སྲིད་གཞུང་བྱ་བའི་སྙན་ཞུ། (གནད་བཤུས)
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་ལྷོ་གསར་འགྱུར་དྲ་བ།
དུས་ཚོད།:2021-08-25 10:23:48
ཀློག་གྲངས།:
སྲིད་གཞུང་བྱ་བའི་སྙན་ཞུ། (གནད་བཤུས)
དང་པོ། འདས་ཟིན་པའི་ལོ་ལྔའི་བྱ་བར་ཕྱིར་མིག་བལྟ་བ།
ཁུལ་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་བོ་འཚོགས་ཚུན་གྱི་ལོ་ལྔ་ནི། མཚོ་ལྷོའི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་འགག་རྩའི་ལོ་ལྔ་ཡིན། ལོ་ལྔའི་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར།“ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་དང་།“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་ཧུར་ཐག སྒྱུར་བཅོས་སྒོ་འབྱེད་ཁྲོད་འགྱུར་ལྡོག་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། ཉེན་སེལ་ཁྲོད་མདུན་སྐྱོད་ལ་བརྟེན་ནས་ཇེ་བརྟན་དུ་གཏོང་བ། འགྲན་བསུ་ཁྲོད་བརྟན་པོའི་ངང་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་དང་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་ཕྱོགས་ཡོངས་ནས་བསྐྲུན་པ་དང་།“ལྔའི་བཅུ་གསུམ་པའི”དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་འགྲུབ།“ལྔའི་བཅུ་བཞི་བ”བརྟན་པོའི་ངང་མགོ་རྩོམ་པ་བཅས་བྱས་ཏེ། མཚོ་ལྷོས་འབད་བརྩོན་ཆེན་པོས་རྗེས་སྙེག་དང་སྔོན་ཐོན་བརྩོན་ལེན་གྱི་ལེའུ་གསར་བ་བརྩམས་པ་ཡོད།
ལོ་ལྔའི་ནང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་བྱེད་པར་རྒྱལ་ཁ་རླབས་པོ་ཆེ་བླངས་པ་ཡོད།
ལོ་ལྔའི་ནང་། དཔལ་འབྱོར་གྱི་ཕྱོགས་བསྡུས་སྟོབས་ཤུགས་སྐས་རིམ་གསར་བར་སླེབས་ཡོད།
ལོ་ལྔའི་ནང་། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་གསར་བ་ཐོབ་ཡོད།
ལོ་ལྔའི་ནང་། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྱོང་དུས་རིམ་གསར་བ་ཞིག་ཏུ་སླེབས་ཡོད།
ལོ་ལྔའི་ནང་། ལྗང་མདོག་འཕེལ་རྒྱས་རིམ་བཞིན་མཐོ་ས་གསར་བར་སླེབས་ཡོད།
ལོ་ལྔའི་ནང་། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་ཡོད།
ལོ་ལྔའི་ནང་། སྒོ་འབྱེད་མཉམ་ལས་རྒྱ་ཆེར་གཏོང་བའི་ཕྱོགས་སུ་རྣམ་པ་གསར་བ་མངོན་ཡོད།
ལོ་ལྔའི་ནང་། མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་ལ་མཐོར་འདེགས་གསར་བ་བྱུང་ཡོད།
ལོ་ལྔའི་ནང་། བདེ་འཇགས་མཚོ་ལྷོ་འཛུགས་སྐྲུན་ཐད་མུ་མཐུད་དུ་ལེའུ་གསར་བ་བརྩམས་ཡོད།
ལོ་ལྔའི་ནང་། སྲིད་སྐྱོང་ནུས་པ་དང་ཞབས་ཕྱིའི་ཆུ་ཚད་ལ་མཐོར་འདེགས་གསར་བ་བྱུང་ཡོད།
གཉིས་པ། རྗེས་ཕྱོགས་ཀྱི་ལོ་ལྔའི་སྤྱིའི་བླང་བྱ་དང་དམིགས་འབེན་ལས་འགན།
སྤྱིའི་བླང་བྱ།
ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རླབས་ཆེན་གྱི་དར་ཆ་མཐོན་པོར་བསྒྲེངས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་སྐབས་བཅུ་གསུམ་པའི་རིམ་བྱུང་གི་དགོངས་དོན། དེ་མིན་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ།“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་།“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་གཞི་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་བར་མཉམ་འདྲེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་མཛུབ་ཁྲིད་དུ་བཟུང་ནས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“བདེ་འཇགས་གསུམ”གྱི་འཐབ་ཇུས་ངེས་གནས་ཁོང་དུ་ཆུད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། དུས་བསྟུན་མདུན་སྐྱོད་ཀྱིས་ཞིང་ཆེན་ཏང་ཨུའི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་བྱེད་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དམིགས་ཡུལ་དུ་འཛིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐབས་ལམ་དུ་བྱེད་པ། སྒྱུར་བཅོས་སྒོ་འབྱེད་སྒུལ་ཤུགས་སུ་བྱེད་པ།“ཐོན་ལས་ཆེན་པོ་བཞི”སྣེ་ཁྲིད་དུ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ། ཁྱོན་ཡངས་པའི་གུང་ཧོ་གཤོང་ས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་ལ་སྔར་བས་བདེ་སྐྱིད་དང་མཛེས་སྡུག་གི་འཚོ་བ་གསར་བ་བསྐྲུན་རྒྱུ་དེ་ཡིན།
དམིགས་འབེན།
ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང་ལོ་རེར་ཆ་སྙོམས་ཀྱིས5.5%ཡས་མས་འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་དངུལ་གཏོང་ཚད་ལོ་རེར་ཆ་སྙོམས་ཀྱིས6%ཡས་མས་འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་ལོ་རེར་ཆ་སྙོམས་ཀྱིས6%ཡས་མས་འཕར་བ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་འབབ་དེ་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་ཐང་དང་དུས་མཉམ་དུ་འཕར་བ་དང་། སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་བསྡོམས་འབོར་ལོ་རེར་ཆ་སྙོམས་བྱས་ན5%ཡས་མས་འཕར་བ། སྡོད་དམངས་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་ལོ་རེར་ཆ་སྙོམས་ཀྱིས6%འཕར་བ། རྒྱུན་སྡོད་མི་འབོར་གྲོང་རྡལ་ཅན་དུ་འགྱུར་ཚད55%ལ་སླེབས་པ། གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.5%ནང་དུ་ཚོད་འཛིན་བྱེད་པ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་དང་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་བྱེད་ཚད་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ནང་ཚོད་འཛིན་བྱེད་པ། ལོ་རེའི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི15ཡན་རྒྱུན་འཁྱོངས་བྱེད་པ་བཅས་ཡིན།
སླད་ཕྱིན་ལོ་ལྔའི་ལས་འགན།
གཅིག་ནས“རྒྱལ་ཁབ་ཀྱི་དོན་དག་ཆེན་པོ”སེམས་ལ་བཅངས་ནས་བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བསྐྲུན་པ་དང་ནུས་ཤུགས་ཡོད་རྒུས་ཁོར་ཡུག་བཅོས་སྐྱོང་གི་ཕན་ནུས་མཐོ་རུ་གཏོང་བ། ཐཱན་སྙོམ་སྦྱོར་དཔེ་སྟོན་ཁུལ་གསར་གཏོད་བྱེད་པ།
གཉིས་ནས་ཁྱད་ཆོས་ལྡན་པའི་ལེགས་ཆ་བསྐྱང་ནས་བློ་བརྟན་འགྱུར་མེད་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་སའི་སྣེ་ཁྲིད་ཁུལ་བསྐྲུན་བྱེད་པ་དང་།རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་སྔོན་སྐྱོད་ཁུལ་བསྐྲུན་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆའི་དཔེ་སྟོན་ཁུལ་བསྐྲུན་པ། མདོ་དབུས་མཐོ་སྒང་གི་གཞི་གྲངས་ཆེན་མོའི་སྤྲིན་རྩིས་ཐོན་ལས་ཀྱི་གཅིག་སྡུད་ཁུལ་བསྐྲུན་པ།
གསུམ་ནས་གཅིག་གྱུར་གྱིས་མཐུན་སྦྱོར་བྱེད་པར་མཐོང་ཆེན་བྱས་ཏེ། མཁར་གྲོང་གི་གཞི་གཅིག་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ་དང་། མཁར་གྲོང་ཅན་གསར་གྲས་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ།རྨང་གཞི་སྒྲིག་ཆས་ཀྱི་འཛུགས་སྐྲུན་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ།
བཞི་ནས་དམངས་ཚིས་རྩ་བར་འཛིན་རྒྱུ་འབུར་ཐོན་ཡོང་བ་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་ཏེ། ལས་ཞུགས་ཞབས་ཕྱིའི་ནུས་པ་དངོས་ནས་མཐོར་འདེགས་གཏོང་བ་དང་། སློབ་གསོ་འཕེལ་རྒྱས་ཀྱི་སྤུས་ཚད་དངོས་གནས་མཐོ་རུ་གཏོང་བ། རིག་གནས་ལུས་རྩལ་ཞབས་ཕྱིའི་མཁོ་སྤྲོད་དངོས་གནས་མང་དུ་གཏོང་བ། དམངས་ཀྱི་བདེ་ཐང་གི་ཆུ་ཚད་དངོས་གནས་མཐོ་རུ་གཏོང་བ། སྤྱི་ཚོགས་འགན་སྲུང་གི་ནུས་པ་དངོས་གནས་ཆེ་རུ་གཏོང་བ།
ལྔ་ནས་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ས་ཁོངས་ཆེན་མོ་སྒོ་འབྱེད་མཉམ་ལས་བྱེད་པར་སྐུལ་འདེད་བཏང་སྟེ། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་མུ་མཐུད་དུ་ཟབ་སྤེལ་བྱེད་པ་དང་། མུ་མཐུད་དུ་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྐུལ་མ་གཏོང་བ། ཕྱི་ཕྱོགས་ལ་སྒོ་འབྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་བ། ཁ་གཏད་རོགས་སྐྱོར་བྱ་བ་མུ་མཐུད་དུ་ཟབ་སྤེལ་བྱེད་བ།
དྲུག་ནས་འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་བཏང་ནས་བློ་བརྟན་འགྱུར་མེད་ཀྱིས་བདེ་འཇགས་འཕེལ་རྒྱས་ཀྱི་ཚད་གཞི་སྲུང་སྟེ། འཆམ་མཐུན་བརྟན་ལྷིང་གི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། མཐུན་སྒྲིལ་དང་ཡར་བརྩོན་གྱི་བླ་སྲོག་བརྟན་དུ་གཏོང་བ། སྤྱི་བའི་བདེ་འཇགས་ཀྱི་འགན་འཁྲི་ཏན་ཏིག་གིས་ཕྲག་ཏུ་འཁུར་བ།
གསུམ་པ། སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ།
ཆབ་སྲིད་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། སྤྱོད་ཚུལ་ལེགས་སྐྱོང་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། ཕན་ནུས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། སྲིད་དོན་གཙང་སྐྱོང་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་སོ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།