༄༅།།ཏང་གི་ལོ་རྒྱུས་ཤེས་བྱ་ཆིག་བརྒྱ་མ། (6)
རྩོམ་པ་པོ།:ཐུ་བོ་ཆེས་བསྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2021-04-26 08:45:43
ཀློག་གྲངས།:

ཏང་ནང་དུ་བསྐྱུར་ནས་ལྟ་ཞིབ་བྱེད་སྐབས། ཆད་པར་ཕོག་པའི་ཏང་ཡོན་ལ་བརྡས་ཐག་གཅོད་པའི་དབང་ཆ་དང་འདེམ་བསྐོའི་དབང་ཆ། གདམ་བྱའི་དབང་ཆ་བཅས་མེད།
གོ་གཉིས།
《ཀྲུང་གོའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱི་ལས་རིགས་ཀུན་སྤྱོད་ཚད་གཞི》ལྟར་ན། གསར་འགྱུར་བྱ་བ་སྒྲུབ་མཁན་གྱིས་ཡང་དག་པའི་གླེང་ཕྱོགས་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཚན་རིག་གཞུང་ལུགས་དྲིལ་སྒྲོག་དང་། སྔོན་ཐོན་རིག་གནས་སྒྲོག་སྤེལ། ཞི་འཇམ་སེམས་ཁམས་གསོ་སྐྱོང་། སྤྱི་ཚོགས་སྲོལ་བཟང་དར་སྤེལ་བཅས་བྱས་ནས། སྤྱི་ཚོགས་འགན་འཁྲིའི་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་། ཀུན་སྤྱོད་གཞུང་ལུགས་ཀྱི་མ་མཐའི་ཐིག་རྩ་ནན་སྲུང་དང་མ་རབས་ངན་དགུ་དང་ཐ་ཤལ། ངོ་བསྟོད་རྫུན་མ་བཅས་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པའི་ནང་དོན་ལྡན།
གོ་གསུམ།
2016ལོའི་ཟླ4པར། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་དང་པོ་སླེབས་ལ་ཉེ་དུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་འཛུགས་པའི་གོ་སྐབས་དང་བསྟུན་ནས། རྒྱལ་ཁབ་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བར་མཛུབ་ཁྲིད་བྱས་ཏེ། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཇེ་ཟབ་ཏུ་གཏོང་དགོས་པར་ནན་གྱིས་གསུངས།
གོ་བཞི།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ནང་དོན་གཙོ་བོ་ནི། གཅིག་ནི་བརྟག་དཔྱད་ཞིབ་འཇུག་བྱེད་སྟངས་ལེགས་བཅོས་བྱེད་པ། གཉིས་ནི་གྲོས་ཚོགས་ཀྱི་བྱེད་སྒོ་གནད་བསྡུས་བྱས་ཏེ་དོན་དངོས་ཐོག་གྲོས་ཚོགས་ཀྱི་གོམས་སྲོལ་ཇེ་ལེགས་སུ་གཏོང་བ། གསུམ་ནི་ཡིག་ཆ་དང་གསར་འགྱུར་གནད་བསྡུས་བྱས་ཏེ་རྩོམ་གཤིས་ཇེ་ལེགས་སུ་གཏོང་བ། བཞི་ནི་ཕྱི་རྒྱལ་དུ་འཚམས་འདྲི་བྱེད་པའི་བྱེད་སྒོ་ཚད་ལྡན་དུ་གཏོང་བ། ལྔ་ནི་བདེ་སྲུང་བྱ་བ་ལེགས་བཅོས་བྱེད་པ། དྲུག་ནི་གསར་འགྱུར་སྒྲོག་སྤེལ་ལེགས་བཅོས་བྱེད་པ། བདུན་ནི་ཡིག་ཆ་གཟབ་ནན་གྱིས་འགྲེམས་སྤེལ་བྱེད་པ། བརྒྱད་ནི་ཧུར་བརྩོན་སྒོས་གྲོན་ཆུང་ལག་ལེན་ནན་ཏན་བྱེད་པ་བཅས་ཡིན།
གོ་ལྔ།
“ནན་གསུམ་བདེན་གསུམ”གྱི་ཞིབ་ཕྲའི་ནང་དོན་ནི། བསམ་སྤྱོད་ནན་མོ་དང་དབང་ཆ་ནན་སྤྱོད། རང་གཅུན་ནན་མོ། དོན་དངོས་དྲང་གཉེར། ལས་གཏོད་དྲང་གཉེར། མི་དྲང་མོ་བྱེད་པ་བཅས་ཡིན།
གོ་དྲུག
ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་ཕུགས་འདུན་དང་ལས་འགན་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་དུ་གཉེར་པ་དེ་ཡིན།
གོ་བདུན།
“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་ཚད་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་སྐབས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཐུབ་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར100ལོན་པའི་སྐབས་སུ་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དེ་ཡིན།
གོ་བརྒྱད།
《ཏང་ཨུ(ཏང་ཙུའུ)ཡིས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གཙོ་གཞིའི་འགན་འཁྲི་གཏན་འབེབས་དེ་དོན་ཐོག་ཏུ་འཁེལ་དགོས》པའི་དགོངས་དོན་ལྟར་ན། ས་གནས་ཏང་ཨུས་ཏང་ལེགས་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གཉིས་མཉམ་དུ་ཇུས་འགོད་དང་མཉམ་དུ་བཀོད་སྒྲིག མཉམ་དུ་སྐུལ་འདེད། མཉམ་དུ་དཔྱད་ཞིབ་བཅས་བྱས་ཏེ། ཁྱོན་ཡོངས་ནས་ས་ཁུལ་དེའི་ཏང་ནན་གྱིས་སྐྱོང་བའི་ལས་དོན་ཁག་གི་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས།
གོ་དགུ།
2020ལོའི་ཟླ2པའི་ཚེས3ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་སྟེང་། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་རྒྱལ་ཡོངས་མི་དམངས་བསམ་ཇུས་གཅིག་ལྟར་སྟོབས་ཤུགས་གཅིག་སྒྲིལ་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས་པ་ལྟར། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་། གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་གཏོང་བཅས་མཐའ་གཅིག་ཏུ་བརྩི་སྲུང་བྱས་ནས་ཅི་གསུངས་ལེགས་སྒྲུབ་བྱེད་དགོས།
བརྒྱ་ཐམ་པ།
2020ལོའི་ཟླ1པོའི་ཚེས8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་ཕུགས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས།”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་སྟེང་། སྟོབས་ལྡན་སྲིད་ཏང་ནི་རང་ངོས་ཀྱི་གསར་བརྗེ་ཁྲོད་བསྐྲུན་པ་ཡིན་ཞེས་ནན་གྱིས་བསྟན་པ་ལྟར། ཏང་གི་ལོ་རྒྱུས་ལ་ཕྱིར་མིག་གིས་བལྟས་ནས། རང་རེའི་ཏང་གིས་ནམ་ཡིན་ཡང་སྤྱི་ཚོགས་ཀྱི་གསར་བརྗེར་སྐུལ་འདེད་གཏོང་བའི་དུས་མཚུངས་སུ་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་ཕོད་པ་དང་། ཐོག་མཐའ་བར་གསུམ་དུ་བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་པ། གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་ཕོད་པ་དང་། སྐྱོན་ཆ་སེལ་ཕོད་པ། རུས་ཟུག་གིས་སྐྲན་ནད་ལ་གཏར་ཁ་བྱས་ཏེ་ཤ་རུལ་དོར་ནས་དུག་སེལ་བྱེད་ཕོད་པ་ཞིག་ཡིན་པ་གསལ་བོར་ཤེས་ཐུབ། (རྫོགས་སོ)
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།