ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་ལྷོ་གསར་འགྱུར་དྲ་བ།
དུས་ཚོད།:2021-08-25 10:47:35
ཀློག་གྲངས།:
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས།

ཟླ8པའི་ཚེས24ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་དང་པོ་ཁུལ་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས། ཚོགས་འདུར་ཞུགས་དགོས་པའི་འཐུས་མི252ཡོད་ལ། ཚོགས་འདུར་དངོས་སུ་ཞུགས་ཡོད་པའི་འཐུས་མི246ཡོད་པས། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།


ཚོགས་ཞུགས་དང་ཟུར་ཞུགས་བྱས་ནས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་ནི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཀརྨ་ཕུན་ཚོགས་དང་། དེ་མིན་ཁུལ་ཨུའི་རྒྱུན་ཨུ་སོ་སོ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ། ཚོགས་འདུར་ད་དུང་ཁུལ་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་ཨུ་ཡོན་དང་ཞིང་ཆེན་གྱི་དམངས་ཆེན་འཐུས་མི་ཁ་ཤས། ཁུལ་ཨུའི་འབྲེལ་ཡོད་པུའུ་ཨུ་དང་མི་དམངས་ཚོགས་པའི་འགན་འཁུར་བ། མཚོ་ལྷོ་ཡན་ལག་དམག་ཁུལ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁོངས་གཏོགས་ལས་ཁུངས། ཞིང་ཆེན་གྱི་ལས་ཁུངས་དོ་དམ་འགན་འཁུར་བ། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བ། ཁུལ་གཏོགས་འབྲེལ་ཡོད་ཀྱི་ཁེ་ལས་དང་ལས་དོན་སྡེ་ཁག དམངས་གཉེར་ཁེ་ལས་ཁ་ཤས་ཀྱི་འགན་འཁུར་བ་བཅས་ཟུར་ཞུགས་བྱས་ཡོད།

ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ་བཞིན་པ།
ཚོགས་འདུའི་སྟེང་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུར་ཉན་ལ། སྙན་ཞུར་ཁྱོན་བསྡོམས་ཁག་གསུམ་དུ་བགར་ཡོད་དེ། གཅིག་ནི་འདས་པའི་ལོ་ལྔའི་བྱ་བར་ཕྱིར་མིག་བལྟ་བ། གཉིས་ནི་སླད་ཕྱིན་ལོ་ལྔའི་དམིགས་འབེན་དང་ལས་འགན་གཙོ་བོ། གསུམ་ནི་སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མཱ་ཅན་ཧོང་གིས་ཚོགས་འདུར་མགོ་འཛིན་བྱེད་བཞིན་པ།
སྙན་ཞུ་ལས་བསྟན་དོན། ཁུལ་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན་གྱི་ལོ་ལྔ་ནི། མཚོ་ལྷོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པའི་འགག་རྩའི་ལོ་ལྔ་ཡིན།ལོ་ལྔའི་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་ཡང་དག་པའི་སྣེ་ཁྲིད་འོག ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞིར་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར། “ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་དང་།“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་འདེད་ཧུར་ཐག “ལྔའི་བཅུ་གསུམ་པའི”དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་འགྲུབ།“ལྔའི་བཅུ་བཞི་བ”བརྟན་པོའི་ངང་མགོ་རྩོམ་པ་བཅས་བྱས་ཏེ། མཚོ་ལྷོས་འབད་བརྩོན་ཆེན་པོས་རྗེས་སྙེག་དང་སྔོན་ཐོན་བརྩོན་ལེན་གྱི་ལེའུ་གསར་བ་བརྩམས་ཡོད་ལ། དེར་ཁྱད་ཆོས་གཙོ་བོ་ཕྱོགས་དགུ་ནས་འདུ་སྟེ།གཅིག་ནི་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ནི་ལས་འགན་ཨང་དང་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་བདེན་འཚོལ་གསར་གཏོད་དང་འབད་འབུངས་མདུན་བསྐྱོད་པས་དཔལ་འབྱོར་གྱི་ཕྱོགས་བསྡུས་སྟོབས་ཤུགས་སྐས་རིམ་གསར་བར་སླེབས་པ།
གཉིས་ནི་ཐོག་མཐའ་བར་གསུམ་དུ་འགག་སྒྲོལ་ཁག་སེལ་གྱི་འགན་འཁུར་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། གནད་འཁེལ་ལག་བསྟར་དང་གནད་འཁེལ་ཤུགས་འདོན་བྱས་ནས། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་གསར་བ་ཐོབ་པ།
གསུམ་ནི་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་སྔོན་དུ་བསྐྱོད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། བཅོས་སྐྱོང་ལ་ཤུགས་སྣོན་དང་སྐྱེ་ཁམས་མ་ལག་སླར་གསོ་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྱོང་དུས་རིམ་གསར་བ་ཞིག་ཏུ་སླེབས་པ།
བཞི་ནི་ཐོག་མཐའ་བར་གསུམ་དུ་ཐོན་ལས་ལ་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གྲུབ་ཚུལ་ལེགས་སྒྲིག་དང་ཕྱོགས་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་ལྗང་མདོག་འཕེལ་རྒྱས་རིམ་བཞིན་མཐོ་ས་གསར་བར་སླེབས་པ།
ལྔ་ནི་ཐོག་མཐའ་བར་གསུམ་དུ་རྨང་གཞིའི་ཞན་ཆ་ཁ་གསབ་དང་། གཅིག་གྱུར་མཐུན་སྦྱོར། མཉམ་ཤུགས་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་པ།
དྲུག་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་སྒྱུར་བཅོས་གསར་གཏོད་སྣེ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་སྦས་ཤུགས་སྔོག་འདོན་དང་བར་སྟོང་གསར་འབྱེད་བྱས་ཏེ། སྒོ་འབྱེད་མཉམ་ལས་རྒྱ་ཆེར་གཏོང་བའི་ཕྱོགས་སུ་རྣམ་པ་གསར་བ་མངོན་པ།
བདུན་ནི་ང་ཚོས་དམངས་ཚིས་ལེགས་བསྒྱུར་དང་འགན་སྲུང་བརྟན་པོ་ཡོང་བར་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་གི་འཕེལ་རྒྱས་དང་འཚོ་བ་ཇེ་ལེགས་སུ་བཏང་སྟེ། མི་དམངས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བ་ཞིག་བསྐྲུན་པ།
བརྒྱད་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་རྒྱུན་འཁྱོངས་དང་། གཙོ་གནད་འབུར་ཐོན། ཐུན་མོང་འཛིན་སྐྱོང་བཅས་བྱས་ཏེ་མཚོ་ལྷོའི་བདེ་འཇགས་འཛུགས་སྐྲུན་ཐད་མུ་མཐུད་དུ་གྲུབ་འབྲས་གསར་བ་ཞིག་ལེན་པ།
དགུ་ནི་ཐོག་མཐའ་བར་གསུམ་དུ་སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་། སྤྱོད་ཚུལ་ལེགས་བསྒྱུར། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྲིད་སྐྱོང་ནུས་པ་དང་ཞབས་ཕྱིའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ།

ཏང་གིས་བྱ་བ་ཐམས་ཅད་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ།
སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འགྲོ་བའི་འདུ་ཤེས་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ།
མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ།
སྒྱུར་བཅོས་གསར་གཏོད་དང་སྒོ་འབྱེད་རྒྱ་སྐྱེད་བྱ་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ།
གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་ངེས་པར་དུ་རྒྱུན་མཐའ་འཁྱོངས་བྱེད་པ།
རིགས་སོ་སོའི་མི་དམངས་མཐུན་སྒྲིལ་ཡར་ཐོན་ཡོང་བ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ།



སྙན་ཞུ་ལས་བསྟན་དོན། སླད་ཕྱིན་གྱི་ལོ་ལྔའི་ནང་། ཕྱོགས་དྲུག་གི་བྱ་བ་གཙོ་གནད་དུ་བཟུང་ཡོད་དེ།
གཅིག་ནས“རྒྱལ་ཁབ་ཀྱི་དོན་དག་ཆེན་པོ”སེམས་ལ་བཅངས་ནས་བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
གཉིས་ནས་ཁྱད་ཆོས་ལྡན་པའི་ལེགས་ཆ་བསྐྱང་ནས་བློ་བརྟན་འགྱུར་མེད་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
གསུམ་ནས་གཅིག་གྱུར་གྱིས་མཐུན་སྦྱོར་བྱེད་པར་མཐོང་ཆེན་བྱས་ཏེ། མཁར་གྲོང་གི་གཞི་གཅིག་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་དགོས།
བཞི་ནས་དམངས་ཚིས་རྩ་བར་འཛིན་རྒྱུ་འབུར་ཐོན་ཡོང་བ་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་དགོས།
ལྔ་ནས་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ས་ཁོངས་ཆེན་མོ་སྒོ་འབྱེད་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་དགོས།
དྲུག་ནས་འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་བཏང་ནས་བློ་བརྟན་འགྱུར་མེད་ཀྱིས་བདེ་འཇགས་འཕེལ་རྒྱས་ཀྱི་ཚད་གཞི་སྲུང་དགོས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།