༄༅།། མཚོ་ལྷོ་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-03-01 17:16:03 ཀློག་གྲངས།:
ཚོགས་འདུ་འགོ་རྩོམ་བཞིན་པ། 
      ཟླ3པའི་ཚེས1ཉིན། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་ཁུལ་གྲོས་ཚོགས་ལྟེ་གནས་སུ་ཚོགས། གྲོས་ཚོགས་སྟེང་འབྱོར་དགོས་པའི་ཨུ་ཡོན238ཡིན་པ་དང་། དངོས་སུ་འབྱོར་བའི་ཨུ་ཡོན207ཡོད་པས། སྲིད་གྲོས་སྒྲིག་ཡིག་གི་གཏན་འབེབ་དང་མཐུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའམ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁུའེ་དང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བསོད་ནམས་དོན་གྲུབ་རྣམ་གཉིས་ཚོགས་འདུས་གདན་ཞུ་ལྟར་ཀྲུའུ་ཞི་སྟེགས་བའི་མདུན་གྲལ་དུ་བཞུགས། ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་ད་རུང་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀུན་བཟང་དང་རིན་ཅན་མེང་། ཀུན་བཟང་པདྨ་རྣམ་རྒྱལ། བློ་གསལ་རྒྱ་མཚོ་བཅས་བཞུགས་ཤིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དཔལ་ལྡན་གྱིས་ཚོགས་འདུར་འགོ་འཛིན་གནང་།
སྲིད་གྲོས་ཀྱི་ཀྲུའུ་ཞི་ཀུན་བཟང་གིས་བྱ་བའི་སྙན་ཞུ་ཕུལ།
རིགས་ཁུངས་ཁག་གི་ཨུ་ཡོན་རྣམ་པ། 
     ཚོགས་ཆེན་གྱིས་གདན་ཞུ་ལྟར་ཁུལ་དམངས་ཆེན་གྱི་ཀྲུའུ་རིན་རེན་ཅན་མེན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀརྨ་ཕུན་ཚོགས། དེ་མིན་ཁུལ་ཨུའི་རྒྱུན་ཨུ་སོ་སོ་དང་ཁུལ་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་སོ་སོ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སོ་སོ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་ཀྲུའུ་ཞི་སྟེགས་བུར་བཞུགས།  ཁུལ་ཨུའི་པུའུ་ཨུ་སོ་སོ་དང་ཞིང་ཆེན་གྱི་ལས་ཁུངས་ཆབ་ཆར་སྡོད་པའི་འགན་ཁུར་པ་སོ་སོ་བཅས་བསྡོམས་པས་མི57ཚོགས་ཞུགས་བྱས། གྲོས་ཚོགས་སྔ་དྲོའི་དུས་ཚོད10:30ཡི་སྟེང་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་བརྩམས།གྲོས་ཚོགས་སྟེང་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཀུན་བཟང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ། 
ཚོགས་རའི་ཟུར་ཞིག
     ཀུན་བཟང་གིས་བསྟན་དོན། ལོ་གཅིག་གི་རིང་ལ་ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ལྷན་ཁང་གིས་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་དང་།  དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་འོས་འགན་གསར་བ་ཁོང་དུ་ཆུད་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་སྤུས་འདེགས་ནུས་མཐོའི་ལོ་གསུམ་བྱ་འགུལ་གྱི་གོ་སྐབས་ལ་བརྟེན་ནས། ཕྱོགས་ཆེའི་ལས་འགན་དང་དཀྱིལ་སྙིང་བྱ་བར་དམ་པོར་དམིགས་ཏེ་ཆེད་དོན་གྲོས་མོལ་སྒྲིག་གཞི་ཡི་ནུས་པ་འདོན་སྤེལ་བྱས་པ་དང་། མཚོ་ལྷོ་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་ཐོན་ལས་གཅིག་སྡུད་འཕེལ་རྒྱས་སྔོན་སྐྱོད་ཁུལ་བསྐྲུན་རྒྱུར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཕུལ་ཡོད་ལ། དེར་གཙོ་བོར་ཕྱོགས་གསུམ་གྱི་བཀྲག་མདངས་ལྷང་ངེ་བ་མངོན་ཡོད། 
     ཀུན་བཟང་གིས་བསྟན་དོན། 2020ལོར། ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ལྷན་ཁང་གིས་ཆབ་སྲིད་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་གསར་བ་བྱས་ཡོད་ལ། འགན་སྒྲུབ་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ་དམངས་གཙོ་གྲོས་མོལ་ལ་གྲུབ་འབྲས་གསར་བ་བླངས་པ་དང་། སྤུས་ཚད་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ་བརྟག་ཞིབ་དང་གཟིགས་ཞིབ་ལ་གྲུབ་འབྲས་གསར་བ་བསྡུ་རུབ་བྱས་པ། འཆམ་མཐུན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ་མཉམ་ལས་མཉམ་སྒྲུབ་ཀྱི་ཐད་དུ་གསོན་ཤུགས་གསར་བ་མངོན་ལ། གནད་དོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ་རང་ངོས་འཛུགས་སྐྱོང་ཐད་དུ་གོམ་སྟབས་གསར་བ་སྤོས་ནས་སྲིད་གྲོས་ཀྱི་བྱ་བ་ཁག་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད།
      ཀུན་བཟང་གིས་བསྟན་དོན། 2021ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བའི་ལོ་ཡིན་ལ། “ལྔའི་བཅུ་བཞི་བའི” འཆར་འགོད་ལག་བསྟར་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་རྒྱང་སྐྱོད་ལམ་བུ་གསར་བ་བཏོད་པའི་ལོ་དང་པོའང་ཡིན། ཁུལ་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ལྷན་ཁང་གི་བྱ་བའི་སྤྱིའི་བསམ་ཕྱོགས་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཀྲུང་གུང་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་དེ་བཞིན་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་ཀྱི་བྱ་བའི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱས་ནས། ཀྲུང་གུང་མཚོ་ལྷོ་ཁུལ་ཨུ་ཡི་བརྟན་བརླིང་འགོ་ཁྲིད་འོག མཐུན་སྒྲིལ་དང་དམངས་གཙོ་གཉིས་ཀྱི་བརྫོད་བྱ་གཙོ་བོར་དམ་པོར་དམིགས་ནས། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་གྱིས་ལག་བསྟར་བྱས་ཏེ། དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་དང་ལམ་ལུགས་ལམ་སྲོལ་འཛུགས་སྐྱོང་། རང་ངོས་ནུས་པ་འཛུགས་སྐྱོང་བཅས་ལ་ནུས་ཡོད་སྐུལ་འདེད་གཏོང་དགོས་པ་དང་།  “ལྔའི་བཅུ་བཞི་བའི” འཆར་འགོད་བདེ་བླག་ངང་འགོ་འཛུགས་ཐུབ་པ་དང་། སྔོན་སྐྱོད་ཁུལ་གཉིས་འཛུགས་སྐྲུན་བྱེད་པ་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།
      ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཅན་མེད་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གྱི་མངགས་བཅོལ་ལྟར། ཚོགས་ཐོག་ནས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཚུན་ལ་གྲོས་གཞི་བཏོན་པའི་བྱ་བའི་གནས་ཚུལ་སྙན་ཞུ་བྱས། 
      ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཅན་མིང་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གྱི་མངགས་བཅོལ་ལྟར། ཚོགས་ཐོག་ནས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཚུན་ལ་གྲོས་གཞི་བཏོན་པའི་བྱ་བའི་གནས་ཚུལ་སྙན་ཞུ་བྱས། ཁོང་གིས་བཤད་རྒྱུར། ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་ཚུན་ལ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་གྲོས་གཞི་བཟང་བོ་བཏོན་པ་དང་ལྟེ་གནས་འགན་འཁྲི་ལ་ཞབས་ཕྱི་བྱས་ནས་འགན་འཁྲི་གསར་བ་མངོན་ཞིང་། ཕྱོགས་གཉིས་ཀར་ནུས་ཤུགས་འདོན་པ་རྒྱུན་འཁྱོངས་བྱས་ནས་གྲུབ་འབྲས་བཟང་བོ་བླངས། གྲོས་གཞི་འདོན་སྟངས་བརྒྱུད་ནས་ཁྱོན་བསམ་འཆར་དང་གྲོས་གཞི96བཏོན་ཡོད་པ་དང་། ཨུ་ཡོན་ཟབ་ཞུགས་བྱས་པའི་མི་གྲངས179(ཐེངས)ཡོད་པ་རེད། གྲོས་ཚོགས་ཀྱི་གྲོས་གཞི་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གི་ཐོག་མའི་ཞིབ་དཔྱད་དང་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་བསྐྱར་ཞིབ། ཁུལ་སྲིད་གྲོས་ཀྲུའུ་ཞི་ཚོགས་པའི་ཞིབ་དཔྱད་བརྒྱུད། གྲོས་གཞི61དངོས་སུ་ཐོ་འགོད་བྱས་ཤིང་། ཐོ་འགོད་བྱས་མེད་པའི་གྲོས་གཞི35དེ་བསམ་འཆར་དང་གྲོས་འགོའི་ནང་དུ་བཞག 2020ལོའི་ལོ་མཇུག་བར། གྲོས་གཞི་འདོན་པའི་བྱ་བ་ཡོངས་སུ་མཇུག་རྫོགས་ལ། བྱ་བ་བསྒྲུབས་པའི་གནས་ཚུལ་ལ་གཞིགས་ན། གྲོས་གཞི་དང་བསམ་འཆར96བསྡུ་ལེན་བྱས་ནས་བསྒྲུབས་པའི་ཚད100%སླེབས་ཡོད།  གྲོས་གཞི་ཐག་གཅོད་བྱས་ཟིན་པ་དང་ཕལ་ཆེར་ཐག་གཅོད་བྱས་པ59ཡོད་ལ91.8%ཟིན། བསམ་འཆར་བཏོན་པའི་གནས་ཚུལ་ལ་གཞིགས་ན། ཨུ་ཡོན་རྣམ་གྱིས་འགན་སྒྲུབ་ལས་ཁུངས་སོ་སོའི་བྱ་བ་ཐག་གཅོད་བྱས་པའི་མཇུག་འབྲས་ལ་ཡིད་ཚིམ་པའི་ཚད95.8%སླེབས་ཡོད་པ་རེད། གྲོས་གཞི་བཏོན་པ་དེས་རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བསྒྱུར་སྐུལ་འདེད་ཐད་ནུས་ཤུགས་གལ་ཆེན་ཐོན་ཡོད་པ་རེད།། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།