ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > ༄༅།།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་བརྒྱད་པ་ཚོགས་མགོ་བརྩམས།
༄༅།།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་བརྒྱད་པ་ཚོགས་མགོ་བརྩམས།
རྩོམ་པ་པོ།:ངེད་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2021-03-03 08:57:54
ཀློག་གྲངས།:
ཟླ3པའི་ཚེས2ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་བརྒྱད་པ་ཁུལ་གྲོས་ཚོགས་ལྟེ་གནས་སུ་འཚོགས། ཚོགས་འདུར་ཞུགས་དགོས་པའི་འཐུས་མི244ཡིན་ལ། འཐུས་མི210དངོས་སུ་ཚོགས་འདུར་ཞུགས་ཡོད་པས། ཁྲིམས་ཀྱིས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན། སྔ་དྲོའི་དུས་ཚོད9ཡི་སྟེང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་བརྩམས་ཤིང་ཝང་ཅན་མེན་གྱིས་ཚོགས་འདུར་འགོ་འཛིན་གནང་།
ཚོགས་འདུ་ཚོགས་མགོ་རྩོམ་བཞིན་པ། མཛད་སྒོའི་ལག་བསྟར་ཀྲུའུ་ཞི་ཀྲང་ཝུན་ཁུའེ། ཝང་ཅན་མེན། ལིན་ཆིན་ཅིས། གསེར་མཚོ། ལིས་ཅན་ཆིས། ལིས་ཟོང་ཟིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས། དགའ་བསུ་ཆེན་མོའི་ཁྲོད་ཁུལ་དཔོན་བསོད་ནམས་དོན་འགྲུབ་ཀྱིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུར་ཁག་གསུམ་བགོས་ཡོད་དེ། གཅིག 2020ལོ་དང“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”བྱ་བར་ཕྱིར་དྲན་བྱེད་པ།གཉིས།“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དམིགས་འབེན་གཙོ་བོ་དང2035ལོའི་རྒྱང་རིང་དམིགས་འབེན། གསུམ། 2021ལོའི་སྤྱིའི་བྱ་བའི་རེ་འདུན་དང་བྱ་བ་གཙོ་བོའི་འགན་འཁྲི།
ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་ཚོགས་ཆེན་ལ་སྙན་ཞུ་འབུལ་བཞིན་པ།
ཚོགས་རའི་ཟུར་ཞིག
ཚོགས་རའི་ཟུར་ཞིག བསོད་ནམས་དོན་འགྲུབ་ཀྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནི་མཚོ་ལྷོའི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། གློ་བུར་དུ་བྱུང་ཞིང་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་རིམས་ནད་ཚབས་ཆེན་དང་། རྙོག་འཛིང་ཆེ་བའི་ཕྱི་ནང་གི་ཁོར་ཡུག་གི་མདུན་དུ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁུལ་ཨུས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སེམས་ནུས་གཅིག་སྒྲིལ་དང་དཀའ་སེལ་ཡར་བརྩོན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ཐོག “བརྟན་པོ་དྲུག”གི་བྱ་བ་ཏན་ཏིག་ངང་ལེགས་པོར་བསྒྲུབས་པ་དང་། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ཧུར་ཐག་གིས་སྐུལ་འདེད་བཏང་བར་བརྟེན། དཔལ་འབྱོར་འཁོར་སྐྱོད་བརྟན་པོའི་ངང་ཡར་རྒྱས་བྱུང་བ་དང་། གྲུབ་ཚུལ་ལེགས་སྒྲིག་གི་གོམ་སྟབས་ཇེ་མགྱོགས་སུ་སོང་བ། སྒུལ་ནུས་བརྗེ་སྒྱུར་ཕྱོགས་ཡོངས་ཇེ་མགྱོགས་སུ་བཏང་བ། དམངས་ཚིས་བདེ་རྩ་རྒྱུན་མཐུད་ངང་མང་དུ་སོང་བ། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ་བཅས་ཀྱི་གནས་བབ་བཟང་བོ་རྒྱུན་འཁྱོངས་བྱས་ཏེ། དམིགས་བསལ་གྱི་ཉམས་སད་ཐེག་པའི་ལོར་རང་གི་འགན་འཁྲི་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་རྒྱུགས་ཤོག་ཡག་པོ་ཞིག་ཕུལ་ཡོད། ལོ་ཧྲིལ་བོར་ས་གནས་ཀྱི་ཐོན་སྐྱེད་བསྡོམས་ཐང་སྒོར་དུང་ཕྱུར181.6མངོན་འགྱུར་བྱུང་ནས2.99%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ལ་མ་དངུལ་སྒོར་དུང་ཕྱུར218.6བཏང་ནས36.11%འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར13.7ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས12.5%འཕར་ཡོད། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ7.11%འཕར་བ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང3.3%འཕར་ཡོད།
བསོད་ནམས་དོན་འགྲུབ་ཀྱིས་བསྟན་དོན། ལོ་ལྔའི་བཅུ་བཞི་པའི”དུས་སྐབས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་རྗེས། བབ་བསྟུན་འཕྲལ་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་པའི་ལོ་ལྔ་ཚན་དང་པོ་ཡིན་ལ། མཚོ་ལྷོས་དུས་རབས་གསར་བའི་ནང་རྗེས་སྙེག་མཆོངས་བརྒལ་གྱི་ལེའུ་གསར་བ་འགོད་པའི་འགག་རྩའི་དུས་སྐབས་ཤིག་ཀྱང་ཡིན།
རྗེས་བསྙེག་མཆོངས་བརྒལ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་ཁྲོད་དུ་དེང་རབས་ཅན་གྱི་ལམ་བུའི་ཐོག་ཡག་པོར་སྐྱོད་ཐུབ་པ་དང་སྤུས་ཚད་མཐོ་བའི་སྐས་རིམ་དུ་སླེབས་ཐུབ་ངེས། ཁུལ་ཨུའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་འགོད་བཅུ་བཞི་དང2035ལོའི་རྒྱང་རིང་གི་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་འགོ》གཞིར་བཟུང་ནས། ང་ཚོས《མཚོ་ལྷོ་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང2035ལོའི་རྒྱང་རིང་དམིགས་འབེན་རྩ་གནད(འཆར་ཟིན》བཟོ་འགོད་བྱས་ཏེ་ཚོགས་ཆེན་ལ་ཞིབ་བཤེར་གནང་བྱར་འབུལ་རྒྱུ་ཡིན།《རྩ་གནད་འཆར་ཟིན》ནང“ལོ་ལྔའི་བཅུ་བཞིའི”དུས་སྐབས་ཀྱི་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་། སྤྱིའི་བཀོད་པ། དམིགས་འབེན་གཙོ་བོ། ལས་འགན་གཙོ་བོ་སོགས་ངེས་གསལ་བྱས་ཏེ། སྤྱིའི་ཆ་ནས“བརྗོད་དོན་གཙོ་བོ་གཅིག”ལ་དམིགས་ཏེ“ལས་འགན་གཉིས”འབུར་དུ་ཐོན་པ་དང་། “ལེགས་ཆ་གསུམ”འདོན་སྤེལ་བྱས་ཏེ“ཐོན་ལས་ཆེན་པོ་བཞི”ལ་གཙོ་རྒོལ་བྱེད་པ་དང“ཁུལ་བཞིའི་དཔེ་མཚོན་གསུམ”བསྐྲུན་གང་ཐུབ་བཅས་བྱས་ཏེ་གཤམ་གསལ་ཕྱོགས་དྲུག་གི་ལས་འགན་འབུར་དུ་ཐོན་པའི་སྒོ་ནས་བསྟན་ཡོད།
ཚོགས་འདུའི་ཟུར་ཞིག
བསོད་ནམས་དོན་འགྲུབ་ཀྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་གྲུབ་འབྲས་ནི་ང་ཚོས་མུ་མཐུད་དུ་འབད་བརྩོན་དང་བྱ་བ་ཏན་ཏིག་གིས་བསྒྲུབས་པ་ལས་ཐོབ་པ་ཞིག་ཡིན་ལ། “ལོ་ལྔའི་བཅུ་གསུམ་པའི”འཆར་འགོད་ཕུན་སུམ་ཚོགས་པའི་ངང་མཇུག་སྒྲིལ་བའི་ལོའང་ཡིན། ལོ་ལྔའི་རིང་ལ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་རྩ་བའི་གནས་ཚུལ་དང“ཏན་ཏིག་བཞིའི”བླང་བྱ་གལ་ཆེན་ལྟར། སྒྱུར་བཅོས་སྒོ་འབྱེད་ཀྱི་ཁྲོད་འགྱུར་ལྡོག་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། ཉེན་ཁ་སེལ་བའི་ཁྲོད་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ཡོང་བར་བྱེད་པ། འགྲན་སློང་བསུ་བའི་ཁྲོད་བརྟན་ལྷིང་ལ་བརྟེན་ནས་བབ་བསྟུན་བྱེད་པ་བཅས་བྱས་ཐོག ངེས་གཏན་མེད་པའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་དེ། རྒྱུན་རྣམ་གསར་བར་འཚམ་པ་དང་འཕེལ་རྒྱས་གསར་བར་སྐུལ་འདེད་གཏོང་བའི་ལག་ལེན་འཚོལ་ཞིབ་བྱས་པར་བརྟེན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མི་སེམས་སྒུལ་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་ལྔའི་རིང་ལ། ང་ཚོས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་བས་ཕྱོགས་བསྡུས་སྟོབས་ཤུགས་སྐས་རིམ་གསར་བ་ཞིག་ཏུ་སླེབས་ཡོད།
ཁུལ་ཡོངས་ཀྱི་ས་གནས་ཐོན་སྐྱེད་བསྡོམས་ཐང་དེ“ལོ་ལྔའི་བཅུ་གཉིས་པའི”དུས་མཇུག་གི་སྒོར་དུང་ཕྱུར124.1ནས་“ལོ་ལྔའི་བཅུ་གསུམ་པའི”དུས་མཇུག་གི་སྒོར་དུང་ཕྱུར181.6ལ་འཕར་ནས་ལོ་རེར་ཆ་སྙོམས་ཀྱིས4.5%འཕར་བ་དང་། མི་རེའི་ཆ་སྙོམས་ས་གནས་ཐོན་སྐྱེད་བསྡོམས་ཐང་སྒོར་ཁྲི་ཚོ3.8ལ་སླེབས་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར920ལ་སླེབས་པ་དང་། ལོ་རྗེས་མ་གསུམ་གྱི་ནང་ལོ་རེར་ཆ་སྙོམས་ཀྱིས10.6%འཕར་ཡོད། ས་གནས་ཀྱི་སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར55ལས་བརྒལ་བ་དང་། ལོ་རེར་ཆ་སྙོམས་ཀྱིས7%འཕར་ཡོད། ནོར་སྲིད་ཀྱི་སྤྱིར་བཏང་སྤྱི་བའི་སྔོན་རྩིས་གཏོང་སྒོ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར544ལ་སླེབས་ནས་ལོ་རེར་ཆ་སྙོམས་ཀྱིས4.3%འཕར་བ་དང་། མི་རེའི་ཆ་སྙོམས་ནོར་སྲིད་གཏོང་སྒོ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཡུལ་སྐོར་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར125ལས་བརྒལ་བ་དང་། བཟོ་ལས་འཕར་ཐང་ལོ་རེར་ཆ་སྙོམས་ཀྱིས10.6%འཕར། སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར24.7ནས་སྒོར་དུང་ཕྱུར31.6ལ་འཕར་བ་དང་། ལོ་རེར་ཆ་སྙོམས་ཀྱིས5%འཕར་ཡོད། དངུལ་རྩ་ལས་ཁུངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་དང་དངུལ་བུན་གྱི་ལྷག་གྲངས་ལོ་ལྔའི་གོང་ལས་སྒོར་དུང་ཕྱུར18.1དང་སྒོར་དུང་ཕྱུར66.3འཕར་ཡོད། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་ལོ་རེར་ཆ་སྙོམས་ཀྱིས9%འཕར་བ་དང་། རྩིས་གཞི་རེའིGDPནུས་ཁུངས་ཟད་གྲོན་ལོ་རེར་ཆ་སྙོམས་ཀྱིས0.5%མར་ཆག་ཡོད། དཔལ་འབྱོར་སྤྱི་འབོར་རྒྱུན་ཆད་མེད་པར་རྒྱ་སྐྱེད་བྱུང་བ་དང་། སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་བ་གཏོད་པར་རྨང་གཞི་བརྟན་པོ་བཏིང་ཡོད།
བསོད་ནམས་དོན་འགྲུབ་ཀྱིས་ནན་གྱིས་བསྟན་དོན། ལོ་ལྔའི་རིང་འབད་འཐབ་བྱས་ནས་ཐོབ་པའི་གྲུབ་འབྲས་ནི་ལས་སླ་བོ་ཞིག་མིན་ལ། འཚོལ་ཞིབ་དང་གསོག་འཇོག་བྱས་པའི་ཉམས་མྱོང་ནི་ཧ་ཅང་རྩ་ཆེན་ཞིག་རེད། ལོ་ལྔའི་ལག་ལེན་ཕྱོགས་བསྡོམས་བྱས་ན། ང་ཚོར་མྱོང་ཚོར་ཟབ་མོ་ཞིག་སྐྱེས་ཐུབ་པ་ནི། མཚོ་ལྷོའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ན། གཙོ་འཛིན་གྱི་བསམ་བློ་མཛུབ་སྟོན་དུ་འཛིན་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་པའི་འདུ་ཤེས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་བླ་ན་མེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། བསྒྱུར་བཅོས་གསར་གཏོད་དང་སྒོ་འབྱེད་རྒྱ་སྐྱེད་གཏོང་རྒྱུ་དེ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། རིགས་སོ་སོའི་མི་དམངས་མཐུན་སྒྲིལ་ཡར་ཐོན་ཡོང་བ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས།ན་འཁྱོངས་བྱེད་དགོས། རྨང་གཞི་དེའི་སྟེང་ནས་སླར་ཡང་ལོ་བཅུ་ལ་འབད་འཐབ་བྱས་ཏེ2035ལོར་སླེབས་སྐབས། རང་ཁུལ་གྱི་དཔལ་འབྱོར་ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་གྱིས་ཆེ་རུ་ཕྱིན་ནས་དཔལ་འབྱོར་བསྡོམས་འབོར་དང་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པ་དང་། གཞི་རྩའི་སྤྱི་བའི་ཞབས་ཕྱི་ཆ་སྙོམས་ཅན་དུ་འགྱུར་ཐུབ་པ། གསར་གཏོད་འཕེལ་རྒྱས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ཁྱོན་ཡངས་པའི་གུང་ཧོ་གཤོང་ས་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕར་གཞི་གལ་ཆེན་ཞིག་ཏུ་འགྱུར་ཐུབ་པ། ཐོན་ལས་ཆ་འཕྲིན་ཅན་གསར་བ་དང་། མཁར་གྲོང་འཕེལ་རྒྱས་གཞི་གཅིག་ཅན། ཞིང་ཕྱུགས་ཐོན་ལས་དེང་རབས་ཅན། རིག་གནས་ཡུལ་སྐོར་ཐོན་ལས་རྩེར་སོན་ཅན་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱས་ཏེ། མཚོ་ལྷོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ལྗང་མདོག་དཔལ་འབྱོར་མ་ལག་བསྐྲུན་པ་དང་། སྐྱེ་ཁམས་མ་ལག་གི་འཁོར་རྒྱུག་ནུས་པ་བཟང་བོ་དང་རྒྱུན་མཐུད་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་ཕྱོགས་ཡོངས་ནས་ཆགས་ཐུབ་པ་དང་།“མཛེས་ལྡན་མཚོ་ལྷོའི”དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས། ས་གནས་བཅོས་སྐྱོང་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པ། ཁྲིམས་སྐྱོང་མཚོ་ལྷོ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་ཕལ་ཆེར་འཛུགས་བསྐྲུན་བྱས་ཏེ་བདེ་འཇགས་མཚོ་ལྷོའི་འཛུགས་སྐྱོང་ཆུ་ཚད་སྔར་ལས་མཐོ་བར་བསླེབ་ཐུབ་པ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་སློབ་གསོ་དང་རིག་གནས་ཀྱི་བྱང་ཚད་དང་། སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་མཐོ་ཚད་གསར་བ་ཞིག་ཏུ་བསླེབ་ནས་མི་དམངས་ཀྱི་འཚོ་བ་སྔར་ལས་མཛེས་སྡུག་ལྡན་པ་དང་། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་ཐུན་མོང་ཕྱུག་འགྱུར་ལ་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས།
བསོད་ནམས་དོན་འགྲུབ་ཀྱིས་བསྟན་དོན། སྲིད་གཞུང་གི་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་ན་དོན་སྙིང་གལ་ཆེན་ལྡན་ཞིང་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་ཡིན། སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་དང་དེ་མིན་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་།“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་དངོས་འབེབས་གཏིང་ཟབ་དང་། བརྟན་ཐོག་ཡར་འཕེལ་ཡོང་བའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་གཞི་བཙུགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་ཧུར་ཐག་གིས་ཞུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། སྒྱུར་བཅོས་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་བྱེད་པ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་བྱེད་པ། ཁྱོན་ཡངས་པའི་གུང་ཧོ་གཤོང་ས་དར་རྒྱས་སུ་འགྲོ་བའི་ནོར་གཞོང་དུ་འགྱུར་བ་རྩ་བའི་ཁ་ཕྱོགས་སུ་འཛིན་པ། མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ་གཞི་རྟེན་གལ་ཆེན་དུ་བྱེད་པ་བཅས་བྱས་ཏེ།“ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱེད་པ་དང་།“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ།“ཐོན་ལས་ཆེན་པོ་བཞི”གང་མགྱོགས་ཀྱིས་འཕེལ་རྒྱས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས“ཁུལ་བཞིའི་དཔེ་མཚོན་གསུམ”གཏོད་པ། སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ།“བརྟན་པོ་དྲུག”གི་བྱ་བ་ཏན་ཏིག་གིས་སྒྲུབ་པ།“འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་ཧུར་ཐག་བྱས་ཏེ།“ལོ་ལྔའི་བཅུ་བཞི་བའི”འགོ་ཡག་པོ་འཛུགས་ཐུབ་པར་འགན་ལེན་བཅས་བྱས་ནས་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དེ་ཡིན།
ད་ལོའི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་གནས་ཐོན་སྐྱེད་བསྡོམས་ཐང 6%ཡན་འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་ ཚད6%ཡས་མས་འཕར་བ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་5%ཡས་མས་འཕར་བ། སྡོད་དམངས་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ་རྒྱུན་འཁྱོངས་བྱེད་པ། གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.5%ནང་ཚུན་དུ་ཚོད་འཛིན་བྱེད་ཐུབ་པ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་མི་ཐེངས་ཁྲི་ཚོ4.5བྱེད་པ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3%ཡས་མས་སུ་ཚོད་འཛིན་ཐུབ་པ། མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད 91.1%ཡན་རྒྱུན་འཁྱོངས་བྱེད་ཐུབ་པ། རྨ་ཆུ་མངའ་ཁོངས་ནས་ཕྱིར་ཐོན་པའི་ཆུའི་སྤུས་ཚད་རིགསⅡཡན་ལ་བསླེབ་ཐུབ་པ། ནུས་སྲི་སྙིགས་འཕྲི་དང་ཐཱན་ཉུང་གཏོང་དེ་ཞིང་ཆེན་གྱི་གཏན་འཁེལ་དམིགས་ཚད་ནང་ཚོད་འཛིན་ཐུབ་པ་དང་། འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན་ཁྲི་ཚོ15ཡན་རྒྱུན་འཁྱོངས་ཐུབ་པ་བཅས་བྱ་རྒྱུ་དེ་ཡིན། གོང་གསལ་དམིགས་ཚད་ནི་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་དུས་བབ་འོག རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁོར་ཡུག་དང་མཚོ་ལྷོའི་དོན་དངོས་ལ་གཞི་བཙུགས་ཏེ། ཕྱོགས་སོ་སོའི་འདེགས་སྐྱོར་ཆ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས་གཏན་འཁེལ་བྱས་པ་ཞིག་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པར་མ་ཟད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་མཚོ་ལྷོ་གསར་བ་འཛུགས་སྐྲུན་གྱི་འཐབ་ལམ་གསར་བའི་ཕྱིའི་བླང་བྱའང་མཚོན་ཡོད།
བསོད་ནམས་དོན་འགྲུབ་ཀྱིས་ནན་གྱིས་བསྟན་དོན། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་འགན་ལྕི་ཞིང་། འགྲན་སློང་མང་བ་དང་བླང་བྱ་མཐོ་བས། ང་ཚོས་ཡིད་ཆེས་བརྟན་པོ་དང་།དཀའ་སེལ་འགག་སྒྲོལ།ཧུར་ཐག་ལས་སྒྲུབ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བཅས་བྱས་ཏེ་གཤམ་གསལ་ཕྱོགས་བརྒྱད་ཀྱི་བྱ་བ་གཙོ་གནད་དུ་བཟུང་ནས་ལེགས་པར་བསྒྲུབ་དགོས། གཅིག སྐྱེ་ཁམས་དཔལ་ཡོན་ལ་དམིགས་ནས་བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བཟོ་དགོས། གཉིས།དངུལ་གཏོང་དང་འཛད་སྤྱོད་ལ་དམིགས་ནས་བློ་བརྟན་འགྱུར་མེད་ཀྱིས་ལས་གཞི་དམ་འཛིན་ཡག་པོ་བྱས་ནས་ནང་མཁོ་ལ་སྐུལ་འདེད་གཏོང་དགོས། གསུམ།ཐོན་ལས་དམངས་ཕྱུག་ལ་དམིགས་ནས་བློ་བརྟན་འགྱུར་མེད་ཀྱིས་ལྗང་མདོག་ཐོན་ལས་མ་ལག་སྟོབས་ཆེར་གཏོང་དགོས། བཞི།མཁར་གྲོང་མཉམ་འདྲེས་ལ་དམིགས་ནས་བློ་བརྟན་འགྱུར་མེད་ཀྱིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ལྔ།སྒྱུར་བཅོས་གསར་གཏོད་ལ་དམིགས་ནས་བློ་བརྟན་འགྱུར་མེད་ཀྱིས་ས་ཁོངས་ཡོངས་ཀྱི་སྒོ་འབྱེད་མཉམ་ལས་རྒྱ་སྐྱེད་གཏོང་དགོས། དྲུག དམངས་ཚིས་འགན་ལེན་ལ་དམིགས་ནས་བློ་བརྟན་འགྱུར་མེད་ཀྱིས་ཐོབ་སྣང་དང་བདེ་སྣང་ཆེ་རུ་གཏོང་དགོས། བདུན། ཁྲིམས་ལྟར་ཁུལ་སྐྱོང་བར་དམིགས་ནས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། བརྒྱད། ཕྱོད་ཆེ་སྤྱོད་གཙང་ལ་དམིགས་ནས་བློ་བརྟན་འགྱུར་མེད་ཀྱིས་མི་དམངས་བློ་ཡིད་ཚིམ་པའི་སྲིད་གཞུང་འཛུགས་སྐྱོང་བྱེད་དགོས།
བསོད་ནམས་དོན་འགྲུབ་ཀྱིས་མཇུག་མཐར་བསྟན་དོན། དེ་རིང་གི་མཚོ་ལྷོས་དུས་དང་རྣམ་པ་ཀུན་ཏུ་མདུན་སྐྱོད་ཀྱི་གཏིང་ཤུགས་སྔར་ལས་དྲག་པོ་ཞིག་བསགས་ཡོད་ཅིང་། དེ་རིང་གི་མཚོ་ལྷོར་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལམ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་གིས་སྒུག་ཡོད་པས་ན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་ང་ཚོས་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག འཆར་གཞི་རུམ་ལ་བཅུག་ནས་སླར་ཡང་མདུན་དུ་སྐྱོད་པ་དང་། དྲིན་ཚོར་འབད་བརྩོན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་ཞུགས་ཏེ། འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་ལྷོ་གསར་བ་མགྱོགས་མྱུར་གྱིས་བསྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་བར་གོམ་སྟབས་ཆེན་པོས་སྐྱོད་པའི་ལེའུ་གསར་བ་ཧུར་ཐག་གིས་བརྩམ་སྟེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་བསུ་བ་བྱེད་དགོས་སོ།།
ཚོགས་ཆེན་སྟེང་། མཚོ་ལྷོ་ཁུལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་དང2035ལོའི་རྒྱང་རིང་དམིགས་འབེན་ཡིག་ཐོག་ནས་ཞིབ་བཤེར་དང་། མཚོ་ལྷོ་ཁུལ་གྱི2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འེཕལ་རྒྱས་ཀྱི་འཆར་འགོད་ལག་བསྟར་གནས་ཚུལ་དང2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་སྙན་ཞུར་ཞིབ་བཤེར་བྱས། དེ་མིན་མཚོ་ལྷོ་ཁུལ་གྱི2020ལོའི་ནོར་དོན་སྔོན་རྩིས་ལག་བསྟར་གནས་ཚུལ་དང2021ལོའི་ནོར་དོན་སྔོན་རྩིས་སྙན་ཞུར་ཡིག་ཐོག་ནས་ཞིབ་བཤེར་བྱས་པ་རེད།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཅན་ཆིས་ཀྱིས་མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་ཁོར་ཡུག་བདེ་ཐང་དོ་དམ་དོན་ཚན་སྐོར་གྱི་གནས་ཚུལ་གསལ་བཤད་བྱས། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་འབྲེལ་ཡོད་པུའུ་ཨུ་དང་མི་དམངས་ཚོགས་པའི་འགན་འཁུར་བ། མཚོ་ལྷོ་ཁུལ་མི་དམངས་དྲིད་གཞུང་གི་ཚོགས་པའི་མི་སྣ། སྐབས་བཅུ་གསུམ་པའི་ཁུལ་སྲིད་གྲོས་ཚོགས་ཐེངས་བརྒྱད་པར་ཞུགས་པའི་ཨུ་ཡོན་དང་ཚོགས་ཞུགས་མི་སྣ། མཚོ་ལྷོ་ཁུལ་དམག་ཁུལ། ཁུལ་སྲིད་གཞུང་འབྲེལ་ཡོད་བྱ་བའི་སྡེ་ཁག་དང་ཞིང་ཆེན་གྱི་འགན་འཁུར་བ། ཁུལ་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་གཞོན་པ། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཁག་ཅིག ཁུལ་གཏོགས་འབྲེལ་ཡོད་ཁེ་ལས་གཞུང་དོན་སྡེ་ཁག་དང་དམངས་གཉེར་ཁེ་ལས་ཀྱི་འགན་འཁུར་བ་ཁ་ཤས་བཅས་ཚོགས་ཆེན་ལ་ཞུགས།།




བསོད་ནམས་དོན་འགྲུབ་ཀྱིས་བསྟན་དོན། ལོ་ལྔའི་བཅུ་བཞི་པའི”དུས་སྐབས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་རྗེས། བབ་བསྟུན་འཕྲལ་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་པའི་ལོ་ལྔ་ཚན་དང་པོ་ཡིན་ལ། མཚོ་ལྷོས་དུས་རབས་གསར་བའི་ནང་རྗེས་སྙེག་མཆོངས་བརྒལ་གྱི་ལེའུ་གསར་བ་འགོད་པའི་འགག་རྩའི་དུས་སྐབས་ཤིག་ཀྱང་ཡིན།
རྗེས་བསྙེག་མཆོངས་བརྒལ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་ཁྲོད་དུ་དེང་རབས་ཅན་གྱི་ལམ་བུའི་ཐོག་ཡག་པོར་སྐྱོད་ཐུབ་པ་དང་སྤུས་ཚད་མཐོ་བའི་སྐས་རིམ་དུ་སླེབས་ཐུབ་ངེས། ཁུལ་ཨུའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་འགོད་བཅུ་བཞི་དང2035ལོའི་རྒྱང་རིང་གི་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་འགོ》གཞིར་བཟུང་ནས། ང་ཚོས《མཚོ་ལྷོ་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང2035ལོའི་རྒྱང་རིང་དམིགས་འབེན་རྩ་གནད(འཆར་ཟིན》བཟོ་འགོད་བྱས་ཏེ་ཚོགས་ཆེན་ལ་ཞིབ་བཤེར་གནང་བྱར་འབུལ་རྒྱུ་ཡིན།《རྩ་གནད་འཆར་ཟིན》ནང“ལོ་ལྔའི་བཅུ་བཞིའི”དུས་སྐབས་ཀྱི་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་། སྤྱིའི་བཀོད་པ། དམིགས་འབེན་གཙོ་བོ། ལས་འགན་གཙོ་བོ་སོགས་ངེས་གསལ་བྱས་ཏེ། སྤྱིའི་ཆ་ནས“བརྗོད་དོན་གཙོ་བོ་གཅིག”ལ་དམིགས་ཏེ“ལས་འགན་གཉིས”འབུར་དུ་ཐོན་པ་དང་། “ལེགས་ཆ་གསུམ”འདོན་སྤེལ་བྱས་ཏེ“ཐོན་ལས་ཆེན་པོ་བཞི”ལ་གཙོ་རྒོལ་བྱེད་པ་དང“ཁུལ་བཞིའི་དཔེ་མཚོན་གསུམ”བསྐྲུན་གང་ཐུབ་བཅས་བྱས་ཏེ་གཤམ་གསལ་ཕྱོགས་དྲུག་གི་ལས་འགན་འབུར་དུ་ཐོན་པའི་སྒོ་ནས་བསྟན་ཡོད།


ཁུལ་ཡོངས་ཀྱི་ས་གནས་ཐོན་སྐྱེད་བསྡོམས་ཐང་དེ“ལོ་ལྔའི་བཅུ་གཉིས་པའི”དུས་མཇུག་གི་སྒོར་དུང་ཕྱུར124.1ནས་“ལོ་ལྔའི་བཅུ་གསུམ་པའི”དུས་མཇུག་གི་སྒོར་དུང་ཕྱུར181.6ལ་འཕར་ནས་ལོ་རེར་ཆ་སྙོམས་ཀྱིས4.5%འཕར་བ་དང་། མི་རེའི་ཆ་སྙོམས་ས་གནས་ཐོན་སྐྱེད་བསྡོམས་ཐང་སྒོར་ཁྲི་ཚོ3.8ལ་སླེབས་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར920ལ་སླེབས་པ་དང་། ལོ་རྗེས་མ་གསུམ་གྱི་ནང་ལོ་རེར་ཆ་སྙོམས་ཀྱིས10.6%འཕར་ཡོད། ས་གནས་ཀྱི་སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར55ལས་བརྒལ་བ་དང་། ལོ་རེར་ཆ་སྙོམས་ཀྱིས7%འཕར་ཡོད། ནོར་སྲིད་ཀྱི་སྤྱིར་བཏང་སྤྱི་བའི་སྔོན་རྩིས་གཏོང་སྒོ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར544ལ་སླེབས་ནས་ལོ་རེར་ཆ་སྙོམས་ཀྱིས4.3%འཕར་བ་དང་། མི་རེའི་ཆ་སྙོམས་ནོར་སྲིད་གཏོང་སྒོ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ཡུལ་སྐོར་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར125ལས་བརྒལ་བ་དང་། བཟོ་ལས་འཕར་ཐང་ལོ་རེར་ཆ་སྙོམས་ཀྱིས10.6%འཕར། སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར24.7ནས་སྒོར་དུང་ཕྱུར31.6ལ་འཕར་བ་དང་། ལོ་རེར་ཆ་སྙོམས་ཀྱིས5%འཕར་ཡོད། དངུལ་རྩ་ལས་ཁུངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་དང་དངུལ་བུན་གྱི་ལྷག་གྲངས་ལོ་ལྔའི་གོང་ལས་སྒོར་དུང་ཕྱུར18.1དང་སྒོར་དུང་ཕྱུར66.3འཕར་ཡོད། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་ལོ་རེར་ཆ་སྙོམས་ཀྱིས9%འཕར་བ་དང་། རྩིས་གཞི་རེའིGDPནུས་ཁུངས་ཟད་གྲོན་ལོ་རེར་ཆ་སྙོམས་ཀྱིས0.5%མར་ཆག་ཡོད། དཔལ་འབྱོར་སྤྱི་འབོར་རྒྱུན་ཆད་མེད་པར་རྒྱ་སྐྱེད་བྱུང་བ་དང་། སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་བ་གཏོད་པར་རྨང་གཞི་བརྟན་པོ་བཏིང་ཡོད།
བསོད་ནམས་དོན་འགྲུབ་ཀྱིས་ནན་གྱིས་བསྟན་དོན། ལོ་ལྔའི་རིང་འབད་འཐབ་བྱས་ནས་ཐོབ་པའི་གྲུབ་འབྲས་ནི་ལས་སླ་བོ་ཞིག་མིན་ལ། འཚོལ་ཞིབ་དང་གསོག་འཇོག་བྱས་པའི་ཉམས་མྱོང་ནི་ཧ་ཅང་རྩ་ཆེན་ཞིག་རེད། ལོ་ལྔའི་ལག་ལེན་ཕྱོགས་བསྡོམས་བྱས་ན། ང་ཚོར་མྱོང་ཚོར་ཟབ་མོ་ཞིག་སྐྱེས་ཐུབ་པ་ནི། མཚོ་ལྷོའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ན། གཙོ་འཛིན་གྱི་བསམ་བློ་མཛུབ་སྟོན་དུ་འཛིན་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་པའི་འདུ་ཤེས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་བླ་ན་མེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། བསྒྱུར་བཅོས་གསར་གཏོད་དང་སྒོ་འབྱེད་རྒྱ་སྐྱེད་གཏོང་རྒྱུ་དེ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། རིགས་སོ་སོའི་མི་དམངས་མཐུན་སྒྲིལ་ཡར་ཐོན་ཡོང་བ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས།ན་འཁྱོངས་བྱེད་དགོས། རྨང་གཞི་དེའི་སྟེང་ནས་སླར་ཡང་ལོ་བཅུ་ལ་འབད་འཐབ་བྱས་ཏེ2035ལོར་སླེབས་སྐབས། རང་ཁུལ་གྱི་དཔལ་འབྱོར་ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་གྱིས་ཆེ་རུ་ཕྱིན་ནས་དཔལ་འབྱོར་བསྡོམས་འབོར་དང་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པ་དང་། གཞི་རྩའི་སྤྱི་བའི་ཞབས་ཕྱི་ཆ་སྙོམས་ཅན་དུ་འགྱུར་ཐུབ་པ། གསར་གཏོད་འཕེལ་རྒྱས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ཁྱོན་ཡངས་པའི་གུང་ཧོ་གཤོང་ས་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕར་གཞི་གལ་ཆེན་ཞིག་ཏུ་འགྱུར་ཐུབ་པ། ཐོན་ལས་ཆ་འཕྲིན་ཅན་གསར་བ་དང་། མཁར་གྲོང་འཕེལ་རྒྱས་གཞི་གཅིག་ཅན། ཞིང་ཕྱུགས་ཐོན་ལས་དེང་རབས་ཅན། རིག་གནས་ཡུལ་སྐོར་ཐོན་ལས་རྩེར་སོན་ཅན་བཅས་གཞི་རྩའི་ཆ་ནས་མངོན་འགྱུར་བྱས་ཏེ། མཚོ་ལྷོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ལྗང་མདོག་དཔལ་འབྱོར་མ་ལག་བསྐྲུན་པ་དང་། སྐྱེ་ཁམས་མ་ལག་གི་འཁོར་རྒྱུག་ནུས་པ་བཟང་བོ་དང་རྒྱུན་མཐུད་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་ཕྱོགས་ཡོངས་ནས་ཆགས་ཐུབ་པ་དང་།“མཛེས་ལྡན་མཚོ་ལྷོའི”དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས། ས་གནས་བཅོས་སྐྱོང་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པ། ཁྲིམས་སྐྱོང་མཚོ་ལྷོ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་ཕལ་ཆེར་འཛུགས་བསྐྲུན་བྱས་ཏེ་བདེ་འཇགས་མཚོ་ལྷོའི་འཛུགས་སྐྱོང་ཆུ་ཚད་སྔར་ལས་མཐོ་བར་བསླེབ་ཐུབ་པ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་སློབ་གསོ་དང་རིག་གནས་ཀྱི་བྱང་ཚད་དང་། སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་མཐོ་ཚད་གསར་བ་ཞིག་ཏུ་བསླེབ་ནས་མི་དམངས་ཀྱི་འཚོ་བ་སྔར་ལས་མཛེས་སྡུག་ལྡན་པ་དང་། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་ཐུན་མོང་ཕྱུག་འགྱུར་ལ་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས།
བསོད་ནམས་དོན་འགྲུབ་ཀྱིས་བསྟན་དོན། སྲིད་གཞུང་གི་བྱ་བ་སྣ་ཚོགས་ལེགས་པོར་བསྒྲུབ་ན་དོན་སྙིང་གལ་ཆེན་ལྡན་ཞིང་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་ཡིན། སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་དང་དེ་མིན་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་།“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་དངོས་འབེབས་གཏིང་ཟབ་དང་། བརྟན་ཐོག་ཡར་འཕེལ་ཡོང་བའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་གཞི་བཙུགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་ཧུར་ཐག་གིས་ཞུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། སྒྱུར་བཅོས་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་བྱེད་པ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་བྱེད་པ། ཁྱོན་ཡངས་པའི་གུང་ཧོ་གཤོང་ས་དར་རྒྱས་སུ་འགྲོ་བའི་ནོར་གཞོང་དུ་འགྱུར་བ་རྩ་བའི་ཁ་ཕྱོགས་སུ་འཛིན་པ། མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ་གཞི་རྟེན་གལ་ཆེན་དུ་བྱེད་པ་བཅས་བྱས་ཏེ།“ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱེད་པ་དང་།“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ།“ཐོན་ལས་ཆེན་པོ་བཞི”གང་མགྱོགས་ཀྱིས་འཕེལ་རྒྱས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས“ཁུལ་བཞིའི་དཔེ་མཚོན་གསུམ”གཏོད་པ། སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ།“བརྟན་པོ་དྲུག”གི་བྱ་བ་ཏན་ཏིག་གིས་སྒྲུབ་པ།“འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་ཧུར་ཐག་བྱས་ཏེ།“ལོ་ལྔའི་བཅུ་བཞི་བའི”འགོ་ཡག་པོ་འཛུགས་ཐུབ་པར་འགན་ལེན་བཅས་བྱས་ནས་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་རྒྱུ་དེ་ཡིན།
ད་ལོའི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་གནས་ཐོན་སྐྱེད་བསྡོམས་ཐང 6%ཡན་འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་དངུལ་གཏོང་ ཚད6%ཡས་མས་འཕར་བ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་5%ཡས་མས་འཕར་བ། སྡོད་དམངས་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ་རྒྱུན་འཁྱོངས་བྱེད་པ། གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.5%ནང་ཚུན་དུ་ཚོད་འཛིན་བྱེད་ཐུབ་པ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་མི་ཐེངས་ཁྲི་ཚོ4.5བྱེད་པ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3%ཡས་མས་སུ་ཚོད་འཛིན་ཐུབ་པ། མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད 91.1%ཡན་རྒྱུན་འཁྱོངས་བྱེད་ཐུབ་པ། རྨ་ཆུ་མངའ་ཁོངས་ནས་ཕྱིར་ཐོན་པའི་ཆུའི་སྤུས་ཚད་རིགསⅡཡན་ལ་བསླེབ་ཐུབ་པ། ནུས་སྲི་སྙིགས་འཕྲི་དང་ཐཱན་ཉུང་གཏོང་དེ་ཞིང་ཆེན་གྱི་གཏན་འཁེལ་དམིགས་ཚད་ནང་ཚོད་འཛིན་ཐུབ་པ་དང་། འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན་ཁྲི་ཚོ15ཡན་རྒྱུན་འཁྱོངས་ཐུབ་པ་བཅས་བྱ་རྒྱུ་དེ་ཡིན། གོང་གསལ་དམིགས་ཚད་ནི་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་དུས་བབ་འོག རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁོར་ཡུག་དང་མཚོ་ལྷོའི་དོན་དངོས་ལ་གཞི་བཙུགས་ཏེ། ཕྱོགས་སོ་སོའི་འདེགས་སྐྱོར་ཆ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས་གཏན་འཁེལ་བྱས་པ་ཞིག་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པར་མ་ཟད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་མཚོ་ལྷོ་གསར་བ་འཛུགས་སྐྲུན་གྱི་འཐབ་ལམ་གསར་བའི་ཕྱིའི་བླང་བྱའང་མཚོན་ཡོད།
བསོད་ནམས་དོན་འགྲུབ་ཀྱིས་ནན་གྱིས་བསྟན་དོན། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་འགན་ལྕི་ཞིང་། འགྲན་སློང་མང་བ་དང་བླང་བྱ་མཐོ་བས། ང་ཚོས་ཡིད་ཆེས་བརྟན་པོ་དང་།དཀའ་སེལ་འགག་སྒྲོལ།ཧུར་ཐག་ལས་སྒྲུབ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བཅས་བྱས་ཏེ་གཤམ་གསལ་ཕྱོགས་བརྒྱད་ཀྱི་བྱ་བ་གཙོ་གནད་དུ་བཟུང་ནས་ལེགས་པར་བསྒྲུབ་དགོས། གཅིག སྐྱེ་ཁམས་དཔལ་ཡོན་ལ་དམིགས་ནས་བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བཟོ་དགོས། གཉིས།དངུལ་གཏོང་དང་འཛད་སྤྱོད་ལ་དམིགས་ནས་བློ་བརྟན་འགྱུར་མེད་ཀྱིས་ལས་གཞི་དམ་འཛིན་ཡག་པོ་བྱས་ནས་ནང་མཁོ་ལ་སྐུལ་འདེད་གཏོང་དགོས། གསུམ།ཐོན་ལས་དམངས་ཕྱུག་ལ་དམིགས་ནས་བློ་བརྟན་འགྱུར་མེད་ཀྱིས་ལྗང་མདོག་ཐོན་ལས་མ་ལག་སྟོབས་ཆེར་གཏོང་དགོས། བཞི།མཁར་གྲོང་མཉམ་འདྲེས་ལ་དམིགས་ནས་བློ་བརྟན་འགྱུར་མེད་ཀྱིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ལྔ།སྒྱུར་བཅོས་གསར་གཏོད་ལ་དམིགས་ནས་བློ་བརྟན་འགྱུར་མེད་ཀྱིས་ས་ཁོངས་ཡོངས་ཀྱི་སྒོ་འབྱེད་མཉམ་ལས་རྒྱ་སྐྱེད་གཏོང་དགོས། དྲུག དམངས་ཚིས་འགན་ལེན་ལ་དམིགས་ནས་བློ་བརྟན་འགྱུར་མེད་ཀྱིས་ཐོབ་སྣང་དང་བདེ་སྣང་ཆེ་རུ་གཏོང་དགོས། བདུན། ཁྲིམས་ལྟར་ཁུལ་སྐྱོང་བར་དམིགས་ནས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། བརྒྱད། ཕྱོད་ཆེ་སྤྱོད་གཙང་ལ་དམིགས་ནས་བློ་བརྟན་འགྱུར་མེད་ཀྱིས་མི་དམངས་བློ་ཡིད་ཚིམ་པའི་སྲིད་གཞུང་འཛུགས་སྐྱོང་བྱེད་དགོས།
བསོད་ནམས་དོན་འགྲུབ་ཀྱིས་མཇུག་མཐར་བསྟན་དོན། དེ་རིང་གི་མཚོ་ལྷོས་དུས་དང་རྣམ་པ་ཀུན་ཏུ་མདུན་སྐྱོད་ཀྱི་གཏིང་ཤུགས་སྔར་ལས་དྲག་པོ་ཞིག་བསགས་ཡོད་ཅིང་། དེ་རིང་གི་མཚོ་ལྷོར་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལམ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་གིས་སྒུག་ཡོད་པས་ན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་ང་ཚོས་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག འཆར་གཞི་རུམ་ལ་བཅུག་ནས་སླར་ཡང་མདུན་དུ་སྐྱོད་པ་དང་། དྲིན་ཚོར་འབད་བརྩོན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་ཞུགས་ཏེ། འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་ལྷོ་གསར་བ་མགྱོགས་མྱུར་གྱིས་བསྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་བར་གོམ་སྟབས་ཆེན་པོས་སྐྱོད་པའི་ལེའུ་གསར་བ་ཧུར་ཐག་གིས་བརྩམ་སྟེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་བསུ་བ་བྱེད་དགོས་སོ།།
ཚོགས་ཆེན་སྟེང་། མཚོ་ལྷོ་ཁུལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་དང2035ལོའི་རྒྱང་རིང་དམིགས་འབེན་ཡིག་ཐོག་ནས་ཞིབ་བཤེར་དང་། མཚོ་ལྷོ་ཁུལ་གྱི2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འེཕལ་རྒྱས་ཀྱི་འཆར་འགོད་ལག་བསྟར་གནས་ཚུལ་དང2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་སྙན་ཞུར་ཞིབ་བཤེར་བྱས། དེ་མིན་མཚོ་ལྷོ་ཁུལ་གྱི2020ལོའི་ནོར་དོན་སྔོན་རྩིས་ལག་བསྟར་གནས་ཚུལ་དང2021ལོའི་ནོར་དོན་སྔོན་རྩིས་སྙན་ཞུར་ཡིག་ཐོག་ནས་ཞིབ་བཤེར་བྱས་པ་རེད།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཅན་ཆིས་ཀྱིས་མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་ཁོར་ཡུག་བདེ་ཐང་དོ་དམ་དོན་ཚན་སྐོར་གྱི་གནས་ཚུལ་གསལ་བཤད་བྱས། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་འབྲེལ་ཡོད་པུའུ་ཨུ་དང་མི་དམངས་ཚོགས་པའི་འགན་འཁུར་བ། མཚོ་ལྷོ་ཁུལ་མི་དམངས་དྲིད་གཞུང་གི་ཚོགས་པའི་མི་སྣ། སྐབས་བཅུ་གསུམ་པའི་ཁུལ་སྲིད་གྲོས་ཚོགས་ཐེངས་བརྒྱད་པར་ཞུགས་པའི་ཨུ་ཡོན་དང་ཚོགས་ཞུགས་མི་སྣ། མཚོ་ལྷོ་ཁུལ་དམག་ཁུལ། ཁུལ་སྲིད་གཞུང་འབྲེལ་ཡོད་བྱ་བའི་སྡེ་ཁག་དང་ཞིང་ཆེན་གྱི་འགན་འཁུར་བ། ཁུལ་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་གཞོན་པ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་གཞོན་པ། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ཁག་ཅིག ཁུལ་གཏོགས་འབྲེལ་ཡོད་ཁེ་ལས་གཞུང་དོན་སྡེ་ཁག་དང་དམངས་གཉེར་ཁེ་ལས་ཀྱི་འགན་འཁུར་བ་ཁ་ཤས་བཅས་ཚོགས་ཆེན་ལ་ཞུགས།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།