་འབྲེལ་མཐུད་དང་། ཐབས་འདོན་སྲིད་སྐྱོང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བཅས་ཕྱོགས་གཉིས་ནས་ཤུགས་འདོན་པའི་གོ་རིམ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་། རང་སྐྱོང་ཁུལ་གྱི་ལས་དོན་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ། མཚོ་ལྷོ་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་ཐོན་ལས་གཅིག་སྡུད་འཕེལ་རྒྱས་སྔོན་སྐྱོད་ཁུལ་དུ་བསྐྲུན་རྒྱུར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

2019ལོར་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱིས་གཙོ་བོ་གཤམ་གསལ་ཕྱོགས་དྲུག་གི་ལས་དོན་སྤེལ་བ་ཡིན་ཏེ། 1.ལས་འགན་གཏན་འཁེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་དེ་བས་བརྟན་དུ་བཏང་བ། 2.འགན་འཁྲི་འཁུར་ཕོད་པ་དང་ལས་དོན་སྒྲུབ་ནུས་པ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་ནས་ཤུགས་འདོན་པའི་གོ་རིམ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ། 3.ལྟེ་བར་དམ་པོར་དམིགས་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་སྔར་བས་གཡུར་དུ་ཟ་བ་ཐོབ་པ། 4.སེམས་ནུས་གཅིག་སྒྲིལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་རྣམ་པ་སྔར་བས་སྟུག་པོ་ཆགས་པ། 5.དམངས་ཀྱི་དོན་དུ་འགན་ནུས་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ་དམངས་འཚོ་ལེགས་སུ་གཏོང་བའི་ཕན་འབྲས་སྔར་བས་མངོན་གསལ་དོད་པོ་ཐོན་པ། 6.གཞི་རྩ་བརྟན་པོར་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་བྱ་གཞག་གསར་གཏོད་ཀྱི་ནང་གནས་སྒུལ་ཤུགས་སྔེ་བས་ཆེ་རུ་ཕྱིན་པ།
2020ལོའི་བྱ་བའི་ལས་འགན།2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང“ལྔའི་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན་ལ། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྤྱིའི་བསམ་ཕྱོགས་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱས་ཐོག དུས་རབས་གསར་པའི་མི་དམངས་སྲིད་གྲོས་བྱ་བའི་ཁ་ཕྱོགས་གསར་པ་དང་། འགན་འཁྲི་གསར་པ། བླང་བྱ་གསར་པ་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞིང་ཆེན་སྲིད་གྲོས་ཀྱི་ཞིབ་ཕྲའི་མཛུབ་ཁྲིད་འོག“སྔོན་སྐྱོད་ཁུལ་གཉིས”ཀྱི་འཛུགས་སྐྲུན་ལ་དམིགས་པ་དང་། མཐུན་སྒྲིལ་དང་དམངས་གཙོ་ཞེས་པའི་བརྗོད་བྱ་ཆེན་པོ་གཉིས་དམ་འཛིན་བྱས་ནས། ཆབ་སྲིད་གྲོས་མོལ་དང་། དམངས་གཙོས་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལྷག་བསམ་རྣམ་དག་གིས་བསྒྲུབས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་བླང་བྱ་དངོས་འབེབས་ཏན་ཏིག་དང་། རང་སྐྱོང་ཁུལ་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གོང་བུར་འགྲིལ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏན་ཏིག་ཏིག་གིས་འཁུར་རྒྱུ་དེ་ཡིན། གོང་གསལ་གྱི་དམིགས་ཚད་ལ་དམིགས་ཏེ་ཕྱོགས་བཞིའི་ཐད་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་བསྒྲུབ་དགོས་པ་སྟེ། 1.རྩ་དོན་གཅིག་ལ་བརྩི་སྲུང་ནན་པོ་བྱས་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ། 2.ཤུགས་འདོན་པ་རྒྱུན་འཁྱོངས་བྱས་ཏེ་ལྟེ་གནས་དང་སྤྱི་ཡོངས་ལ་ཞབས་ཞུ་སྒྲུབ་པའི་ཁ་ཕྱོགས་མི་ནོར་བ། 3.མཐོང་ཆེན་གསུམ་གྱི་ནུས་པ་འདོན་སྤེལ་བྱས་ནས་མཐུན་སྒྲིལ་མཉམ་འབྲེལ་སྲ་བརྟན་དུ་གཏོང་དགོས། 4.གཙོ་གནད་བཞི་འབུར་དུ་ཐོན་པར་བྱས་ཏེ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྷོད་གཡེང་མི་བྱེད་པ།

འགན་འཁྲི་ཕྲག་ཏུ་འཁུར་རྒྱུ་ནི་གཟི་བརྗིད་ལྡན་པ་ཞིག་ཡིན་ལ། འགན་ནུས་ལག་ཏུ་བསྟར་ནས་བྱས་རྗེས་འཇོག་རྒྱུ་ནི་དེ་བས་གཟི་བརྗིད་ལྡན་པ་ཞིག་ཡིན་པས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་པ་དང་འགན་འཁྲི་གསར་པ་ཁོང་དུ་ཡང་དག་པར་ཆུད་པ་བྱས་ཐོག ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པ་དང་། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་ཐོན་ལས་གཅིག་སྡུད་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུའི་སྟེང་མི་དམངས་སྲིད་གྲོས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་མུ་མཐུད་དུ་རྩོམ་དགོས།