༄༅།།2021ལོའི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་བྱ་བའི་སྙན་ཞུའི་གནད་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2021-02-02 09:33:11 ཀློག་གྲངས།:
2021ལོའི་ཟླ1པོའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པ་ཟི་ལིང་དུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ་བ་རེད། 
དང་པོ།  2020ལོའི་བྱ་བར་ཕྱིར་མིག་ལྟ་བ།
ལོ་ཧྲིལ་བོར་ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར1.5%འཕར་བ།
ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ5.6%འཕར་བ།
ཤང་གྲོང་གི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ6.3%འཕར་བ།
མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱེད་ཚད2.1%ཡིན་པ།
སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་འཕར་ཚད2.6%ཏུ་ཚོད་འཛིན་བྱས་པ།
1.ནུས་ཤུགས་ཡོད་རྒུས་རིམས་འགོག་དམག་འཐབ་བརྒྱབ་པ།
ཟླ་གཅིག་ནང་ནད་རྟགས་ཐག་བཅད་པའི་ནད་པ་རྣམས་སྨན་བཅོས་བྱས་ཏེ་སྨན་ཁང་ལས་བུད་པ།
ཟླ་གཉིས་ནང་རྒྱུན་རྣམ་ཅན་གྱི་འགོག་སྡོམ་བྱེད་པར་བསྒྱུར་བ།
རྒྱལ་ཡོངས་ཀྱི་སྔོན་གྲས་སུ་གཙང་སེལ་ལྔ་མངོན་འགྱུར་བྱས་པ།
ཧུའུ་པའེ་ལ་སྨན་བཅོས་རོགས་སྐྱོར་བྱེད་པའི་ལས་འགན་ལེགས་འགྲུབ་བྱས་ཏེ་རྒྱལ་ཡོངས་ཀྱི་རིམས་འགོག་དམག་འཐབ་ལ་མཚོ་སྔོན་གྱི་བྱས་རྗེས་བཞག་པ།
གསོན་ཉམས་ལྡན་པའི་སྒོ་ནས་རླབས་ཆེ་བའི་རིམས་འགོག་སྙིང་སྟོབས་ལ་འགྲེལ་བཤད་གནང་ནས་མཐོ་སྒང་གི་བུ་བུ་མོའི་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས། སྟོབས་ཤུགས་གཅིག་སྒྲིལ། དཀའ་ངལ་མཉམ་སེལ་གྱི་སྙིང་སྟོབས་མངོན་པར་མཚོན་པ།
2.དཔལ་འབྱོར་སྒྲིག་ལམ་སྔ་མོ་ནས་བསྐྱར་གསོ་བྱས་པ།
རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ལས་ཐོན་སླར་གསོ་བྱས་པ།
རིགས་སོ་སོའི་ཁྲོམ་རའི་ཚོང་གཉེར་བ་ལ་ཁེ་ཕན་སྒོར་དུང་ཕྱུར85བསྩལ་པ།
རིགས་སོ་སོའི་ཁྲོམ་རའི་ཚོང་གཉེར་བ་གཙོ་བོ11.6%འཕར་བ།
གཙོ་གནད་ལས་གཞི190སྐྲུན་མགོ་བརྩམས་པ་དང་མཐུད་སྐྲུན་བྱས་པ།
ཞིང་ཕྱུགས་ལས་ལ་ལོ་ལེགས་བྱུང་ནས4.5%འཕར་བ།
3.དབུལ་སྒྲོལ་གྱི་གྲུབ་འབྲས་བསྟུད་མར་བརྟན་སྲུང་བྱས་པ།
རྗེས་མཐུད་བརྟན་སྲུང་འགུལ་སྐྱོད་ཆེན་མོ་དགུ་ལག་བསྟར་བྱས་པ།
ཐོན་ལས་དབུལ་སྐྱོར་དང་འཛད་སྤྱོད་དབུལ་སྐྱོར། སློབ་གསོའི་དབུལ་སྐྱོར།། བདེ་ཐང་དབུལ་སྐྱོར། བསམ་པའི་དབུལ་སྐྱོར་བཅས་མཉམ་དུ་སྐུལ་འདེད་བཏང་བ།
དབུལ་ཕོངས་ཤ་སྟག་དང་ས་ཁོངས་ཧྲིལ་བོའི་དབུལ་ཕོངས་ལ་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱས་པ།
4.སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་བ།
རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་མགོ་བརྩམས་པ།
གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་མཚོ་སྔོན་གྱི་མུ་རྒྱུད་རྒྱལ་ཁབ་སྤྱི་གླིང་གི་ལམ་སྲོལ་ཚོད་ལྟར་བདེ་བླག་ངང་དཔྱད་དཔོག་རྩིས་ལེན་ཐོབ་པ།
མུ་རི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ།
ཐིག་གསུམ་ཐོ་གཅིག་གི་སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་དོ་དམ་ལག་བསྟར་བྱས་པ།
ཐཱན་འདུས་ཉོ་ཚོང་གི་སྟོང་ཆ་བསྐངས་པ།
5 .འཕེལ་རྒྱས་ཀྱི་སྒུལ་ཤུགས་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱས་པ།
ནུས་ཁུངས་དག་གཙང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།
མཚོ་ལྷོ་དང་མཚོ་ནུབ་ཀྱི་སླར་སྐྱེའི་ནུས་ཁུངས་རྟེན་གཞི་གཉིས་ཀ་སྟོང་ཝ་བྱེ་བ་རིམ་པའི་སྐས་རིམ་དུ་འཕར་བ།
མཚོ་སྔོན་ནས་ཧི་ནན་བར་གྱི་གློག་རྒྱུན་ཐད་རྒྱུག་བཟོ་འགོད་ཀྱིས་གློག་སྐྱེལ་མགོ་བརྩམས་པ།
ནུས་ཁུངས་དག་གཙང་གི་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་བྱས་པའི་བསྡུར་ཚད་བཅུ་ཆའི་དགུ་ལས་བརྒལ་ཞིང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།
གཙང་གསུམ་འབྱུང་ཡུལ་གྱི་ཉིན་བརྒྱའི་ལྗང་མདོག་གློག་ཤུགས་ཀྱིས་ཡང་བསྐྱར་འཛམ་གླིང་གི་ཟིན་ཐོ་གསར་བ་བསྐྲུན་པ།
རྒྱལ་ཡོངས་ཀྱི་ནུས་ཁུངས་དག་གཙང་གིས་ཡོངས་སུ་འཁོར་སྐྱོད་བྱེད་པའི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་དེ་བེད་སྤྱོད་བྱེད་མགོ་བརྩམས་པ།
མཚོ་སྔོན་གྱི་ནས་དང་སྐམས་ལུག་ཤ་ཉོ་ཚོང་ལྟེ་གནས་དང་ནུབ་བྱང་ས་ཁུལ་གྱི་གཞིའི་ཤེལ་བརྙན་ཞབས་ཞུ་འཕྲུལ་ཆས་ཐོག་མ་དེ་འཁོར་སྐྱོད་བྱེད་མགོ་བརྩམས་པ།
ཨ་མྱེས་སྟོང་སོ་ཡུལ་སྐོར་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་རིམ་པའི5Aམཛེས་ལྗོངས་ཁུལ་དུ་བདམས་པ།
6 .དམངས་འཚོའི་བསོད་སྐལ་རྒྱུན་མ་ཆད་ཇེ་ཆེར་བཏང་བ།
ལས་ཞུགས་གནས་བབ་བརྟན་འཇགས་དང་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བའི་ཉམས་མྱོང་དང་སྒྲུབ་ཐབས་དཔེ་མཚོན་ཅན་གསུམ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་གཟེངས་བསྟོད་མཛད་པ།
མཁར་གྲོང་གི་སྤྱིལ་ཁྱིམ་ཁུལ་གྱི་སྡོད་ཁང་ཁྲི11དང་གཞིས་ཁུལ་རྙིང་བའི་སྡོད་ཁང་ཁྲི5བསྒྱུར་བཅོས་བྱས་པ།
ཁྱིམ་ཚང་ཁྲི3ལ་རོང་འབྲོག་པའི་འཚོ་སྡོད་ཆ་རྐྱེན་ཕྱོགས་བསྡུས་བཅོས་སྐྱོང་བཟོ་འགོད་ལག་བསྟར་བྱས་པ།
ལོ་མགོར་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཁས་བླངས་པའི་དམངས་འཚོའི་དོན་དངོས་རིགས10དང་རྣམ་གྲངས41ཚང་མ་ཁ་བཤད་ལག་བསྟར་བྱས་པ།
གཉིས་པ། ལྔ་བཅུ་གསུམ་པའི་བྱ་བར་ཕྱིར་ལྟ་བྱེད་པ།
དཔལ་འབྱོར་བསྟུད་མར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་བཏང་བས་ཕྱོགས་བསྡུས་དངོས་ཤུགས་ལ་ཐོལ་བརྒལ་གསར་བ་བྱུང་།
ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང2010ལོ་ལས་ལྡབ་གཉིས་འཕར་བའི་དམིགས་འབེན་ལོ་གཅིག་གི་སྔུན་དུ་མངོན་འགྱུར་བྱུང་ཞིང་ན་ནིང་སྒོར་དུང་ཕྱུར3000ལས་བརྒལ་བ།
མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ཨ་སྒོར5511ནས་ཨ་སྒོར7500ལ་འཕར་སྣོན་བྱུང་ཞིང་མི་རེར་ཆ་སྙོམས་ཀྱི་ནོར་སྲིད་འགྲོ་གྲོན་གཏོང་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།
སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ལ་མ་དངུལ་བཏང་ཚད་ལོ་རེར་ཆ་སྙོམས་ཀྱི3.9%%འཕར་བ།
ཚན་རྩལ་ཡར་ཐོན་ཐད་ལ་བྱས་རྗེས་བཞག་ཚད50%ནས55%རུ་མཐོར་འདེགས་བྱུང་།
ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་པར་གཏིང་ཟབ་ཏུ་སྐུལ་འདེད་བཏང་སྟེ། རྫས་འགྱུར་ཞིང་སྨན་བཀོལ་ཚད་ཉུང་འཕྲི་དང་ཕན་འབྲས་ཆེར་བསྐྱེད་ཀྱི་ཚོད་ལྟའི་རྒྱ་ཁྱོན་ས་མུའུ་ཁྲི300རུ་རྒྱ་བསྐྱེད་པ།
དངུལ་རྩའི་ལས་ཁུངས་སུ་དམངས་སྒོར་གསོག་བཅོལ་དང་དངུལ་བུན་བསྐྱིས་པའི་ལྷག་མ་སོ་སོར་ལོ་ལྔའི་ཡར་སྔོན་ལས་སྒོར་དུང་ཕྱུར1090དང་སྒོར་དུང་ཕྱུར1590ཇེ་མང་དུ་སོང་བ།
འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལེགས་པར་བརྒྱབ་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ལ་ཡུན་མི་རིང་བར་འགྲུབ་ངེས་ཡིན་པ།
ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང42དང་དབུལ་ཕོངས་སྡེ་བ1622ཚང་མ་དབུལ་ཐར་བྱུང་བ་དང་དབུལ་བོ་མི་ཁྲི53.9དངོས་སུ་ཇེ་ཉུང་དུ་སོང་ཞིང་། མང་ཚོགས་དབུལ་བོ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར10504ལ་སླེབས་པ་དང་ལོ་རེར་ཆ་སྙོམས་ཀྱི36.8%%འཕར་བ།
ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ཆ་སྙོམས་ཀྱི་ལེགས་པའི་ཉིན་གྲངས305ནས་ཉིན354རུ་ཇེ་མང་དུ་སོང་ལ། ཆུ་ཆེན་གསུམ་གྱི་གཞུང་རྒྱུན་ཞིང་ཆེན་ཕྱི་རུ་འབབ་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚདⅡཡན་དུ་སྲུང་འཛིན་བྱས་ཡོད།
དངུལ་རྩའི་ལས་ཁུངས་བརྟན་འཇགས་སྒྲིག་ལྡན་དང་འཁོར་སྐྱོད་བྱེད་བཞིན་པ་དང་སྲིད་གཞུང་གི་བུན་ལོན་ཉེན་ཁ་སྤྱི་ཡོངས་ནས་ཚོད་འཛིན་ཐུབ་ཡོད།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་བཏང་བ།
རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་རྒྱལ་ཁའི་ངང་བསྡུས་ཤིང་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། “ཀྲུང་ཧྭའི་ཆུ་གཏེར”ལ་སྲུང་སྐྱོབ་བྱེད་སྒོ་སྤེལ་བ།
རིམ་པ་ལྔའི་ཆུ་དཔོན་མཚོ་དཔོན་མ་ལག་ཕྱོགས་ཡོངས་ནས་བཙུགས་པ་དང་། བརླན་སའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ཡོད་ལ། ཨ་ཆེན་གངས་རྒྱབ་རེ་ཞུ་བྱས་པ་ལེགས་འགྲུབ་བྱུང་ནས་རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་ཁུལ་དུ་གྱུར། མཚོ་སྔོན་པོའི་ཆུ་ཁོངས་ཀྱི་རྒྱ་ཁྱོན་ལོ་རེར་བཞིན་ཇེ་ཆེར་འགྲོ་བཞིན་པ།
ནགས་ཚལ་གྱི་ཁེབས་རྒྱ6.3%%ནས7.5%%ཇེ་ཆེར་སོང་བ་དང་། རྩྭ་ཐང་དུ་ཕྱོགས་བསྡུས་སྔོ་ཁེབས་ཁེབས་ཚད57.4%%ལ་སླེབས་པ།
དགོ་དམར་གྱི་ཁ་གྲངས་དུས་རབས་གོང་མའི300ལྷག་ནས2700རུ་སླར་གསོ་བྱུང་བ་དང་། གཙོད་ཀྱི་ཁ་གྲངས་ཆེས་ཉུང་དུས་ཁྲི2མི་ལོངས་པ་ནས་ཁྲི7ཡས་མས་སུ་སླར་གསོ་བྱུང་བ།
རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ་ས་ཁོངས་ཀྱི་གྲོང་ཁྱེར་གྲོང་གསེབ་འཕེལ་རྒྱས་འབྱུང་ཚུལ་དོ་མཉམ་མཐུན་སྦྱོར་གྱི་ཕྱོགས་སུ་འཕེལ་པ།
ལྕགས་ལམ་སྟེང་སྐྱེལ་འདྲེན་གྱི་ལམ་ཐག་སྤྱི་ལེ643གསར་དུ་བསྣན་པ་དང་སྤྱིའི་ལམ་ཐག་སྤྱི་ལེ3023ལ་སླེབས་པ། མྱུར་བགྲོད་གཞུང་ལམ་སྟེང་རླངས་འཁོར་ཤར་གཏོང་བྱས་པའི་ལམ་ཐག་སྤྱི་ལེ4000ལས་བརྒལ་བ།
དམངས་སྤྱོད་གནམ་གྲུ་ཐང་དུ“གཙོ་བོ་གཅིག་དང་ཕལ་བ་དྲུག”གི་རྣམ་པར་གྲུབ་ཅིང་། “འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི”སྤྱིའི་མ་ཡུར་དང་མ་ཡུར་བྱང་མའི་ལས་གཞི་སྐབས་དང་པོ་འགྲུབ་ནས་ཆུ་འདྲེན་བཞིན་ཡོད་པ།  གློག་དྲ་ཆེན་པོ་ནས་རྫོང་སོ་སོར་གློག་གཏོང་བ་མངོན་འགྱུར་བྱུང་བ།
སྔོན་དཔག་བྱས་ན་རྒྱུན་སྡོད་མི་འབོར་མཁར་གྲོང་ཅན་དུ་བསྒྱུར་ཚད57.1%ཇེ་མང་དུ་སོང་ཞིང་ལོ་རེར་ཆ་སྙོམས་ཀྱི་བརྒྱ་ཆའི་ཚེག1.4འཕར་བ། “གྲོང་གསེབ་བརྒྱ་སྟོང་”དཔེ་སྟོན་ལས་གཞིར་ཕན་འབྲས་མངོན་གསལ་ཐོབ་པ།
བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་བསྟུད་མར་ཇེ་དྲག་ཏུ་བཏང་བ།
“གློད་སྡོམ་ཞབས་གསུམ”གཏིང་ཟབ་སྤེལ་ནས་ཞིབ་མཆན་འགོད་པའི་དོན་ཚན་ཇེ་ཉུང་དུ་བཏང་བ་དང་། “ལས་གཉེར་ལག་ཁྱེར་དང་གཉེར་སྐྱོང་ཆོག་པའི་ལག་ཁྱེར་ལོགས་དབྱེ”སྔོན་གྲས་སུ་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་།
ཀུན་ཕན་དངུལ་རྩའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་གྱི་ཚོད་ལྟར་གྲུབ་འབྲས་མངོན་གསལ་བླངས་པ། སྡེ་བའི་ཐུན་མོང་དཔལ་འབྱོར་ཐད་ཕྱོགས་ཡོངས་ནས“སྟོང་ཆ་བསྐངས་པ”དང་རོང་འབྲོག་ཁུལ་ལ་བསྟུད་མར་བཅོས་སྒྱུར་ཟབ་མོ་བྱས།
སྒོ་ཁྲལ་ལས་ཁུངས་ཀྱི་དམིགས་བསལ་ལྟ་སྐུལ་དོ་དམ་ཁུལ་གྱི་སྟོང་ཆ་བསྐངས་པ་དང་། རྒྱལ་སྤྱིའི་ཚོང་གཉེར་དྲ་ཚིགས19དང་ཕྱོགས་བསྡུས་རང་བཞིན་གྱི་ནང་འདྲེན་ཚོང་ཟོག་ཐད་འཚོང་ལས་སྟེགས13བསྐྲུན་ནས་ལེགས་འགྲུབ་བྱུང་ཞིང་། ཕྱི་ཕྱོགས་ལ་མ་དངུལ་བཏང་བའི་ཐད་ནས་རྒྱལ་ཁབ་དང་ས་ཁུལ28ལ་རྒྱ་བསྐྱེད་པ།
ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་གོ་ལ་ཧྲིལ་པོའི་འོས་སྦྱོར་ངོ་སྤྲོད་བྱ་འགུལ་དེས་མཚོ་སྔོན་གྱི་མཚན་སྙན་སྔར་ལས་ལྷག་པར་ཇེ་ཆེར་བཏང་།
ནན་ནན་ཏན་ཏན་གྱིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ཏེ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་པ།
དམངས་འཚོའི་ཕྱོགས་ལ་བཏང་བའི་མ་དངུལ་གྱིས་ནོར་སྲིད་འགྲོ་གྲོན་རྒྱུན་མཐུད་ངང་བརྟན་འཇགས་བྱུང་ནས75%ཡན་ལ་སླེབས།
གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ལོ་རེར་ཆ་སྙོམས་མི་གྲངས་ཁྲི6.2གསར་དུ་འཕར་བ་དང་། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི13.2གནས་སྤོ་བྱས།
གྲོང་ཁྱེར་དང་ཤང་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་རྩ་བའི་ཆ་ནས་འཛུགས་སྐྲུན་བྱས།
སློབ་གསོའི་འཛུགས་སྐྲུན་ལས་གཞིའི་རྣམ་གྲངས2825ལག་བསྟར་བྱས་པ་དང་། འོས་འགན་སློབ་གསོའི་སློབ་མཚམས་མ་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ཉམས་མྱོང་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་།
སྤྱི་དམངས་ཀྱི་བྱང་ཚད་དང་སྤྱི་ཚོགས་དཔལ་ཡོན་གྱི་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་བ་དང་། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པ་མགྱོགས་སུ་བཏང་ནས་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་རིམ་བཞིན་མཐོ་རུ་ཕྱིན།
སྤྱི་བའི་རིག་གནས་ཞབས་ཞུ་དང་རྒྱང་སྒྲོག་བརྙན་འཕྲིན་དྲ་བ་གྲོང་ཁྱེར་དང་ཤང་ལ་ཁྱབ་པར་བྱས་པ་དང་། གློག་བརྙན་སྤུས་རྟགས་ཁག་གཅིག་རྒྱལ་ཡོངས་སུ་བསྐྱོད།
མཚོ་སྐོར་འགྲན་སྡུར་དང་རྒྱལ་སྤྱིའི་དར་དེམ་འགྲན་སྡུར་སོགས་ཀྱི་རྒྱལ་སྤྱིའི་སྤུས་རྟགས་འགྲན་སྡུར་ཆེ་གྲས་བཅུ་སྤེལ་བ། རིམ་པ་བཞིན་ཇེ་ལེགས་ནས་ཇེ་ལེགས་སུ་ཕྱིན།
གྲོང་ཁྱེར་གྱི་སྡོད་འཚམ་རང་བཞིན་དང་བདེ་བའི་ཚད་བཅས་ཟམ་མ་ཆད་པར་མཐོ་རུ་འགྲོ་བཞིན་ཡོད་ལ། ཞིང་འབྲོག་དམངས་ཉེན་ཡོད་ས་ཁང་རྙིང་པར་ཁ་གྱེས་ནས། རྒྱ་ཆེ་ལ་དཀར་ཆ་དོད་པའི་སོ་ཕག་གི་ཁང་པའི་ནང་བསྡད།
གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་དྭངས་གཙང་དྲོད་གཏོང་བ། ད་ལྟ་རྡོ་སོལ་དང་ལྕི་བས་དྲོད་སྐྱེད་པའི་ཚབ་བྱེད་བཞིན་ཡོད། 
ཡངས་ལམ་དྲ་རྒྱ་མཚོ་སྔོན་ལ་གཞི་རྩའི་ཆ་ནས་འཛུགས་སྐྲུན་བྱས་ཟིན་པ་དང་། 4Gདྲ་རྒྱ་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས5Gབཀོད་སྒྲིག་བྱེད་པ་ཇེ་མགྱོགས་སུ་བཏང་།
སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་འཆམ་མཐུན་དང་བརྟན་འཇགས་ཡོང་བ་བྱས་པ།
རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ཚང་མ་ཐོག་མར་འཛུགས་སྐྲུན་བྱས་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ཞིང་ཆེན་དུ་གྱུར།
བདེ་འཇགསས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ནས། “བདུན་ལྔའི་ཁྲིམས་ལུགས་ཁྱབ་གདལ”ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་།
ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་བདེ་ལེགས་ངང་མཇུག་སྒྲིལ་བ་དང་། སྤྱི་ཚོགས་བཅོས་སྐྱོང་གཙོ་གནད་གཞི་རིམ་དུ་ཁ་ཕྱོགས།
སྲིད་གཞུང་གི་འགན་ནུས་བསྒྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། སྲིད་སྐྱོང་ནུས་པ་དང་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་ཕྱིན་པ།
ནན་ཏན་གྱིས“གཉིས་སློབ་གཅིག་སྒྲུབ”ཀྱི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་རང་བཞིན་གྱི་ལམ་ལུགས་ལ་སྐུལ་འདེད་བཏང་ནས། “ཐོག་མའི་ཕུགས་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
སྤྱོད་གཙང་གི་སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས། “སྤྱོད་ཚུལ་བཞི”དང་ཁྱད་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལེགས་བཅོས་དང་། གཞི་རིམ་གྱི་ཁུར་པོ་མུ་མཐུད་ཇེ་ཡང་དུ་བཏང་།
ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ106གྲོས་ཞིབ་བྱེད་པར་ཕུལ་བར། སྲིད་གཞུང་གིས་སྒྲིག་སྲོལ93གཏན་འབེབས་དང་དག་བཅོས་བྱས་ནས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་མངོན་གསལ་ཐོབ།
ལོ་ལྔ་ཡི་དཀའ་སྡུག་དང་མདུན་སྐྱོད་འབད་བརྩོན་གྱི་ལོ་རྒྱུས་ཀྱི་བགྲོད་ལམ་ལ་ཕྱིར་དྲན་བྱས་ཏེ། ང་ཚོ་ཐུན་མོང་གི་ཉམས་མྱོང་དང་ཚོར་བ་ནི།
སྣེ་ཁྲིད་ཀྱི་བསམ་བློ་ནི་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པའི་རྩ་བའི་ཁྲིད་སྟོན་ཡིན།
ཏང་གི་འགོ་ཁྲིད་ནི་དཀའ་ངལ་ལས་རྣམ་པར་རྒྱལ་བའི་སྲ་བརྟན་གྱི་འགན་ལེན་ཡིན།
མི་དམངས་གོང་བཀུར་ནི་བྱ་གཞག་མཐའ་དག་གི་རིན་ཐང་འཕེལ་ཕྱོགས་ཡིན།
སྐྱེ་ཁམས་སྲུང་སྐྱོང་ནི་གཡོལ་ཐབས་མེད་པའི་འགན་འཁྲི་གལ་ཆེན་ཞིག་ཡིན།
མི་རིགས་མཐུན་སྒྲིལ་ནི་འཕེལ་རྒྱས་ཡར་ཐོན་གྱི་རྨང་རྡོ་གལ་ཆེན་ཞིག་ཡིན།
མཚོ་སྔོན་གསར་པའི་སྙིང་སྟོབས་ནི་གོམ་སྟོབས་ཆེན་པོས་མདུན་དུ་སྐྱོད་པའི་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཡིན།
གསུམ་པ། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་གི་དམིགས་འབེན། 
“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས་སུ་དུས་བསྟུན་ལྷན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་གཏོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་ལོ་ལྔ་ཚན་དང་པོ་ཡིན། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་ཞུགས་ནས་ང་ཚོའི་མིག་མདུན་དུ་ལྷགས་པའི་འགན་འཁྲི་གཙོ་བོ་ཞིག་ནི། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གྲུབ་འབྲས་ཇེ་བརྟན་ཇེ་ཆེར་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་དང་འཕེལ་རྒྱས་ཀྱི་གནས་བབ་གསར་བ་བསྐྲུན་ནས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱབ་ཁབ་བསྐྲུན་པར་མགོ་ཡག་པོ་རྩོམ་པ་དང་གོམ་པ་བརྟན་པོ་སྤོ་རྒྱུ་དེ་ཡིན།
 གཤམ་གྱི་ཕྱོགས་དྲུག་འབུར་ཏུ་བཏོད་ཡོད་དེ།
གཅིག  སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་པར་ཤུགས་རྒྱག་དགོས། 
ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས“ཀྲུང་ཧྭའི་ཆུ་གཏེར”ལ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོར་བཟུང་བའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་ཅིག་རྒྱལ་ཡོངས་ཀྱི་སྔོན་ལ་གཟུག་དགོས། གྲོང་ཁྱེར་གཙོ་བོའི་མཁའ་དབུགས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད90%ཡས་མས་ལ་བསླེབ་ཏུ་འཇུག་དགོས། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོང་གི་གནས་སྟངས་ཇེ་ལེགས་སུ་གཏང་དགོས།
གཉིས། སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏང་དགོས།
དཔལ་འབྱོར་རྒྱུན་མཐུད་ངང་བདེ་ཐང་དང་གོང་དུ་འཕེལ་བ་སྲུང་འཛིན་བྱས་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བར་བརྩོན་ལེན་བྱ་དགོས། ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཞིག་ཏུ་བརྩིས་ནས། “དཔལ་འབྱོར་ཆགས་སྟངས་རིགས་བཞི” སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་གྱི་ཐོན་སྐྱེད་རིན་ཐང་ལོ་རེར་ཆ་སྙོམས་ཀྱི10% འཕར་དུ་འཇུག་དགོས།
གསུམ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་ཚད་མུ་མཐུད་དུ་ཇེ་མགྱོགས་སུ་གཏང་དགོས། 
“ལྟེ་བ་གཉིས་གཞུང་རྐང་གཅིག་བཙན་ས་གཅིག”གི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་དང“ཁྱུ་གཅིག་ཁུལ་གཉིས་གནས་མང”གི་ཞིང་ཆེན་མངའ་ཁོངས་ཀྱི་མཁར་གྲོང་ཅན་དུ་སྒྱུར་བའི་བར་སྟོང་མ་ལག་བཙུགས་ཏེ་མཁར་གྲོང་ཅན་དུ་བསྒྱུར་ཚད62%ཡས་མས་ལ་བསླེབ་ཏུ་འཇུག་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་བ་དང་རྨང་གཞིའི་སྒྲིག་བཀོད་གལ་ཆེན་སྐྲུན་ཤུགས་ཆེ་རུ་གཏང་དགོས། 
བཞི། མི་དམངས་ཀྱི་འཚོ་བའི་རྒྱུ་སྤུས་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏང་དགོས། 
ལས་ཞུགས་ཀྱི་དམིགས་བསལ་སྲིད་ཇུས་ལག་བསྟར་བྱས་ནས་སྔར་ལས་དྲང་གཞག་དང་སྤུས་ཚད་མཐོ་བའི་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་དང། མི་དམངས་ཡིད་ཚིམ་པའི་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱས་ཏེ་ཁྱོན་ཡོངས་ལ་ཁྱབ་ཅིང་རྒྱུན་མཐུད་ཐུབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏང་དགོས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རིགས་སོ་སོའི་མི་དམངས་མང་ཚོགས་ལ་དངོས་པོ་དང་བསམ་པའི་རྒྱགས་ཕྱེ། རིག་གནས་བཅས་ཀྱིས་ཕྱུག་པའི་མཛེས་སྡུག་གི་འཚོ་བ་སྐྱེལ་དུ་འཇུག་རྒྱུར་བརྩོན་དགོས།
ལྔ། བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་མོ་བྱ་དགོས།  
དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བ་དང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་བསྡུར་ཚད40%ཡན་ཟིན་དགོས། “རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་བར་གྱི་སྤེལ་རེས་མཉམ་ལས་གཏིང་ཟབ་སྤེལ་ཏེ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་བ་ཞིག་གཞི་རྩའི་ཆ་ནས་ཆགས་པར་བྱ་དགོས།
དྲུག ས་གནས་བཅོས་སྐྱོང་གི་ཕན་ནུས་ཇེ་ཆེ་ཇེ་ལེགས་སུ་བསྒྱུར་དགོས། 
 སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ་བྱེད་པ་དང་། ཆུ་ཚད་སྔར་ལས་མཐོན་པོའི་སྒོ་ནས་ཁྲིམས་སྐྱོང་མཚོ་སྔོན་དང་དུས་བདེ་མཚོ་སྔོན་འཛུགས་སྐྱོང་བྱས་ཏེ། ཏང་གིས་མགོ་ཁྲིད་པའི་རང་སྐྱོང་དང་ཁྲིམས་སྐྱོང་། ཚུལ་བཞིན་སྐྱོང་བ་བཅས་ཟུང་དུ་སྦྲེལ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏང་དགོས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་སྔོན་གྲས་སུ་འཛུགས་སྐྲུན་བྱ་དགོས། སྤྱི་བའི་འཕྲོད་བསྟེན་བདེ་འཇགས་མ་ལག་འཐུས་ཚང་དང་རང་བྱུང་གནོད་འཚེ་འགོག་སྡོམ་བྱེད་པའི་ཆུ་ཚད་ཇེ་མཐོ་རུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་འཇགས་ཡོང་བར་འགན་ལེན་བྱ་དགོས། 
2035ལོའི་རྒྱང་རིང་གི་དམིགས་འབེན། 
ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་ཚན་རྩལ་གྱི་དངོས་ཤུགས་ཆེས་ཆེར་གོང་དུ་འཕེལ་བ་དང་། དཔལ་འབྱོར་བསྡོམས་འབོར་དང་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་ཅིང་། ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་མངོན་གསལ་གྱིས་རྒྱ་སྐྱེད་པ་དང་གཞི་རྩའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཅན་དུ་འགྱུར་བར་འཇུག་དགོས། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་ཚང་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏང་དགོས་པར་མ་ཟད་ཐཱན་འབུད་ཚད་རྩེར་སོན་པ་སྔོན་གྲས་སུ་མངོན་འགྱུར་བྱ་དགོས། རྣམ་པ་གསར་བའི་བཟོ་ལས་ཅན་དང་ཆ་འཕྲིན་ཅན། མཁར་གྲོང་ཅན། ཞིང་ལས་དེང་རབས་ཅན་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱས་ཏེ་གསར་གཏོད་ཅན་གྱི་ཞིང་ཆེན་གྱི་གྲས་སུ་ཚུད་པར་བྱེད་ཅིང་། མཚོ་སྔོན་གྱི་ཐོན་ཁུངས་ལྷན་ནུས་དང་ཐོན་ལས་ཁྱད་ཆོས་མངོན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ཆགས་སུ་འཇུག་དགོས། ཁྲིམས་སྐྱོང་མཚོ་སྔོན་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་རྩའི་ཆ་ནས་སྐྲུན་པ་དང་།  དུས་བདེ་མཚོ་སྔོན་སྐྲུན་པའི་ཆུ་ཚད་སྔར་བས་མཐོན་པོར་སླེབ་ཏུ་འཇུག་དགོས་ཤིང་། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་མཚོ་སྔོན་གསར་བར་འཚམ་པའི་ལམ་ལུགས་ཀྱི་མ་ལག་ཅིག་ཆགས་སུ་འཇུག་དགོས། སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་མཐོ་ཚད་གསར་བ་ཞིག་ཏུ་སླེབ་པ་དང་། མི་དམངས་ཀྱི་འཚོ་བར་སྔར་ལས་བདེ་སྐྱིད་ལྡན་པ། མིའི་ཁྱོན་ཡོངས་འཕེལ་རྒྱས་དང་མཉམ་དུ་ཕྱུག་པོར་སྒྱུར་བར་དོན་དམ་པའི་འཕེལ་རྒྱས་བྱུང་སྟེ། རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་དགོས།
བཞི་བ། 2021ལོའི་བྱ་བའི་ལས་འགན་གཙོ་བོ། 
སྲིད་གཞུང་བྱ་བའི་སྤྱིའི་བླང་བྱ་ནི།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་དང་། དེ་བཞིན་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་་དང་ཀྲུང་དབྱང་གི་བོད་ལྗོངས་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང་ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱ་གལ་ཆེན་དོན་འཁྱོལ་ཟབ་མོ་བྱ་དགོས་པ་དང་། བརྟན་འཇགས་ཁྲོད་ཡར་རྒྱས་བརྩོན་ལེན་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་བཙུགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་དུ་བཏབ་ཐོག འཕེལ་རྒྱས་ཀྱི་གནས་བབ་གསར་པ་བསྐྲུན་ཏེ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་འཛིན་པ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱེད་ཕྱོགས་གཙོ་བོར་འཛིན་པ། བཅོས་སྒྱུར་དང་གསར་གཏོད་བྱ་རྒྱུ་དེ་རྩ་བའི་སྒུལ་ཤུགས་སུ་བྱས་ནས། མི་དམངས་ཀྱི་ཉིན་རེར་བཞིན་ཆེ་རུ་འགྲོ་བཞིན་པའི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བརྩིས་ཏེ། རྒྱུད་ཁོངས་འདུ་ཤེས་རྒྱུན་འཁྱོངས་དང་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་བརྟན་སྲུང་དང་རྒྱ་སྐྱེད་གཏོང་བ། གོང་སྤེལ་དང་བདེ་འཇགས་ལ་སྔར་བས་ལེགས་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱེད་ཅིང་། བརྟན་འཇགས་དྲུག་གི་བྱ་བ་ཏན་ཏིག་གིས་ལེགས་སྒྲུབ་དང་འགན་སྲུང་དྲུག་གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས་ཤིང་། ཚན་རིག་དང་མཐུན་ཞིང་གནད་ལ་ཁེལ་བའི་སྒོ་ནས་སྤྱི་ཁོག་གི་སྲིད་ཇུས་དོན་འཁྱོལ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་བྱེད་པ་དང་། དཔེ་སྟོན་ལྔའི་ཞིང་ཆེན་འཛུགས་སྐྲུན་དང་དཔལ་འབྱོར་ཆགས་སྟངས་རིགས་བཞི་གསོ་སྐྱོང་བྱས་པ་བརྒྱུད། འཔལ་འབྱོར་ཁོང་རྒྱུག་དེ་ལུགས་མཐུན་གྱི་བར་མཚམས་སུ་གནས་པར་སྲུང་འཛིན་བྱེད་ཅིང་། ནང་མཁོ་རྒྱ་སྐྱེད་པའི་འཐབ་ཇུས་རྒྱུན་འཁྱོངས་དང་ཚན་རྩལ་འཐབ་ཇུས་ཀྱིས་འདེགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཆུ་ཚད་མཐོན་པོའི་སྒོ་ནས་ཕྱི་ཕྱོགས་སུ་སྒོ་འབྱེད་པ་རྒྱ་བསྐྱེད་དེ་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་ཡག་པོ་ཞིག་རྩོམ་པར་ཁག་ཐེག་དང་ཕུལ་དུ་བྱུང་བའི་གྲུས་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་དགོས། 
སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི། 
ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང་6%ཡན་འཕར་བར་བརྩོན་ལེན་དང་། གཏན་འཇགས་རྒྱུ་ནོར་ཐད་ལ་དངུལ་གཏོང་ཚད6%ཡས་མས་འཕར་རྒྱུ། མཁར་གྲོང་དུ་མི་ཁྲི6ཡན་གསར་དུ་ལས་ཀར་ཞུགས་ཐུབ་དགོས་ལ། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ཁྲི105གནས་གཞན་དུ་བསྐྱལ་ནས་ལས་ཀར་ཞུགས་ཐུབ་དགོས། མཁར་གྲོང་དུ་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད5.5%ཡས་མས་དང་ལས་ཤོར་ཐོ་འགོད་བྱས་ཚད་3.5%ནང་དུ་ཡོད་པ་དང་། སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་གཞི་རྩའི་ཆ་ནས་གཅིག་མཚུངས་ཡིན་ཞིང་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3%ཡས་མས་སུ་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད88%ཡན་དུ་སྲུང་འཛིན་ཐུབ་པ་དང་། འབྲི་ཆུ་དང་རྨ་ཆུའི་གཞུང་རྒྱུན། རྫ་ཆུ་བཅས་ཀྱི་ཆུའི་སྤུས་ཚད་རིགས་IIཡན་དུ་སྲུང་འཛིན་ཐུབ་པ་དང་། ཙོང་ཆུ་ཞིང་ཆེན་ཕྱི་རུ་འབབ་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིགས་IIIལ་བསླེབ་དགོས་ལ། ནུས་སྲི་སྙིགས་འཕྲི་དང་ཐཱན་ཉུང་གཏོང་གི་ཚད་དེ་རྒྱལ་ཁབ་ཀྱི་གཏན་འབེབས་དམིགས་ཚད་ནང་ཚོད་འཛིན་ཐུབ་པ་དང་། འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི107ཡན་དུ་སྲུང་འཛིན་ཐུབ་དགོས། 
བྱ་བ་གཙོ་བོ་ནི། 
དང་པོ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས། 
གཅིག རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་མགྱོགས་མྱུར་ངང་བསྐྲུན་དགོས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུར་སྐུལ་འདེད་གཏང་དགོས་ལ། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་བྱ་བ་ཡག་པོར་བསྒྲུབས་པ། མཚོ་སྔོན་པོ་དང་ཁུ་ནུ་རི་བོ་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུར་ཧུར་ཐག་གིས་རེ་ཞུ་ཡི་གེ་དབུལ་དགོས། 
གཉིས། ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོང་གང་ལེགས་བྱ་དགོས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་འཁྱགས་ཀླུང་སོགས་ལ་ཕྱོགས་བསྡུས་སྒོས་བཅོས་སྐྱོང་དང་བརྒྱུད་རིམ་པ་ལྡན་པའི་སྒོ་ནས་བཅོས་སྐྱོང་། མགོ་ཁུངས་བཅོས་སྐྱོང་བཅས་བྱེད་པར་གཅིག་གྱུར་གྱིས་འཆར་འགོད་དང་། འབྲི་ཆུའི་འབབ་རྒྱུད་དུ་ལོ་བཅུའི་རིང་ལ་ཉ་རིགས་འཛིན་མི་ཆོག་པ་གཟབ་ནན་གྱིས་དོན་འཁྱོལ་དང་། ལོ་བཅུའི་རིང་ལ་མཚོ་སྔོན་པོའི་མཚོ་རྒྱ་བསྡམས་ནས་ཉ་གསོ་རེས་སྐོར་དྲུག་པ་ལག་བསྟར་བྱ་དགོས། 
གསུམ། རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་འཆར་འགོད་ལག་བསྟར་བྱ་དགོས། ཚེ་སྲོག་གི་རྟེན་ས་དང་མཛེས་སྡུག་གི་གཞི་མ། འཚེ་མེད་ཀྱི་འབྱུང་གནས། ལས་རིགས་ཀྱི་སྣེ་ཁྲིད། ཕྱྭ་གཡང་གི་བུམ་པ། གསོན་ཤུགས་ཀྱི་འབྱུང་རྩ། འདོད་འཇོ་ཡི་ནོར་བུ། ལས་གཏོད་ཀྱི་སྒོ་མོ། འཆམ་མཐུན་གྱི་གསེར་ཟམ་བཅས་ཀྱི་བདག་ཉིད་དུ་གྲུབ་པའི་གཙང་ཆབ་སྔོན་མོའི་བརྗིད་ལྡན་སྣང་བརྙན་ནི་མཛེས་པའི་རི་མོར་ལེགས་པར་བཀོད་དགོས། 
བཞི། མུ་རི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དམ་འཛིན་བྱ་དགོས། ཚུགས་གནས་དང་ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་རྒྱུན་འཁྱོངས་བྱས་ནས་ལོ་འཁོར་ནང་གི་གཙོ་གནད་ལས་འགན་སྣ་ཚོགས་དུས་ལྟར་འགྲུབ་པར་ཁག་ཐེག་བྱ་དགོས། 
ལྔ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱ་དགོས། ཚོད་འཛིན་ཐིག་གསུམ་གཅིག་གྱུར་འཆར་འགོད་ཀྱིས་དབྱེ་འབྱེད་གཏན་འབེབས་བྱས་ཏེ། ཐིག་གསུམ་ཐོ་གཅིག་གི་གྲུབ་འབྲས་དོན་འཁྱོལ་དང་བཀོལ་སྤྱོད་བྱེད་པར་མྱུར་བར་སྐུལ་འདེད་གཏང་དགོས་ལ། སྐྱེ་ཁམས་ཀྱི་རིན་ཐང་བརྗེ་སྒྱུར་བྱེད་པའི་ཐབས་ལམ་འཚོལ་ཞིབ་དང་ཕྱོགས་ཡོངས་ནས་ནགས་དཔོན་ལམ་ལུགས་ཁྱབ་སྤེལ་གཏོང་བ། སྙིགས་མེད་གྲོང་ཁྱེར་སྐྲུན་པའི་ཚོད་ལྟར་སྐུལ་འདེད་གཏང་དགོས།
གཉིས་པ། དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། 
གཅིག གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཚན་རྩལ་གྱི་ཆེད་དོན་འགག་སྒྲོལ་གལ་ཆེན་ལག་བསྟར་བྱ་དགོས་ལ། མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་དང་མཚོ་ཤར་གྱི་རྨ་ཙོང་ཁུལ་གསར་གྱི་རྒྱལ་ཁབ་ཚན་རྩལ་ཐོན་ཁུངས་འདེགས་སྐྱོར་རྣམ་པའི་ཟུང་གཏོད་ཁྱད་ཆོས་ལྡན་པའི་གཞི་རྟེན་མྱུར་བར་བསྐྲུན་ནས། སྔོན་ཐོན་གྱི་གསོག་ནུས་ལག་རྩལ་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གྲབས་འཛུགས་བྱ་དགོས། གསར་གཏོད་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་འགུལ་སྐྱོད་སྤེལ་དགོས། 
གཉིས། དངུལ་གཏོང་སྒྲིག་གཞི་ལེགས་སྒྲིག་དང་ལེགས་སྒྱུར་བྱ་དགོས། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་དང་ཟི་ལིང་གནམ་གྲུ་ཐང་གི་ལས་གྲྭ་སྐབས་གསུམ་པ། ཡུལ་ཤུལ་གནམ་གྲུ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་དང་། ཐུན་རིན་ནས་གསེར་ལུང་བར་གྱི་མྱུར་ལམ་སོགས་ལས་གཞི་གལ་ཆེན་མྱུར་ཏུ་བསྐྲུན་དགོས་པ་དང་། ཟི་ལིང་ནས་ཚྭ་ཁའི་གྲོང་ཁྱེད་རིམ་པའི་ལྕགས་ལམ་དང་ཁྲི་ཀ་ནས་རྟ་བོ་བར་གྱི་མཐོ་རིམ་གཞུང་ལམ་སོགས་ཀྱི་ལས་གཞི་བསྐྲུན་མགོ་བརྩམ་དགོས་ཤིང་། རྨ་ལྷོ་གནམ་གྲུ་ཐང་དང་མཚོ་བོད་ལྕགས་ལམ་སྟེང་གི་ཟི་ལིང་ནས་ན་གོར་མོའི་བར་གྱི་རིམ་པའི་སྤུས་ཚད་མཐོར་འདེགས་ལས་གྲྭ་སོགས་ཀྱི་དུས་འགོའི་ལས་གཞི་ཏན་ཏིག་དང་ཞིབ་ཚགས་ཀྱིས་བསྐྲུན་ཏེ། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་མ་ཡུར་ནུབ་མ་དང་ནཱ་ལེང་ཀུ་ལུ་ཆུ་བོའི་ཆུ་བེད་ལྟེ་གནས་སྐྲུན་པར་སྐུལ་འདེད་གཏང་དགོས། 
གསུམ། འཛད་སྤྱོད་བརྟན་འཇགས་ངང་འཕར་བར་སྐུལ་འདེད་གཏང་དགོས། རིག་ལྡན་ཚོང་ལས་འཁོར་རྒྱ་དང་གྲངས་འཛིན་འཚོ་བ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། སྲོལ་རྒྱུན་གྱི་ཚོང་དོན་དངོས་སུ་གཉེར་བ་དེ་ལས་རིགས་ལས་བརྒལ་ནས་མཉམ་འདྲེས་དང་། དྲ་ཐོག་དྲ་ཕྱི་མཉམ་འདྲེས་དང་གཉེར་སྐྱོང་བྱེད་པར་ཁྲིད་སྟོན་བྱ་དགོས་པ་དང་། རླངས་འཁོར་འཛད་སྤྱོད་རིམ་སྤར་ལ་སྐུལ་འདེད་གཏོང་བ་དང་། མྱུར་སྐྱེལ་ལས་རིམ་དེ་གྲོང་གསེབ་དང་གྲོང་ཁྱེར་ནས་ཕར་སྐྱེལ་ཚུལ་སྐྱེལ་བྱེད་པར་སྐུལ་འདེད་བྱ་དགོས། 
བཞི། ཤུགས་ཡོད་རྒུས་ཕྱི་ཕྱོགས་ཀྱི་དངུལ་གཏོང་དང་ཉོ་ཚོང་བརྟན་འཇགས་ཡོང་བར་བྱ་དགོས། འོད་ཝོལ་དང་མདོག་ལྡན། ཚྭ་འགྱུར་སོགས་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་ཁྲོམ་ར་གཏོད་པར་སྐུལ་མ་གཏོང་བ་དང་། རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གཉེར་སྐྱོང་བྱེད་མཁན་གསོ་སྐྱོང་བྱ་དགོས།
གསུམ་པ། གནོད་མེད་ཐཱན་ཉུང་འཁོར་སྐྱོད་ངང་འཕེལ་རྒྱས་འགྲོ་བའི་དཔལ་འབྱོར་མ་ལག་གཟུག་དགོས། 
གཅིག སྐྱེ་ཁམས་དཔལ་འབྱོར་རྒྱ་བསྐྱེད་དགོས། རྒྱལ་ཁབ་ཀྱི་ནུས་ཁུང་གཙང་མའི་དཔེ་སྟོན་ཞིང་ཆེན་འཛུགས་སྐུན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བྱེད་པ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ལས་སྣོན་ཞིབ་ཚགས་བྱེད་པར་སྐུལ་འདེད་བྱེད་པ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྤུས་ཚད་མཐོན་པོའི་སྒོ་ནས་སྐུལ་སྤེལ་བྱེད་པ། རབ་མཛེས་མཚོ་སྔོན་དང་། སྐྱེ་ཁམས་མཙན་ས། ཡུལ་སྐོར་དག་ཞིང་བཅས་ཀྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ནུས་མུ་མཐུད་དུ་ཆེ་རུ་གཏང་དགོས། 
གཉིས། འཁོར་སྐྱོད་དཔལ་འབྱོར་གོང་དུ་སྤེལ་དགོས། ཚྭ་མཚོ་ཕྱོགས་བསྡུས་བེད་སྤྱོད་སོགས་འཁོར་སྐྱོད་དཔལ་འབྱོར་གྱི་ཐོན་ལས་སྦྲེལ་རྡང་འཛུགས་སྐྲུན་དང་གཙོ་གནད་གླིང་ཁུལ་འཁོར་སྐྱོད་ཅན་དུ་སྒྱུར་བཀོད་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས་ལ། སྲོལ་རྒྱུན་གྱི་ཐོན་ལས་དེ་རྩེར་སོན་ཅན་དང་རིག་ནུས་ཅན། གནོད་མེད་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། ལིས་ལྡན་གློག་རྫས་དང་གསར་བྱུང་ལྕགས་རིགས་བསྲེས་མ། ཐཱན་ཚི་སྣ་སོགས་གཙོ་གནད་དུ་འཛིན་པའི་རྒྱུ་ཆ་གསར་པའི་ཐོན་ལས་རྩེར་སོན་ཕྱོགས་སུ་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱ་དགོས། 
གསུམ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏང་དགོས། སྤྲིན་ཐོག་མཚོ་སྔོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་། ཟི་ལིང་རྒྱལ་སྤྱིའི་སྦྲེལ་དྲ་གཞི་གྲངས་ཆེད་སྤྱོད་བགྲོད་ལམ་བསྐྲུན་ནས་འགྲུབ་དགོས་ལ། གྲངས་འཛིན་དཔལ་འབྱོར་འགྲེམ་སྟོན་གཉེར་སྐྱོང་ལྟེ་གནས་བཙུགས་ནས་འགྲུབ་དགོས་ཤིང་། གཞི་གྲངས་ཆེན་མོ་དང་མཉེན་ཆས་ཐོན་ལས་གླིང་བཀོད་སྒྲིག་བྱ་དགོས། 
བཞི། ལས་སྟེགས་དཔལ་འབྱོར་གསོ་སྐྱོང་བྱ་དགོས། ནས་དང་སྐམས་ཤ་ལུག་ཤ་ཉོ་འཚོང་ལྟེ་གནས་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། གློག་ཤུགས་ཉོ་འཚོང་ལྟེ་གནས་ལེགས་པར་བསྐྲུན་དགོས། འཐེན་ཐུག་ཐོན་ལས་ཀྱི་གྲངས་འཛིན་ཅན་གྱི་སྟེགས་བུ་དང་ཟོག་འདྲེན་ཟོང་སྐྱེལ་ཆ་འཕྲིན་ཉོ་འཚོང་སྟེགས་བུ་འཁོར་རྒྱུག་བྱེད་ཚད་ཇེ་མགྱོགས་སུ་གཏང་དགོས། ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་རྒྱ་བསྡམས་ནས་གཉེར་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཟི་ལིང་དང་མཚོ་ཤར་ཀྱིི་ས་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་བསྐྲུན་ནས་འགྲུབ་དགོས། 
བཞི་པ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ཤུགས་ཆེན་པོས་ལག་བསྟར་བྱ་དགོས། 
གཅིག དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་སྲུང་དང་རྒྱ་སྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་བྱ་དགོས། མི་འདོར་བ་བཞིའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་། དབུལ་ཐར་ས་ཁུལ་གྱི་ཐོན་ལས་རྒྱ་ཆེན་དུ་སྤེལ་བ། གནས་སྤོར་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལ་བསྣོན་དགོས། 
གཉིས། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏང་དགོས། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི30བསྐྲུན་པ་དང་། ས་མཐོའི་ཁྱད་ལྡན་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་བ། གནོད་མེད་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་པར་སྐུལ་འདེད་གཏང་དགོས། 
གསུམ། ཞིང་ལས་དང་ཞིང་སྡེ་བཅོས་སྒྱུར་ཟབ་མོ་བྱ་དགོས། ཞིང་སྡེའི་འགན་གཙང་ལེན་བྱེད་པའི་ས་ཞིང་གི་བདག་དབང་ཁས་ལེན་དང་ཐོ་འགོད་བྱས་པའི་གྲུབ་འབྲས་བརྟན་སྲུང་དང་རྒྱ་ཆེར་སྐྱེད་པ་དང་། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་པའི་ས་ཞིང་འགན་གཙང་ལེན་དབང་དང་། ཁང་ས་བཀོལ་སྤྱོད་བྱེད་དབང་། ཐུན་མོང་གི་ཁེ་ཕན་བགོ་བཤའ་རྒྱག་དབང་བཅས་འགན་སྲུང་བྱ་དགོས། 
ལྔ་བ། མཁར་གྲོང་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ།
གཅིག མི་ལྟེ་བར་འཛིན་པའི་མཁར་གྲོང་གསར་བ་མགྱོགས་མྱུར་ངང་བསྐྲུན་དགོས། མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་དཔེ་སྟོན་གྱི་ཞིང་ཆེན་སྐྲུན་པར་སྐུལ་འདེད་བཏང་བ་དང་། མཛེས་སྡུག་ལྡན་པའི་མཁར་གྲོང10སྐྲུན་རྒྱུ་དང་གྲོང་ཁྱེར་གསར་སྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།
གཉིས། གྲོང་གསེབ་འཛུགས་སྐྲུན་གྱི་འགུལ་སྐྱོད་ལག་བསྟར་བྱ་དགོས། “གྲོང་གསེབ་བརྒྱ་སྟོང”དཔེ་སྟོན་བཟོ་སྐྲུན་ལ་བསྟུད་མར་སྐུལ་འདེད་དང་། དཔེ་སྟོན་ཚོད་ལྟ་བྱེད་སའི་སྡེ་བ25གསར་སྣོན་བྱས་ནས་སྡེ་བ295ཡིས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། གྲོང་གསེབ་ཀྱི་མི་འཚོ་སྡོད་བྱེད་སའི་ཁོར་ཡུག་ལེགས་བཅོས་དང་རིམ་སྤར་བྱེད་པའི་ལོ་ལྔའི་འགུལ་སྐྱོད་ལག་བསྟར་བྱེད་མགོ་བརྩམ་པ།
གསུམ། གྲོང་གསེབ་ཀྱི་མི་དམངས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱ་དགོས། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་འཇགས་ལ་སྐུལ་འདེད་བཏང་སྟེ། གཞིས་ལས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་སྤེལ་བྱེད་པ་དང་། མཁར་གྲོང་གི་གཞིས་ཁུལ་རྙིང་པའི་སྡོད་ཁང་ཁྲི5.15བསྒྱུར་བཀོད་བྱེད་པ་དང་། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་ལས་གཞིའི་དུད་ཚང་ཁྲི4ཡི་སྡོད་ཁང་སྐྲུན་མགོ་བརྩམ་པ།
བཞི། ས་ཁོངས་མཐུན་སྦྱོར་དང་མཉམ་འགུལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། ལན་གྲུ་ནས་ཟི་ལིང་གྲོང་ཁྱེར་གྱི་ཁྱུ་ཚོགས་སྐྲུན་པར་སྐུལ་འདེད་ཟབ་མོ་གཏོང་བ་དང་། དེང་རབས་མཐོ་སྒང་གི་མཛེས་སྡུག་དང་བདེ་སྐྱིད། ལྗང་མདོག་བཅས་ཀྱི་ཟི་ལིང་ཆེན་པོ་དང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པའི་མཚོ་ཤར་གསར་བ། སྒོ་མོ་འབྱེད་པའི་ཚྭ་འདམ་གཤོང་ས་དང་ཁྱད་ཆོས་ལྡན་པའི་མཚོ་སྐོར་མུ་ཁྱུད། ལྗང་མདོག་མི་ཆོས་ཀྱི་རྨ་འབྲིའི་འབྱུང་ཁུངས་བཅས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ།
དྲུག་པ། རྒྱུན་མཐུད་ངང་བཅོས་བསྒྱུར་ཟབ་སྤེལ་དང་སྒོ་མོ་རྒྱ་ཆེར་འབྱེད་དགོས།
གཅིག ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་དགོས། སྡེ་ཁག་གི་དབང་ཆ་ཡང་ཡང་ཇེ་ཆུང་དང་ཞིབ་མཆན་འགོད་རིམ་ཡང་ཡང་ཇེ་ལེགས། ཁྲོམ་རའི་འཇུག་སྒོ་ཡང་ཡང་ཇེ་དམའ་རུ་བཏང་སྟེ། དྲ་གཅིག་ཀུན་སྒྲུབ་དང་ཞིང་ཆེན་བརྒལ་ཏེ་ཀུན་སྒྲུབ། ངོ་མ་འཕྲད་པའི་ཞིབ་མཆན་འགོད་པ་ཁྱོན་ཡོངས་ནས་ཁྱབ་སྤེལ་བཏང་ནས། སྦྲེལ་དྲ+ལྟ་སྐུལ་དོ་དམ་མགྱོགས་མྱུར་ངང་ཁྱབ་སྤེལ་བྱ་རྒྱུ་དང་། ཡིད་རྟོན་ལྟེ་བར་འཛིན་པའི་ལྟ་སྐུལ་དོ་དམ་ལམ་སྲོལ་གསར་བ་འཐུས་ཚང་དུ་གཏོང་དགོས།
གཉིས། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས། རྒྱུ་རྐྱེན་གཙོ་བ་ཁྲོམ་ར་ཅན་དུ་བཀོད་སྒྲིག་བྱེད་པར་བརྟན་བརླིང་ངང་སྐུལ་འདེད་གཏོང་བ་དང་། དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་བྱེད་ཚད་གཏིང་ཟབ་དུ་བཏང་ནས། ནོར་སྲིད་དང་དངུལ་རྩའི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ།
གསུམ། དམངས་གཉེར་དཔལ་འབྱོར་རྒྱ་ཆེན་པོར་འཕེལ་རྒྱས་སུ་གཏོང་དགོས། ཁུར་འཕྲི་ཡོན་གཅོག་མཉམ་སྡེབ་བྱེད་སྟངས་ཡག་པོར་བསྒྲུབ་ཏེ། ཁྲོམ་རར་ཞུགས་འཐུས་ཀྱི་ཚད་གཞི་ཇེ་དམའ་རུ་གཏོང་བ་དང་། ཁེ་ལས་པའི་སྙིང་སྟོབས་ནུས་ཤུགས་ཡོད་རྒུས་དར་སྤེལ་བྱེད་དགོས།
བཞི། ཕྱི་ནང་གཉིས་ཀར་སྒོ་འབྱེད་པའི་རྒྱ་ཇེ་ཆེར་གཏང་དགོས། རྒྱུད་གཅིག་ལམ་གཅིག་གི་ཁྲོད་དུ་ཧུར་ཐག་གིས་ཞུགས་པ་དང་། ན་གོར་མོ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་བཏང་སྟེ། མཚོ་སྔོན་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་པའི་རེ་ཞུ་འབུལ་བར་སྐུལ་འདེད་གཏོང་བ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སོགས་འགྲེམ་སྟོན་ཡག་པོར་གཉེར་ཏེ་གཏད་རོགས་སྐྱོར་གྱི་ལམ་སྲོལ་གསར་གཏོད་བྱེད་དགོས།
བདུན་པ། མི་དམངས་ཀྱི་འཚོ་བའི་རྒྱུ་སྤུས་མཐོར་འདེགས་གཏོང་དགོས། 
གཅིག ལས་ཞུགས་སྔོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ལས་བྲལ་ལས་ཤོར་མི་སྣ། གླ་རྒྱག་ཞིང་པ། ཟུར་ཐོན་དམག་མི་སོགས་ཚོགས་སྤྱི་གཙོ་བོའི་ལས་ཞུགས་བྱ་བ་ཡག་པོར་སྒྲུབ་དགོས
གཉིས། སྤྱི་ཚོགས་འགན་སྲུང་གི་ཚད་གཞི་མཐོར་འདེགས་སུ་གཏོང་དགོས། མུ་མཐུད་དུ་སྤྱི་ཚོགས་འགན་སྲུང་གི་གཞི་རྒྱ་ཆེར་སྐྱེད་ལ་སྐུལ་འདེད་དང་། རྒན་གསོའི་རྟེན་མ་གསུམ་པའི་འགན་བཅོལ་ཚད་ལྡན་དུ་འཕེལ་རྒྱས་སུ་བཏང་སྟེ། གྲོང་གསབ་ཀྱི་བདེ་སྐྱིད་རོགས་རེས་ཁང30གསར་སྐྲུན་དང་བསྒྱུར་བཀོད་བྱེད་དགོས།
གསུམ། སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བ། ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། དུས་རབས་གསར་བའི་བློ་སྦྱོང་སློབ་སྦྱོང་གི་ལས་གྲྭར་སྐུལ་འདེད་དང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གསར་གཏོད་ལྡན་པའི་སྒོ་ནས་སྤེལ་ཏེ། བྱིས་གཉོར་ཁང21དང་སློབ་གྲྭ་འབྲིང་ཆུང60གསར་སྐྲུན་དང་རྒྱས་སྐྲུན་བྱ་དགོས།
བཞི། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ། པྲོག་གསར་གློ་ཚད་རིམས་ནད་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ་གཏོང་བའི་འགག་སྒོ་ལེགས་པོར་བཙུགས་ནས་འགོག་སྡོམ་དང་སྐྱོབ་བཅོས་ནུས་པ་མྱུར་དུ་ཇེ་ཆེར་གཏང་དགོས། གཞུང་གཉེར་སྨན་ཁང་བཅོས་སྒྱུར་ཟབ་མོ་བྱེད་པ་དང་ས་ཆ་གཞན་དུ་སྨན་པ་བསྟེན་པ་ཐོ་འགོད་དང་འགྲོ་གྲོན་ཐད་ཀར་རྩིས་རྒྱག་པའི་ལམ་ལུགས་འཐུང་ཚང་དུ་གཏོང་དགོས།
ལྔ། རིག་གནས་ལུས་རྩལ་ལས་དོན་དར་རྒྱས་སུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཤུགས་ཆེན་པོས་དར་སྤེལ་དང་མཚོ་སྔོན་རིག་གནས་གཟེངས་རྟགས་འཛུགས་པར་སྐུལ་འདེད་བྱས་ནས། རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་དང་། མཚོ་སྐོར་ལྕགས་རྟ་འགྲན་བསྡུར། ཀྲུང་ཨུ་འཁྲགས་ལྡིར་འགྲན་སྡུར་སོགས་ཀྱི་འགྲན་སྡུར་ཡག་པོར་གཉེར་ཏེ། ཏུང་ཅིན་ཨོ་རྩལ་འགྲན་ཚོགས་དང་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས། རྒྱལ་ཡོངས་སྐབས་བཅུ་བཞི་བའི་ལུས་རྩལ་འགྲན་ཚོགས་བཅས་ལ་གྲ་སྒྲིག་ཡག་པོ་བྱ་དགོས།
དྲུག རིགས་སྣ10ཡི་དམངས་འཚོའི་དོན་དངོས་བཟོ་འགོད45ལག་བསྟར་བྱ་དགོས།
བརྒྱད་པ། སྤྱི་ཚོགས་བཅོས་སྐྱོང་ནུས་པ་མཐོར་འདེགས་གཏོང་དགོས། 
རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་གསར་གཏོད་བྱེད་པ། སྤྱི་བའི་བདེ་འཇགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱ་དགོས།
གཅིག རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས། 
“མི་རིགས་མཐུན་སྒྲིལ་ཡར་ཐོན+”མཉམ་འདྲེས་ངང་གོང་སྤེལ་གྱི་འགུལ་སྐྱོད་ལག་བསྟར་བྱས་ཏེ། གཞི་རིམ་གྱི་ཆོས་ལུགས་ཐད“སྲོག་ཤིང་གཅིག་དང་ཕྱོགས་མང་པོས་མཉམ་སྐྱོང”གི་གནས་བབ་གསར་བ་གཏོད་དགོས།
གཉིས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱ་དགོས། 
གསལ་རྗེན་ལས་གྲྭ་མགྱོགས་མྱུར་ངང་བསྐྲུན་པ་དང་། དགྲར་འཛིན་སྟོབས་ཤུགས་ཀྱི་ཁ་ཕྲལ་དང་སིམ་འཛུལ། གཏོར་བཤིག་བཅས་ཀྱི་བྱེད་སྒོར་རྡུང་རྡེག་དྲག་པོ་གཏོང་དགོས་ལ། ནག་སེལ་ངན་འཇོམས་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས།
གསུམ། སྤྱི་བའི་བདེ་འཇགས་འཛུགས་སྐྱོང་བྱེད་ཤུགས་ཇེ་རུ་གཏང་དགོས།
གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ལ་ཤུགས་བསྣན་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་འགུལ་སྐྱོད་སྤེལ་བ་དང་། ཟས་རིགས་དང་སྨན་རྫས། ཐོན་རྫས་ཀྱི་སྤུས་ཚད། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས།
ལྔ་བ། སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་ཤུགས་བསྣན་དགོས།
ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏང་དགོས།
རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱས་ཏེ་བྱ་བར་སྐུལ་འདེད་གཏོང་བ།
ཁྲིམས་སྐྱོང་སྲིས་གཞུང་མགྱོགས་མྱུར་ངང་འཛུགས་སྐྱོང་བྱེད་དགོས།
རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ་དང་། ཕྱོགས་སོ་སོའི་ལྟ་སྐུལ་རང་འགུལ་གྱིས་དང་ལེན་བྱེད་དགོས།
སྤྱོད་མཁས་སྒོས་དམངས་ཕྱུག་པོར་སྒྱུར་རྒྱུ་ནམ་ཡང་མཐའ་འཁྱོངས་བྱ་དགོས།
ད་ལོའི་གཙོ་གནད་མིན་པ་དང་ངེས་གཏོང་མིན་པའི་འགྲོ་སྒོ་ཆ་སྙོམས་ཀྱི15%གཅོག་པ་དང“གཞུང་གསུམ”གྲོན་དངུལ་ཡང་བསྐྱར5%ཡན་གཅོག་དགོས།
སྤྱོད་གཙང་སྲོལ་བཟང་ཤུགས་ཆེན་པོས་དར་སྤེལ་བྱ་དགོས།
སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་ཟབ་མོ་བཏང་སྟེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྒྱུན་འཁྱོངས་ལྷོད་མེད་སྒོས་བཅོས་སྒྲིག་བྱ་དགོས་ཤིང་། གཞི་རིམ་གྱི་འཁུར་བོ་ཇེ་ཡང་དུ་བཏང་བའི་གྲུབ་འབྲས་བརྟན་སྲུང་དང་རྒྱ་བསྐྱེད་དགོས།  །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།