༄༅།།ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཁེར་སྤྱོད་སྲོལ་ཡིག་ཐོག་མ་ཟླ7པའི་ཚེས1ཉིན་ལག་བསྟར་བྱས། 

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-07-06 17:20:41 ཀློག་གྲངས།:
སྤྱི་ལོ2020ལོའི་ཟླ7པའི་ཚེས1ཉིན་ལག་བསྟར་བྱས་པའི《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྲོལ་ཡིག》ནི་ཞིང་ཆེན་ཡོངས་ནས་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ཕྱོགས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བཅའ་ཁྲིམས་ཐོག་མ་ཡིན་ལ། སྲོལ་ཡིག་གཏན་འབེབས་བྱས་པ་འདི་ནི་མཚོ་ནུབ་ཁུལ་གྱི་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་བྱ་བ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་དུ་གོམ་ཁ་བསྒྱུར་བ་མཚོན།  
ཁེ་ལས་ཆུང་འབྲིང་ནི་མཚོ་ནུབ་ཁུལ་གྱི་དམངས་ཁྲོད་ཀྱི་མ་དངུལ་འཇོག་པ་དང་རང་བདག་གསར་སྐྲུན་གྱི་མ་ལག་གལ་ཆེན་ཞིག་ཡིན་ལ། མཚོ་ནུབ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད། སྤྱི་ལོ2018ལོར་རྒྱལ་ཁབ་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་སྐུལ་འདེད་བཅའ་ཁྲིམས་ལག་བསྟར་བྱས་པའི་ཚུན་ལ། མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔ་གཞུག་ཏུ་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ། མཚོ་ནུབ་ཁུལ་གྱི་ཁེ་ལས་ཆུང་འབྲིང་རིམ་བཞིན་སྟོབས་ལྡན་དུ་འགྱུར་བར་སྐུལ་འདེད་བྱས། ཡིན་ཡང་ཁྲིམས་མཐུན་དངུལ་བསྡུ་དང་། ཚན་རྩལ་གསར་སྤེལ། འཇོན་མི་གསོག་འཇོག་སོགས་ཀྱི་ཐད་ནས་བཅའ་ཁྲིམས་ཀྱི་རོགས་འདེགས་ལ་བརྟེན་དགོས་ཕྱིར། མཚོ་ནུབ་ཁུལ་གྱིས་ས་གནས་ཀྱི་ཁྲིམས་འཛུགས་རྣམ་པའི་སྒོ་ནས་ཁུལ་ཡོངས་ཀྱི་ཁེ་ལས་ཆུང་འབྲིང་གི་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་བྱས། 
《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་སྲོལ་ཡིག》ལ་སྡོམ་པས་དོན་ཚན་སོ་གཉིས་ཡོད་ལ།ནང་དོན་གཙོ་བོ་ནི་མཚོ་ནུབ་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་ཆུང་འབྲིང་གི་བྱ་བའི་འགན་ནུས་ལ་ཞབས་རོགས་བྱེད་པ་དང་། འཚོང་གཉེར་ཁོར་ཡུག་ལེགས་བཅོས་བཏང་སྟེ། ཁེ་ལས་ཆུང་འབྲིང་བདེ་ཐང་གི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་རྒྱུ་དེ་རེད། 
《སྲོལ་ཡིག》ཏུ་འདྲ་མཉམ་དྲང་གཞག་གི་རྩ་དོན་ལྟར། ཞིབ་བཤེར་ཆོག་མཆན་ནས་སྲིད་ཇུས་དངོས་འབེབས་དང་། མ་དངུལ་རྒྱབ་སྐྱོར། ཁྲིམས་སྐྱོང་འགན་སྲུང་སོགས་ཀྱི་ཐད་ནས་རྩ་དོན་གསལ་བོ་བྱས་ཏེ། དབང་ཆ་འདྲ་མཉམ་དང་གོ་སྐབས་འདྲ་མཉམ། རྩ་དོན་འདྲ་མཉམ་བཅས་བྱས་ཡོད། 
《སྲོལ་ཡིག》ཏུ་སྐྱེ་ཁམས་དམིགས་བསལ་དང་ཚན་རྩལ་གསར་སྤེལ། ལྗང་མདོག་འཕེལ་རྒྱས་བཅས་ཀྱི་འདུ་ཤེས་གལ་ཆེན་འབུར་ཐོན་བྱས་ཤིང་། ཁེ་ལས་ཆུང་འབྲིང་གིས་ཚྭ་འདམ་རྒྱལ་ཁབ་རིམ་པའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་བརྟེན་ནས་བྱ་བར་སྐུལ་འདེད་དང་རྒྱབ་རོགས་བྱས་ཏེ། མཐོ་རིམ་ལག་རྩལ་ཐོན་ལས་དང་། འཐབ་ཇུས་རང་བཞིན་གྱི་ཐོན་ལས། དེང་རབས་ཞབས་ཕྱིའི་ལས་རིགས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ཡོད་པར་མ་ཟད།  ཐོན་ལས་ཀྱི་མུ་རྒྱུན་བསྲིང་ནས་འཁོར་རྒྱུག་དཔལ་འབྱོལ་འཕེལ་རྒྱས་ལ་ཡར་སྐུལ་བྱས། 
《སྲོལ་ཡིག》གིས་ཁྲིམས་ལྟར་འཚོང་གཉེར་དང་དང་ཁ་དན་ཚིག་ལ་གནས་པའི་འདུ་ཤེས་ཀྱི་འཚོང་གཉེར་བྱེད་སྟངས་འབུར་དུ་བཏོན་སྟེ། ཁ་གསབ་རོགས་དངུལ་དང་མ་དངུལ་འཁོར་རྒྱུག་གི་དངུལ་བུན། མཉམ་ལས་འཕེལ་རྒྱས་དང་གཞི་ཁྱོན་རྒྱ་བསྐྱེད་པ། ཁྲོམ་ར་གསར་སྤེལ་སོགས་ཀྱི་ཕྱོགས་ནས་ཁེ་ལས་ཆུང་འབྲིང་ལ་རོགས་སྐྱོར་བྱས་བྱེད་པ་གསལ་བོར་བསྟན་ཡོད།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།