༄༅། །མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་ངོ་བཞི་ཅུའི་འབད་འབུངས་ལམ་བུ།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2021-12-29 08:31:26 ཀློག་གྲངས།:
        ད་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་ཉིན་མོ་ཡིན་ལ། མཚོ་ནུབ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ངོ་བཞི་ཅུ་ལོན་པའི་ལོའང་ཡིན། ལོ་ངོ་བཞི་ཅུའི་རིང་ལ། མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྟེ་གནས་དམ་འབྲེལ་དང་ཁྱོན་ཡོངས་ཞབས་ཕྱིའི་བྱེད་ཕྱོགས་ལྟར། ཧུར་ཐག་སྒོས་རྩ་ཁྲིམས་ལག་བསྟར་གྱི་འགན་འཁྲི་དངོས་འབེབས་བྱས་ཤིང་། ཆབ་སྲིད་ཀྱི་རྩ་བའི་རྩ་དོན་ལམ་ལུགས་གང་ལེགས་སྒོས་འདོན་སྤེལ་བྱས་ཏེ། མཚོ་ནུབ་ཀྱི་དམངས་གཙོ་ཆབ་སྲིད་ཐད་ལ་བརྗིད་ཉམས་ཀྱི་རི་མོ་བྲིས་ཡོད།  
        མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་ངོ་བཞི་ཅུ་ནི་བློ་བརྟན་འགྱུར་མེད་དང་འགན་འཁྲིའི་སྤྱོད་ལམ་ཡག་པ། འབད་བརྩོན་གྱི་ཆུ་རྒྱུན་རིང་བའི་ལོ་ངོ་བཞི་ཅུ་ཡིན་ལ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་བྱས་ནས་འཐུས་ཚང་བྱས་ཏེ། ལོ་རྒྱུས་ཀྱི་ལམ་ཚད་བསྐྲུན་པའི་ལོ་ངོ་བཞི་ཅུ་ཡིན། སྤྱི་ལོ1981ལོའི་ཟླ6པར་མཚོ་ནུབ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་པའི་ཚུན་ལ། འཕེལ་རྒྱས་དང་འཐུས་ཚང་གི་ལོ་རྒྱུས་ལམ་ཚད་དུ་བསྐྱོད་ཅིང་། དང་པོ་སྡེ་ཁག་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ། བར་གྱི་འབད་བརྩོན་དང་ད་ལྟའི་འཕེལ་རྒྱས་ཀྱི་རྣམ་པའི་བསྡུས་གཟུགས་འདི་མངོན་པ་རེད། 
        མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་གཞོན་པ་ལིས་ཡོན་ཞིན་གྱིས་བཤད་རྒྱུར། ལོ་ངོ་བཞི་ཅུའི་རིང་ལ། མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་ཨུའི་དབུ་ཁྲིད་བརྟན་པོའི་འོག ཐོག་མའི་བསམ་འདུན་མི་བརྗེད་པར་མངགས་འགན་ཡིད་ལ་བརྟན་པོར་བཅངས་ནས། དུས་དང་རྣམ་པ་ཀུན་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲིམས་བརྟེན་རྒྱལ་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པའི་གཅིག་གྱུར་བསམ་བློའི་སྟེང་ཧུར་བརྩོན་བྱས་ཤིང་། ནན་ཏན་སྒོས་རྩ་ཁྲིམས་ལག་བསྟར་བྱེད་པ་དང་། དཀྱིལ་སྙིང་ལ་དམ་འབྲེལ་བྱེད་པ། ཁྱོན་ཡོངས་ལ་ཞབས་ཕྱི་བྱས་ཏེ། འཐུས་མིའི་བྱ་བ་དང་རང་བདག་གི་འཛུགས་སྐྲུན་སོགས་ཀྱི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་ཟེར། 
        ལོ་ངོ་བཞི་ཅུའི་རིང་ལ། མཚོ་ནུབ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲིམས་བརྟེན་རྒྱལ་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པའི་གཅིག་གྱུར་བསམ་བློའི་སྟེང་ཧུར་བརྩོན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལེགས་བཅོས་དང་རྒྱུན་འཁྱོངས་བྱེད་པའི་དགོངས་པ་གལ་ཆེན་དང་ཀྲུང་དབྱང་གི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་པ་དོན་འཁྱོལ་ཟབ་མོ་ཡོང་བར་བྱས་ཤིང་། དམངས་ཆེན་བྱ་བའི་ལས་རིགས་སོ་སོ་ཀྲུང་དབྱང་གིས་བཀོད་སྒྲིག་དང་ཞིང་ཆེན་དང་ཁུལ་གྱི་བྱ་བའི་བླང་བྱ་སྔོན་འགྲོའི་ཆ་རྐྱེན་དུ་བཟུང་ནས། རྣམ་པ་ཀུན་དུ་ཏང་ཨུས་བཀོས་སྒྲིག་བྱེད་པ་དང་དམངས་ཆེན་འགུལ་སྐྱོད་བྱེད་པ། མང་ཚོགས་ལ་ཡར་ཞུ་ཡོད་པ། དམངས་ཆེན་ལ་ཕྱིར་ལན་ཡོད་པར་བྱས་ཏེ། དམངས་ཆེན་བྱ་བར་སྟོབས་ཤུགས་དང་འཕེལ་རྒྱས་ལ་གསར་གཏོད་ལྡན་པར་ཁག་ཐེག་བྱས།
        གཏེར་ལམ་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བང་མིན་ཧྲན་གྱིས་བཤད་རྒྱུར། ང་ཚོས་ཕི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོབ་ཟབ་མོ་བྱས་ནས། འདུ་ཤེས་བཞི་བཞེངས་སྐྲུན་བྱེད་པ་དང་། ཡིད་རྟོན་བཞི་བརྟན་པོ་བྱས་ཏེ། དམངས་ཆེན་བྱ་བ་ཐོག་མཐའ་བར་གསུམ་དུ་ཏང་གི་དབུ་ཁྲིད་འོག་བཀོད་སྒྲིག་བྱེད་པ་དང་། གནད་དོན་གལ་ཆེན་དང་ལས་དོན་གལ་ཆེན་རྫོང་ཨུ་ལ་ཡར་ཞུ་བྱེད་པའི་ལམ་ལུགས་རྒྱུན་འཁྱོངས་བྱས་ཡོད་ཟེར། 
        དབུས་ལམ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལིས་ཀྲུང་ཅན་གྱིས་བཤད་རྒྱུར། ང་ཚོས་ནམ་ཡང་དམངས་ཆེན་བྱ་བ་ནི་རྫོང་ཨུའི་བྱ་བའི་སྤྱིའི་བཀོད་སྒྲིག་ནང་བཞག་ཏེ། ནུས་ཤུགས་ཡོད་རྒུས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་འཁྲི་ལག་བསྟར་ལ་རྒྱབ་སྐྱོར་བྱས་ཤིང་། ལོ་རེའི་དམངས་ཆེན་དང་རྒྱུན་ལས་ཚོགས་པའི་ཡར་ཞུ་བྱ་བར་ཉན་ནས། དམངས་ཆེན་གྱི་བྱ་བར་ཆེད་དོན་ཞིབ་འཇུག་བྱས་ཏེ། དུས་ཐོག་ཏུ་དམངས་ཆེན་བྱ་བའི་ཁྲོད་ཀྱི་དོན་དངོས་གནད་དོན་ཐག་གཅོད་བྱས་པ་ཡིན་ཟེར། 
གསར་འགོད་པ། བསོད་རྡོ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།