ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > པེ་ཅིང་དང་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་ཡུས་ཧྲུའུ་རུ་བསྡུས།
པེ་ཅིང་དང་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་ཡུས་ཧྲུའུ་རུ་བསྡུས།
རྩོམ་པ་པོ།:རིག་ལྡན་རྒྱ་མཚོས་བསྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2021-09-08 16:02:29
ཀློག་གྲངས།:
ཟླ9བའི་ཚེས7ཉིན། པེ་ཅིང་གྲོང་ཁྱེར་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་རྟོག་ཞིབ་ཏུ་ཡོང་བ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་པེ་ཅིང་དང་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། པེ་ཅིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། པེ་ཅིང་གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་བའེ་ཞའོ་ཏུང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས།
བཞུགས་མོལ་ཚོགས་འདུའི་སྟེང་། པེ་ཅིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ། རྒྱུན་ལས་ཧྲི་ཀྲང་གཞོན་པ་ཚོས་ཧྲུའུ་ཆང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་གཉིས་ཀྱིས་སོ་སོར་པེ་ཅིང་དང་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རོགས་སྐྱོར་དང་ལེན་གནས་ཚུལ་མཚམས་སྦྱོར་བྱས། པེ་ཅིང་གྲོང་ཁྱེར་གྱི་མགོ་ཁྲིད་ཀྲང་ཅ་མིན་དང་ལུའུ་ཡན། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཐིན་ཅ་ཚའེ་དང་ཁོང་ཡུང་ཚོགས་འདུར་ཞུགས།
ཚའེ་ཆིས་ནན་གྱིས་བསྟན་དོན། ཁྱབ་ཁོངས་མང་པོ་དང་གནས་ཚད་ཡོངས་ཀྱི་མཉམ་ལས་ཟབ་སྤེལ་བྱེད་དགོས། པེ་ཅིང་གི་ཚན་རྩལ་དང་འཇོན་མི་སོགས་ཀྱི་དགེ་མཚན་དེ་མཚོ་སྔོན་གྱི་སྐྱེ་ཁམས་དགེ་མཚན་དང་མཐོ་སྒང་ཐོན་ཁུངས་གཉིས་ཟུང་འབྲེལ་བྱས་ཏེ། ཁྱད་ལྡན་ཐོན་ལས་སྐོར་ཞིག་ལེགས་པོར་སྒྲུབ་པ་དང་། ཐཱན་ཉུང་གཏོང་དང་ཐཱན་སྙོམ་སྦྱོར། ལྗང་མདོག་ནུས་ཁུངས་འགན་སྲུང་། རིག་གནས་ཡུལ་སྐོར་ཐོན་ལས་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། མི་རིགས་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་ཤུགས་སྣོན་དང་། མི་རིགས་བྱ་བ་དེ་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བའི་ཁྲོད་བཞག་ཏེ། ས་གནས་གཉིས་ཀྱི་འགྲོ་འོང་བསམ་བློ་བརྗེ་རེས་ཀྱི་རྒྱ་བསྐྱེད་དང་ཟབ་ཚད་ཆེ་རུ་གཏོང་དགོས། “མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ”སོགས་ཀྱི་བྱ་འགུལ་སྤེལ་ཏེ། མི་རིགས་སོ་སོ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བར་སྐུལ་འདེད་གཏོང་དགོས།
ཝང་ཅན་ཅུན་གྱིས་ད་ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས་པ་མ་ཟད། དངོས་སུ་མཚོ་སྔོན་དུ་བྱ་བར་རྟོག་ཞིབ་དུ་ཕེབས་ཤིང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་མཚོ་སྔོན་ལེའུ་རྩོམ་པར་འཆར་འགོད་གང་ལེགས་བྱས། པེ་ཅིང་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གོམ་སྟབས་ཀྱི་རྗེས་སུ་འབྲངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་མཚོ་སྔོན་དུ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། མཚོ་སྔོན་དུ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བར་སྐུལ་འདེད་གཏོང་བ་དེ་ཁྱོན་ཡོངས་ནས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་གྲུབ་འབྲས་ཀྱི་ནང་དོན་གལ་ཆེན་བཞག་ནས། རྒྱལ་སའི་ཆབ་སྲིད་འགན་འཁྲིས་ང་ཚོར་དགའ་འགུ་ཡི་རང་བྱེད་དུ་བཅུག་ཅིང་། ང་ཚོས་ཤེས་ཡོན་གཉིས་འཛོམས་ཀྱི་རྗེས་སུ་སྙེག་འདོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་བསླངས་པའི་ཡིད་ཆེས་དང་ཆོད་སེམས། ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱིས་བསླངས་པའི་བརྩེ་བ་ཡིས། མཚོ་སྔོན་ལ་དགའ་ཞེན་དང་མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་བྱས་རྗེས་འཇོག་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དེ་མཚོ་སྔོན་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་སུ་འཇུག་པར་ཁག་ཐེག་བྱེད་དགོས། མཐོ་སྒང་དུ་གནས་པའི་མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་ཆེན་སྟེང་བསྐྱོད་དེ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་ལ་དྲིན་གཟོ་བྱེད་པ་དང་། པེ་ཅིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཆབ་སྲིད་གླེང་བ་དང་། སྤྱི་ཁྱོན་ལ་དམིགས་པའི་འགན་འཁྲིར་དྲིན་གཟོ་བྱེད་དགོས། པེ་ཅིང་གྲོང་ཁྱེར་གྱི་ལས་བྱེད་མང་ཚོགས་ཀྱི་གཏོང་ཕོད་པའི་བརྩེ་སེམས་ལ་དྲིན་གཟོ་བྱས་ནས། ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་མགོ་རྩོམ་ས་ནས། མུ་མཐུད་དུ་སྤྱི་ཚོགས་ཡོངས་སུ་མཚོ་སྔོན་དུ་ཁ་གཏད་རོགས་སྐྱོར་གྱི་དོན་སྙིང་དང་ལག་ལེན། གྲུབ་འབྲས་དྲིལ་སྒྲོག་དང་། མཚོ་སྔོན་དུ་ཁ་གཏད་རོགས་སྐྱོར་གྱི་པེ་ཅིང་གཏམ་རྒྱུད་ལེགས་པོར་བརྗོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་དངོས་ཡོད་བྱེད་སྟངས་སྲ་བརྟན་དུ་གཏོང་དགོས། མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་པེ་ཅིང་གི་སྟོབས་ཤུགས་དང་པེ་ཅིང་གི་བློ་གྲོས། པེ་ཅིང་གི་གཏོང་ཕོད་འདུས་ཡོད་ཅིང་། པེ་ཅིང་གྲོང་ཁྱེར་གྱི་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བ་དེ་མཐོ་ས་ཞིག་ནས་ལངས་ཏེ། ཡུན་རིང་ཞིག་ལ་དམིགས་ཤིང་། དོན་དངོས་ཤིག་སྒྲུབ་པའི་བྱེད་སྟངས་དེར་ང་ཚོར་དགའ་སྤྲོ་བསྐྱེད་ཅིང་། ང་ཚོས་མུ་མཐུད་དུ་མཚོ་སྔོན་ཁ་གཏད་རོགས་སྐྱོར་བྱ་བ་མཐོར་འདེགས་སུ་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་ལས་དོན་སྒྲུབ་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་གྱི་ལེའུ་གསར་བ་རྩོམ་པའི་དངོས་ཡོད་བྱེད་སྟངས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་རེ་སྒུག་ལ་དྲིན་ལན་འཇལ་བ་དང་། པེ་ཅིང་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་། པེ་ཅིང་མི་དམངས་ཀྱི་བརྩེ་བ་ཟབ་མོར་དྲིན་ལན་འཇལ་དགོས་ཞེས་གསུངས།
མཚོ་སྔོན་དུ་སྡོད་པའི་སྐབས་སུ། པེ་ཅིང་གྲོང་ཁྱེར་ཏང་སྲིད་འཐུས་ཚབ་ཚོགས་པས་ཡུས་ཧྲུའུ་གྲོང་ཁྱེར་ཁྲ་མགུ་སྡེ་བའི་ཏང་ཡོན་སློབ་གསོའི་རྟེན་གཞི་དཔེ་སྟོན་ལས་གཞི་དང་། ཤེས་རིག་གྲོང་ཁྱེར་དོ་དམ་ཞབས་ཞུ་ལྟེ་གནས། ཡུས་ཧྲུའུ་གནོད་སེལ་རྒུབ་སྐྱོབ་རྗེས་དྲན་ཁང་སོགས་སུ་རྟོག་ཞིབ་བྱས་པ་དང་། ཁྲ་མགུ་སྡེ་བའི་དབུལ་ཐར་དུད་ཁྱིམ་དང་པེ་ཅིང་གྲོང་ཁྱེར་གྱི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པར་འཚམས་འདྲི་བྱས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།