ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > ༄༅། །བོད་ཞི་བས་བཅིངས་འགྲོལ་བཏང་བའི་སྐོར་གྱི་དོན་ཆེན་ཟིན་ཐོ།
༄༅། །བོད་ཞི་བས་བཅིངས་འགྲོལ་བཏང་བའི་སྐོར་གྱི་དོན་ཆེན་ཟིན་ཐོ།
རྩོམ་པ་པོ།:ཉི་མ་དོན་གྲུབ།
ཡོང་ཁུངས།:གྲོང་ཁྱེར་ལྷ་ས་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ནས་སྤེ
དུས་ཚོད།:2021-06-02 10:19:30
ཀློག་གྲངས།:

01
1949ལོའི་ལོ་མཇུག་ཏུ། ཨ་རི་བ་ཐང་མུའུ་སེས་ཁོ་ལོམ་པི་ཡ་རླུང་འཕྲིན་ཀུང་སིའི་དཔྱད་གཏམ་པའི་མིང་ཐོག་ནས་བོད་དུ་ཡོང་སྟེ་དེ་སྔའི་བོད་ས་གནས་སྲིད་གཞུང་ལ་ཀྲུང་གོ་ནས་ཁ་བྲལ་དགོས་པའི་ངན་སྐུལ་བྱས།
02
1950ལོའི་ཟླ1ཚེས2ཉིན། མའོ་ཀྲུའུ་ཞིས་སུའུ་ལན་གྱི་མོ་སི་ཁོ་ནས་ཀྲུང་དབྱང་དང་ཕེང་ཏེ་ཧུའེ། ཏེང་ཞའོ་ཕིང་། ལིའུ་པོ་ཁྲེང་། ཧོ་ལུང་བཅས་ལ“A”བཞིའི་གསང་ཏར་བཏང་ནས་ལྷོ་ནུབ་ཅུད་ཀྱིས་བོད་ལ་བཅིངས་འགྲོལ་གཏོང་རྒྱུའི་ལས་འགན་འཁུར་དགོས་པའི་བཀའ་གནང་།
03
1950ལོའི་ཟླ1ཚེས8ཉིན། བྱེས་འཐབ་དམག་སྡེ་གཉིས་པའི་སི་ལིང་ཡོན་ལིའུ་པོ་ཁྲེང་དང་ཆབ་སྲིད་ཨུ་ཡོན་ཏེང་ཞའོ་ཕིང་གིས་ཀྲུང་དབྱང་ལ་བོད་དུ་དཔུང་འཇུག་བྱ་རྒྱུའི་སྐོར་གྱི་བསམ་འཆར་སྙན་སེང་ཞུས།
04
1950ལོའི་ཟླ1ཚེས10ཉིན། ལྷོ་ནུབ་ཅུད་ཀྱིས་བོད་ལ་དཔུང་འཇུག་བྱ་རྒྱུའི་འཆར་གཞིར་འཕྲིན་ལན་སྤྲིངས།
05
1950ལོའི་ཟླ3ཚེས4ཉིན། མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པས་ལེ་ཧྲན་དུ་བྱས་རྗེས་ལ་གཟེངས་བསྟོད་དང་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག བོད་དུ་དཔུང་འཇུག་གི་འགན་སྒྲུབ་དམ་འཇོག་ཚོགས་ཆེན་འཚོགས་ཡོད། དམག་དཔོན་ཀྲང་གོ་ཧཱ་ཡིས་ཚོགས་ཆེན་ཐོག་འཐབ་འཛིང་པ་ཚང་མས་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ་དང་། ཀྲུང་དབྱང་གི་བཀའ་རྒྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། མི་དམངས་བཅིངས་འགྲོལ་དམག་གི་སྲོལ་རྒྱུན་གྱི་གཟི་བརྗིད་དང་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་ཀྱི་ཐོག་ནས་བོད་ལ་དཔུང་འཇུག་གིས་བོད་མི་དམངས་ལ་བཅིངས་འགྲོལ་བཏང་ནས་སྐར་ལྔའི་དར་དམར་ཧི་མ་ལ་ཡའི་སྟེང་དུ་འཛུགས་དགོས་པའི་འབོད་སྐུལ་གནང་།
06
1950ལོའི་ཟླ6ཚེས་21ཉིན། མཚོ་སྔོན་ནས་ཐོན་པའི་དམག་དཔུང་ཡུལ་ཤུལ་བརྒྱུད་ཆབ་མདོར་དཔུང་འཇུག་བྱས།
07
1951ལོའི་ཟླ1ཚེས1ཉིན། ཆབ་མདོ་ས་ཁུལ་མི་དམངས་འཐུས་ཚོགས་སྐབས་དང་པོའི་ཐོག་ཆབ་མདོ་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་ཁོངས་མི35བདམས་ཐོན་བྱུང་། ཝང་བྱི་མེལ་ཀྲུའུ་རེན་དང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སོགས་ཀྲུའུ་རེན་གཞོན་པར་བདམས་ཐོན་བྱུང་།
08
1951ལོའི་ཟླ5ཚེས23ཉིན། ལི་ཝུའེ་ཧན་གྱིས་དབུ་བཞུགས་སྐུ་ཚབ་གནང་བའི་ཀྲུང་དབྱང་སྲིད་གཞུང་གི་སྐུ་ཚབ་དང་ང་ཕོད་ངག་དབང་འཇིགས་མེད་ཀྱིས་དབུ་བཞུགས་སྐུ་ཚབ་གནང་བའི་བོད་ས་གནས་སྲིད་གཞུང་གི་སྐུ་ཚབ་ཀྱིས་པེ་ཅིང་དུ(ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་གྲོས་མཐུན) (གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་བསྡུས་པ) ཐོག་མིང་རྟགས་བཀོད།
09
1951ལོའི་ཟླ5ཚེས25ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་མི་དམངས་གསར་བརྗེ་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་མའོ་ཙེ་ཏུང་གིས་དམག་ཨུད་ཀྱིས་བོད་ལ་ཞི་བའི་བཅིངས་འགྲོལ་གཏོང་བར་དཔུང་བསྐྱོད་བྱེད་པའི་བཀའ་རྒྱ་བཏང་ཐོག་མིང་རྟགས་བཀོད་གནང་། བཀའ་རྒྱའི་ནང་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་གྲོས་མཐུན་ཡི་གེར་ཟླ་བ་འདི་གའི་ཚེས་ཉི་ཤུ་རྩ་གསུམ་ཉིན་པེ་ཅིང་དུ་མཆན་འགོད་བྱས་ཤིང་། ངེད་མི་དམངས་བཅིངས་འགྲོལ་དམག་གིས་གྲོས་མཐུན་དེ་མངོན་འགྱུར་དང་རྒྱལ་སྲུང་སྲ་བརྟན་ཡོང་ཕྱིར། དགོས་ངེས་ཀྱི་དམག་ཤུགས་མངགས་ནས་བོད་དུ་བཅའ་སྡོད་བྱ་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད། དུས་དེ་ནས་བཟུང་མི་དམངས་བཅིངས་འགྲོལ་དམག་ཞི་བའི་ངང་བོད་དུ་དཔུང་བསྐྱོད་བྱ་འགོ་ཚུགས་ཡོད།
10
1951ལོའི་ཟླ8ཚེས3ཉིན། རང་ཚུགས་རྟ་དམག་ཧྲེ་ཤོག་གི་མདའ་ཤོག་གཉིས་པའི་མདའ་དཔོན་གཞོན་པ་ཨན་ཙེ་མིང་གིས་རྟ་དམག་ཉིང་ལག་རུ་ཁག་གི་སྣེ་འཁྲིད་དེ་ཤིན་ཅང་ནས་རྡོག་ཐོན་བྱས་ཏེ་དཀའ་ངལ་ཁྱད་བསད་ཀྱིས་ལ་ཀླུང་ཁྲི་སྟོང་མང་པོ་བརྒལ་བ་བརྒྱུད། མངའ་རིས་ཀྱི་སྒར(ད་ཆའི་སྒར་གྱི་དགུན་ས)དུ་འབྱོར།
11
1951ལོའི་ཟླ9ཚེས10ཉིན། ཡུན་ནན་ཕྱོགས་ནས་བོད་དུ་བསྐྱོད་པའི་མདའ་ཤོག126པུའུ་དང་པོ་སྨན་ཀོང་ནས་རྡོག་ཐོན་བྱས་རྗེས་ལམ་བར་དུ་གངས་རི་བརྒལ་བ་དང་། ཐག་འབྲེང་ཟམ་པ་བགྲོད་པ་སོགས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་ཟླ10པའི་ཚེས1ཉིན་རྫ་ཡུལ་དུ་འབྱོར།
12
1951ལོའི་ཟླ10ཚེས24ཉིན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་ཀྲུའུ་ཞི་མའོ་ཙེ་ཏུང་ལ་ཏར་ཞིག་སྤྲིངས།
13
1951ལོའི་ཟླ10ཚེས26ཉིན། བོད་སྐྱོད་དཔུང་སྡེ་ལྷ་སར་འབྱོར།
14
1952ལོའི་ཟླ2ཚེས10ཉིན། བོད་དམག་ཁུལ་ཁང་འཛུགས་པའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཀྲང་ཅིང་ཝུའུ་ཡིས་ཚོགས་འདུའི་ཐོག་ཀྲུང་དབྱང་དམག་ཨུད་ཀྱི་བོད་དམག་ཁུལ་ཁང་གི་ལས་བྱེད་པ་བསྐོ་བཞག་གི་མཚན་ཐོ་སྒྲོག་སྦྱང་གནང་བ་དང་། ཀྲང་གོ་ཧྭ་ཡིས་སི་ལིང་ཡོན་གྱི་འགན་བཞེས་པ་དང་ཐེན་ཀོན་སན་གྱིས་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས་ཡོད།
15
1952ལོའི་ཟླ7ཚེས6ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པའི་མདའ་ཤོག154པ་མཐའ་སྲུང་གི་གྲོང་རྡལ་གལ་ཆེན་གྲོ་མོར་བཅའ་སྡོད་བྱས།
16
1955ལོའི་ཟླ3ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་གཏན་འབེབས་བྱས།
17
1956ལོའི་ཟླ4ཚེས17ཉིན། ཀྲུང་དབྱང་གི་སྐུ་ཚབ་ཚོགས་པ་ལྷ་སར་འབྱོར་ཏེ་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་རྒྱུར་རྟེན་འབྲེལ་ཞུས།
18
1956ལོའི་ཟླ4ཚེས22ནས་ཟླ5ཚེས1ཉིན་བར། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ལྷ་སར་གྲ་སྒྲིག་ཨུ་ལྷན་དབུ་བརྙེས་པའི་ཚོགས་ཆེན་གཟབ་རྒྱས་འཚོགས།
19
1959ལོའི་ལོ་འགོར་དྲག་པོའི་ངོ་ལོག་ཟིང་འཁྲུག་པས་ལྗོངས་ཡོངས་ཀྱི་ས་ཆ་མང་པོ་ནས་རང་རེའི་གཞི་རིམ་རྩ་འཛུགས་ལ་རྒོལ་རྡུང་བཏང་ནས་ཟླ3ཚེས10ཉིན་ལྷ་སར་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་ལངས།
20
1959ལོའི་ཟླ3ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་གིས“བོད་ས་གནས་སྲིད་གཞུང་གིས(གྲོས་མཐུན་དོན་ཚན་བཅུ་བདུན ) རྩིས་མེད་དུ་བཏང་སྟེ་མེས་རྒྱལ་ལ་རྒྱབ་གཏོད་ཀྱིས་བོད་ལ་ངོ་ལོག་ཟིང་འཁྲུག་ཕྱོགས་ཡོངས་ནས་བསླངས་པས། གནས་ཚུལ་དེ་རིགས་འོག་ཀྲུང་དབྱང་གིས་དེ་སྔོན་གཏན་ལ་ཕབ་པའི་ལོ་དྲུག་རིང་འགྱུར་ལྡོག་མི་གཏོང་རྒྱུའི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་ཐབས་བྲལ་ཡོད”ཅེས་བསྟན་པ་དང་། མང་ཚོགས་ལ་སྐུལ་སློང་གང་ལེགས་བྱས་ཏེ་ལྗོངས་ཡོངས་སུ་དམངས་གཙོའི་བཅོས་སྒྱུར་བྱ་རྒྱུ་དང་། ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་གིན་བཅོས་སྒྱུར་དང་། སྔོན་ལ་ངོ་ལོག་ཟིང་འཁྲུག་སློང་མཁན་དག་བཅོས་སྒྱུར་སྔོན་ལ་བྱ་རྒྱུ། རྗེས་ལ་ངོ་ལོག་ཟིང་འཁྲུག་སློང་མཁན་དག་བཅོས་སྒྱུར་རྗེས་ལ་བྱ་རྒྱུ། ངོ་ལོག་ཟིང་འཁྲུག་ལངས་མེད་པའི་ས་ཁུལ་ལ་བཅོས་སྒྱུར་གནས་སྐབས་ནར་འགྱངས་བྱ་རྒྱུ་བཅས་ཀྱི་བྱེད་ཕྱོགས་བཏོན། བོད་ས་ཁུལ་གྱི་ཁྱད་ཆོས་ལ་བསམ་གཞིག་གང་ལེགས་བྱས་པའི་ཆ་རྐྱེན་འོག་བཅོས་སྒྱུར་དང་། འོག་རིམ་ནས་གོང་རིམ་བར་མང་ཚོགས་སྐུལ་སློང་གང་ལེགས་བྱ་རྒྱུ་དེ་གོང་རིམ་ནས་འོག་རིམ་བར་གྲོས་མོལ་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ། ངོ་མ་ལོག་པའི་ཞིང་བྲན་བདག་པོའི་ཐོན་སྐྱེད་རྒྱུ་ཆ་བླུ་ཉོའི་སྲིད་ཇུས་ལག་ལེན་བསྟར་རྒྱུ། ངལ་རྩོལ་མི་དམངས་ལ་བརྟེན་པ་དང་། མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ། གོ་རིམ་ལྡན་པ་དང་དབྱེ་བ་ཡོད་པའི་སྒོ་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོ་བ་བཅས་ཀྱི་གྲལ་རིམ་ལམ་ཕྱོགས་ལག་ལེན་བསྟར་རྒྱུ། དམངས་གཙོའི་བཅོས་སྒྱུར་བྱེད་རིང་བོད་མི་དམངས་ཀྱི་ཆོས་དད་རང་མོས་དང་ཡུལ་སྲོལ་གོམས་འདྲིས་ལ་བརྩི་བཀུར་གང་ལེགས་བྱ་རྒྱུ། བོད་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་བཅས་བཏོན་ཡོད། བྱེད་ཕྱོགས་དང་སྲིད་ཇུས་དེ་དག་གིས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ལ་ཁ་ཕྱོགས་གསལ་པོར་བསྟན་ཡོད།
21
1959ལོའི་ཟླ4ཚེས8ཉིན། ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་མི་དམངས་སྲིད་གཞུང་དངོས་སུ་བཙུགས་པ་ནི་བོད་ལྗོངས་ས་ཁུལ་དུ་མི་དམངས་རང་ཉིད་ལ་བདག་པའི་རྫོང་རིམ་པའི་སྲིད་དབང་རྩ་འཛུགས་ཨང་དང་པོ་དེ་ཡིན།
22
1959ལོའི་ཟླ5པར། ཀྲུང་དབྱང་མི་རིགས་སློབ་གླིང་གི་བོད་རིགས་སློབ་མ150ལྷག་ཙམ་སྔ་སྣུར་དུ་སློབ་གྲྭ་ནས་མཐར་ཕྱིན་ཞིང་། པེ་ཅིང་ནས་བོད་དུ་ལོག་སྟེ་དམངས་གཙོའི་བཅོས་སྒྱུར་དང་ས་གནས་འཛུགས་སྐྲུན་ནང་ཞུགས།
23
1959ལོའི་ཟླ6ཚེས28ནས་ཟླ7ཚེས17ཉིན་བར། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། ཚོགས་འདུའི་ཐོག《བོད་ཀྱི་ས་ཁུལ་ཡོངས་སུ་དམངས་གཙོའི་བཅོས་སྒྱུར་བྱ་རྒྱུའི་སྐོར་གྱི་གྲོས་ཆོད》ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་ཡོད།
24
1959ལོའི་ཟླ9ཚེས21ཉིན། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་གྱིས《བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོར་ས་ཞིང་དབང་བའི་ལམ་ལུགས་མེད་པ་བཟོས་ཏེ་ཞིང་པར་ས་ཞིང་དབང་བའི་ལམ་ལུགས་ལག་ལེན་བསྟར་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱས་ཤིང་། གཞུང་བཞེས་སམ་བླུ་ཉོའི་སྲིད་ཇུས་སྤྱད་པ་མ་ཟད་ཞིང་ཁུལ་དུ་འཆར་གཞི་དང་གོ་རིམ་ལྡན་པའི་ངང་“ངོ་རྒོལ་གསུམ་དང་ཆག་ཡང་གཉིས” (ཟིང་འཁྲུག་ལ་ངོ་རྒོལ་དང་། ཁྲལ་འུ་ལམ་ལུགས་ལ་ངོ་རྒོལ། བྲན་བཀོལ་ལ་ངོ་རྒོལ་བཅས་དང་བོགས་མ་ཆག་ཡང་དང་སྐྱེད་ཁ་ཆག་ཡང་) ཀྱི་ལས་འགུལ་དང་། འབྲོག་ཁུལ་དུ“ངོ་རྒོལ་གསུམ་དང་ཁེ་ཕན་གཉིས”ཀྱི་ལས་འགུལ་སྤེལ་བ། དགོན་སྡེར“ངོ་རྒོལ་གསུམ་དང་གཙང་རྩིས་གསུམ”གྱི་ལས་འགུལ་སྤེལ་བ། གྲོང་ཁྱེར་དང་གྲོང་རྡལ་དུ“ངོ་རྒོལ་བཞི་དང་ཆག་ཡང་གཉིས”ཀྱི་ལས་འགུལ་སྤེལ་བ་དང་འབྲེལ་དུས་བགོས་ཁག་བགོས་ངང་མཐའ་མཚམས་ས་ཁུལ་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཞིང་བྲན་དང་བྲན་གཡོག་གིས་ཞིང་བྲན་བདག་པོར་བརྟེན་པའི་འབྲེལ་བ་རྦད་དེ་མེད་བཟོས་པ་དང་། བཀས་བཀོད་རྒྱུད་འཛིན་ལམ་ལུགས་དང་། བཀས་བཀོད་རྒྱུད་འཛིན་གྱི་དམིགས་བསལ་དབང་ཆ་བཅས་མེད་པར་བཟོས་པ། ཁྲལ་འུ་ལག་དང་བུན་སྐྱེད་ཆེན་པོ་མེད་པ་བཟོས་པ་བཅས་ལས་རྒྱ་ཆེའི་ཞིང་བྲན་བོགས་གླ་སྤྲོད་པ་དང་། ཁྲལ་འུ་ལག་རྒྱུག་པ། བུན་སྐྱེད་ཆེན་པོ་འཇལ་བ་བཅས་ཀྱི་གདུག་རྩུབ་ཆེ་བའི་བཤུ་གཞོག་གི་དུས་རབས་ནམ་ཡང་མཇུག་སྒྲིལ་བ་ཡིན།
25
1959ལོའི་ཟླ12པའི་ཟླ་མཇུག་ནས1960ལོའི་ཟླ1པོའི་ཟླ་འགོ་བར། བོད་ཀྱི་ལས་དོན་ཨུ་ལྷན་གྱིས་འབྲོག་ཁུལ་གྱི་གནས་ཚུལ་བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱས་པའི་རྨང་གཞིའི་ཐོག་འབྲོག་ཁུལ་གྱི་ལས་དོན་ཚོགས་འདུ་འཚོགས་ནས་འབྲོག་ཁུལ་བཅོས་སྒྱུར་གྱི་བྱེད་ཕྱོགས་དང་། སྲིད་ཇུས། གོམ་སྟབས་བཅས་བཏོན་པ་དང་འབྲེལ། 《འབྲོག་པ་དང་འབྲོག་བདག་གཉིས་ཀར་ཕན་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བྱ་ཐབས་(འཆར་ཟིན)》ཡང་བཟོས།
26
1960ལོའི་ཟླ2པར། བོད་ལ་རྒྱབ་སྐྱོར་གྱི་དངོས་ཟོག་འབོར་ཆེན་ཀན་སུའུ་ཞིང་ཆེན་ཞཱ་ཏུང་མེ་འཁོར་འབབ་ཚུགས་སུ་ཕབ་ནས་རྒྱུན་ཆད་མེད་པར་བོད་དུ་དབོར་འདྲེན་བྱས།
27
1961ལོའི་ཟླ་1པོར། བོད་ལྗོངས་ལས་དོན་ཨུ་ལྷན་གྱིས་མཐའ་མཚམས་ས་ཁུལ་གྱི་དམངས་གཙོའི་བཅོས་སྒྱུར་སོགས་ཀྱི་གནད་དོན་ཐད《མིག་སྔའི་མཐའ་མཚམས་ལས་དོན་སྐོར་གྱི་མཛུབ་སྟོན》བཏོན་ནས“གཟབ་ནན་དང་། གུ་ཡངས། ནན་པོ། དུས་བདེ”བཅས་ཀྱི་བྱེད་ཕྱོགས་བཏོན་ཡོད། མཐའ་མཚམས་སུ་བཅོས་སྒྱུར་བྱས་པ་བརྒྱུད་མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་དུས་བདེ་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་རིམ་བཞིན་ལེགས་སུ་ཕྱིན་ཡོད།
28
1961ལོའི་ཟླ7པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོགས་འདུ་ཐེངས111ཐོག་པཎ་ཆེན་ནང་མ་སྒང་གི་ལས་དོན་མཇུག་སྒྲིལ་གྱི་རེ་འདུན་སྙན་ཞུར་གྲོས་འཆམ་བྱས་ཏེ། པཎ་ཆེན་ནང་མ་སྒང་ཨུ་ཡོན་ལྷན་ཁང་ལས་མཚམས་འཇོག་རྒྱུའི་ཐག་བཅད། པཎ་ཆེན་ནང་མ་སྒང་ནི་བོད་རྙིང་པའི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་ལས་ཁུངས་ཀྱི་ཆ་ཤས་ཤིག་ཡིན་པས། དེ་ལོ་རྒྱུས་ཀྱི་གར་སྟེགས་ལས་ཕྱིར་འཐེན་བྱས་པ་དེའི་ཐོག་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལོ་རྒྱུས་ཐོག་ནས་རྦད་དེ་མཇུག་སྒྲིལ་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་ཞིབ་ཕྲའི་ཆ་ནས་ལེགས་གྲུབ་བྱུང་བ་མཚོན་ཡོད།
29
1962ལོའི་ཟླ10པར། རྒྱ་གར་གྱི་ལོག་སྤྱོད་ཤོག་ཁས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ནས་རང་ཕྱོགས་ལ་གཞི་ཁྱོན་ཆེ་བའི་དྲག་པོའི་བཙན་འཛུལ་བྱས་པར་རང་རེའི་དམག་གིས་རང་སྲུང་རྒོལ་ལན་སློག་དགོས་བྱུང་། རྒྱ་གར་མཐའ་མཚམས་ཀྱི་གཡུལ་འགྱེད་ཁྲོད་བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གིས“གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི”སྙིང་སྟོབས་དར་སྤེལ་བཏང་སྟེ་དཔའ་ངར་ཆེན་པོས་འཐབ་འཛིང་བྱས་ཤིང་། འཐབ་རིམ་བཞིན་རྣམ་པར་རྒྱལ་ནས་རང་སྲུང་རྒོལ་ལན་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་ཡོད།
30
1965ལོའི་ཟླ8ཚེས29ཉིན། ཀྲུང་དབྱང་སྐུ་ཚབ་ཚོགས་པ་ལྷ་སར་འབྱོར་བར་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ།
31
1965ལོའི་ཟླ9འི་ཚེས1ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་གཟབ་རྒྱས་ངང་འཚོགས་ནས་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པ་ཁྱབ་བསྒྲགས་བྱས་ཤིང་། ཚོགས་ཞུགས་འཐུས་མི301ཡོད་པའི་ནང་བོད་རིགས་དང་དེ་མིན་གྲངས་ཉུང་མི་རིགས་ཀྱི་འཐུས་མིས་བརྒྱ་ཆ80ཡན་ཟིན་ཡོད།
32
1965ལོའི་ཟླ9ཚེས9ཉིན། ལྷ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་ཁྲི3ལྷག་ཙམ་འདུ་འཛོམས་གཟབ་རྒྱས་བྱས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་པར་རྟེན་འབྲེལ་ཞུས་པ།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།