༄༅།།མཚོ་ལྷོ་ཁུལ་གྱིས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་བ་གྲོས་ཚོགས་ཐེངས་དགུ་བ་བསྡུས།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-04-30 09:01:47 ཀློག་གྲངས།:
     ཟླ4བའི་ཚེས29ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་དགུ་བ་ཆབ་ཆ་ནས་འཚོགས། ཚོགས་འདུར་ཞུགས་དགོས་པའི་འཐུས་མི236ཡིན་ལ། ཚོགས་འདུར་དངོས་སུ་ཞུགས་ཡོད་པའི་འཐུས་མི209ཡོད་ཅིང་། ཁྲིམས་བཀོད་ཀྱི་མི་གྲངས་དང་ལོང་ཡོད། 
      ཚོགས་འདུར་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་རེན་ནམ་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཝང་ཅན་མེན་གྱིས་འགོ་འཛིན་གནང་ཞིང་།  ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཝེ་ཞིན་ཧྭ། ལིན་ཆིན་ཅིས། གསེར་མཚོ། ལིས་ཅན་ཆིས། ཀིན་ཧྲིན་ཁྲིན། ལིས་སུང་ཟིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས། 
     ཚོགས་ཞུགས་དང་ཟུར་ཞུགས་གནང་བ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད་པའི་གྲས་སུ་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་། ཆབ་ཆར་སྡོད་པའི་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་ཐིན་རིམ་པ་གཞོན་པའི་ཡན་གྱི་འགོ་ཁྲིད་ལས་བྱེད་བཅས་ཡོད། དེ་མིན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་ཁུལ་ཨུའི་འབྲེལ་ཡོད་པུའུ་ཨུའམ་ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། མཚོ་ལྷོའི་ཡན་ལག་དམག་ཁུལ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། མི་དམངས་ཚོགས་ཁག་དང་ཞིང་ཆེན་གྱི་ལས་ཁུངས་འགན་འཁུར་བ་གཙོ་བོ་ཁག ད་དུང་ཁུལ་གཏོགས་འབྲེལ་ཡོད་ཁེ་ལས་དང་ལས་དོན་སྡེ་ཁག དམངས་གཉེར་ཁེ་ལས་ཀྱི་འགན་འཁུར་བ་ཁག་ཅིག་བཅས་ཚོགས་འདུར་ཞུགས་ཡོད།
     ཚོགས་འདུ་ལས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དགུ་བའི་འདེམས་བསྐོའི་བྱེད་ཐབས་ལ་གྲོས་མོལ་བྱས་ནས་གྲོས་འཆམ་བྱུང་། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།