ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > ༄༅།།ཚོགས་ཆེན་གཉིས་ཀྱི་གྲོས་བསྡུར་ཚ་ཤོས།“འགན་སྲུང་དྲུག”དངོས་འབེབས་བྱས་ཏེ་དཔལ་འབྱོར་གཏན་འཇགས་བྱེད་པ།
༄༅།།ཚོགས་ཆེན་གཉིས་ཀྱི་གྲོས་བསྡུར་ཚ་ཤོས།“འགན་སྲུང་དྲུག”དངོས་འབེབས་བྱས་ཏེ་དཔལ་འབྱོར་གཏན་འཇགས་བྱེད་པ།
རྩོམ་པ་པོ།:ངེད་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-05-29 10:40:44
ཀློག་གྲངས།:
ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུ་ལས་བསྟན་དོན། “འགན་སྲུང་དྲུག”ནི་ད་ལོར“གཏན་འཇགས་དྲུག”བྱ་བའི་གཞི་ཚུགས་ས་ཡིན་ཞིང་། “འགན་སྲུང་དྲུག”གི་ཚད་མཐའ་སྲུང་ན། དཔལ་འབྱོར་གྱི་གཞི་རྩ་བརྟན་པར་བྱེད་ཐུབ་པ་དང་། འགན་སྲུང་གིས་གཏན་འཇགས་ལ་སྐུལ་སྤེལ་དང་གཏན་འཇགས་ཁྲོད་ཡར་རྒྱུས་བྱུང་ན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྨང་གཞི་སྲ་བརྟན་དུ་གཏོང་ཐུབ།
སྡོད་དམངས་ཀྱི་ལས་ཞུགས་ལ་འགན་སྲུང་བྱེད་པ།
གཙོ་གནད་ལས་རིགས་དང་གཙོ་གནད་མང་ཚོགས་ཀྱི་ལས་ཞུགས་བྱ་བར་དམ་འཛིན་སྒོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བཟུང་བ་དང་། ལས་ཞུགས་ཀྱི་གནས་སྟངས་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས། ད་ལོའི་ཟླ2པ་ནས་ཟླ3པར། རང་རྒྱལ་སྤྱི་ཚོགས་འགན་སྲུང་གིས་ཁེ་ལས་ལ་རོགས་རམ་བྱེད་པའི“རྩ་ཡང་འཕྲི་འགྱངས”བྱ་འགུལ་གྱིས་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྒོར་དུང་ཕྱུར2329རྩ་ཡང་ཉུང་འཕྲི་དང་སྒོར་དུང་ཕྱུར286འགྱངས་སྤྲོད་བྱས། ཟླ4བའི་ཚེས16བར། བསྡོམས་པས“གནས་ནས་གནས”སུ་གླ་རྒྱག་ཞིང་བ་ཁྲི590ལ་ཉེ་བ་འདྲུད་སྐྱེལ་བྱས། ད་ལོར། རང་རྒྱལ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཁྲི874ལ་སླེབས་ངེས་པ་དང་། ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཟིན་ཐོ་བསྐྲུན།
གཞི་རྩའི་དམངས་འཚོ་འགན་སྲུང་བྱེད་པ།
དངོས་གནས་དམངས་འཚོའི་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་སྟེ། དམངས་འཚོའི་ཚད་མཐའ་སྲུང་ཐུབ་དགོས། ཡོང་འབབ་དམའ་བའི་མང་ཚོགས་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། 2020ལོའི་ཟླ3པ་ནས་ཟླ6པའི་བར། ཟླ་རེའི་རིན་གོང་གི་གནས་སྐབས་ཁ་གསབ་ཚད་གཞི་ལྡབ1མཐོ་རུ་བཏང་སྟེ་གནང་རྒྱུ་དང་། རིན་གོང་གསབ་དངུལ་མཉམ་འགུལ་ལམ་སྲོལ་གྱི་སྔར་ཡོད་འགན་སྲུང་བྱ་ཡུལ་གྱི་རྨང་གཞིའི་སྟེང་། དྭ་ཕྲུག་དང་། དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ། ལས་ཤོར་ཁ་གསབ་རོགས་དངུལ་ལེན་མཁན་བཅས་ཀྱང་འགན་ལེན་ཁྱབ་ཁོངས་སུ་འཇོག་པ་དང་། ཐོག་མའི་ཚོད་རྩིས་ལྟར་ན་མི་ཁྲི་800ལྷག་གསར་སྣོན་བྱ་ངེས།
ཚོང་རའི་གཙོ་གཞི་འགན་སྲུང་བྱེད་པ།
ཁེ་ལས་ཆུང་འབྲིང་དཀའ་ངལ་ལས་སྒྲོལ་བར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁེ་ལས་ཆུང་འབྲིང་གི་འཚོ་གནས་དང་འཕེལ་རྒྱས་ཀྱི་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས། ད་ལོའི་དུས་ཚིགས་དང་པོར། རྒྱལ་ཡོངས་སུ་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར7428ཁྲལ་ཉུང་རིན་ཆག་ཏུ་བཏང་ཡོད་ཅིང་། དེའི་ཁྲོད། ད་ལོར་གསར་དུ་བཏོན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ཀྱི་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར3182མང་དུ་བཏང་།
འབྲུ་རིགས་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པ།
འབྲུ་རིགས་ཐོན་སྐྱེད་བརྟན་པོ་ཡོང་བ་གཙོ་བོར་བཟུང་སྟེ། སོལ་གློག་སྣུམ་རླངས་བདེ་འཇགས་དང་བརྟན་པོའི་ངང་མཁོ་འདོན་བྱེད་ཐུབ་དགོས། ཟླ5བའི་ཚེས5ཉིན་བར། རྒྱལ་ཡོངས་ཀྱི་སྔ་སྨིན་འབྲས་བཏབ་ཟིན་པ་དང་། བར་སྨིན་འབྲས་འདེབས་འཛུགས12%དང་། དཔྱིད་འདེབས་མ་རྨོས་ལོ་ཏོག63.8%འདེབས་འཛུགས་བྱས་ཤིང་། འཕེལ་རྒྱས་མགྱོགས་ལ་མྱུ་གུ་འབུས་པ་བཟང་བས། འབྲུ་རིགས་ལོ་ལེགས་ཡོང་བར་རྨང་གཞི་ལེགས་པོ་བཏང་། རླངས་གསོག་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རང་བྱུང་སོལ་རླངས་ཀྱི་གསོག་འཇོག་ནུས་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ནུས་ཁུངས་ཅུས་ཀྱིས་རང་རྟོགས་སྒོས་རང་བྱུང་སོལ་རླངས་དང་། གློག་ཤུགས། རྡོ་སོལ་སོགས་ནུས་ཁུངས་སྣ་ཚོགས་མཉམ་སྲུང་མཉམ་འདོན་བྱེད་པར་སྐུལ་སྤེལ་བྱས།
ཐོན་ལས་ཕྲེང་སྦྲེལ་དང་མཁོ་འདོན་ཕྲེང་སྦྲེལ་གཏན་འཇགས་ཡོང་བར་འགན་སྲུང་བྱེད་པ།
ཐོན་ལས་ཕྲེང་སྦྲེལ་དང་མཁོ་འདོན་ཕྲེང་སྦྲེལ་འགན་སྲུང་བྱེད་དགོས་ཤིང་། ཚད་ངེས་ཅན་ཞིག་གི་སྟེང་ནས་ཁེ་ལས་ཀྱི་ཐོན་སྐྱེད་འགན་སྲུང་བྱེད་པ་དང་ཀྲུང་གོའི་བཟོ་སྐྲུན་གཏན་འཇགས་སུ་གཏོང་བ་ཡིན། ཟླ5བའི་ཚེས18ཉིན་བར། རྒྱལ་ཡོངས་གཞི་ཁྱོན་ཡན་གྱི་བཟོ་ལས་དང་ཁེ་ལས་ཀྱི་ཆ་སྙོམས་ལས་མགོ་ཚུགས་ཚད་དང་ལས་བཟོ་བའི་ལས་གནས་བསྐྱར་གསོ་ཚད་སོ་སོར99.1%དང95.4%ཟིན་པ་དང་། གཞི་རྩའི་སྟེང་རྒྱུན་ལྡན་གྱི་ཆུ་ཚད་དུ་སླར་གསོ་བྱུང་ཡོད། རྒྱལ་ཡོངས་ཁེ་ལས་ཆུང་འབྲིང་གི་ལས་གནས་བསྐྱར་གསོ་ཚད་ཀྱང91%ཟིན།
གཞི་རིམ་གྱི་འཁོར་བསྐྱོད་འགན་སྲུང་བྱེད་པ།
གཞི་རིམ་གྱི་སྤྱི་པའི་ཞབས་ཞུ་འགན་སྲུང་བྱེད་པ་དང་། ནོར་སྲིད་ཀྱི་མ་དངུལ་བེད་སྤྱོད་ལས་ཆོད་མཐོར་འདེགས་སུ་གཏོང་དགོས། ན་ནིང་དུས་ཚིགས་བཞི་བར་དུས་སྔོན་སྒོར་དུང་ཕྱུར་ཁྲི6.1སྤོ་སྤྲོད་བྱས་པའི་རྨང་གཞིའི་སྟེང་། ད་ལོ་ནས་བཟུང་དོ་སྙོམས་རང་བཞིན་གྱི་སྤོ་སྤྲོད་སྒོར་དུང་ཕྱུར700དང་། རྫོང་རིམ་པའི་གཞི་རྩའི་ནོར་ཤུགས་འགན་སྲུང་རྐྱེན་སྲོལ་གྱི་བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར406སྔོན་སྤྲོད་བྱས་ཏེ། ས་གནས་ནོར་སྲིད་ཀྱི་འགྲོ་གྲོན་འགན་སྲུང་ནུས་ཤུགས་ཆེ་རུ་གཏོང་དགོས།

ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས་ཏེ་བསྒྱུར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།