​ལོ་གསར་གྱི་ཤིས་ཚིག་ནང་དུ“མཚོ་སྔོན་གྱི་གྲུབ་ཆ”གང་དག་གླེང་ཡོད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2022-01-04 10:31:41 ཀློག་གྲངས།:
        ལོ་གསར་གྱི་ཡར་སྔོན་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་ཚིགས་བརྒྱུད་དེ2022ལོའི་ལོ་གསར་གྱི་ཤིས་ཚིག་ཕུལ་བ་རེད།
        ལོ་གསར་གྱི་ཤིས་ཚིག་ནང་དུ་“མཚོ་སྔོན་གྱི་གྲུབ་ཆ”གང་དག་གླེང་ཡོད་དམ། དེ་ལས་ང་ཚོར་དྲི་བ་ཞིག་བཏོན་བྱུང་།
        ཁྱོད་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་ཚིག་ལས་མཚོ་སྔོན་དང་འབྲེལ་བའི་ཤེས་བྱ་མཐོང་ཡོད་དམ། ང་ཚོས་མཉམ་དུ་དེའི་རྒྱབ་ཕྱོགས་ཀྱི་གཏམ་རྒྱུད་ལ་ཕྱིར་དྲན་ཐེངས་ཤིག་བྱ། 
གནད་ཚིག་དང་པོ། རྨ་ཆུ་དང་འབྲི་ཆུ།
        མཚོ་བོད་མཐོ་སྒང་གིས་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་སོགས་གཙང་པོ་དང་ཆུ་བོ་ཆེན་པོ་གསོ་སྐྱོང་བྱས་ཤིང་། མཚོ་བོད་མཐོ་སྒང་དུ་གནས་པའི་མཚོ་སྔོན་ལ“ཀྲུང་ཧྭའི་ཆུ་མཛོད”དང“གཙང་གསུམ་འབྱུང་ཡུལ”ཞེས་པའི་ཆོ་ལོ་བསྩལ་ཡོད་ལ། གནས་འདི་ནི་སྐྱེ་ཁམས་ཐོན་ཁུངས་ཀྱི་གཏེར་མཛོད་ལྟ་བུ་ཡིན་པ་མ་ཟད། སྐྱེ་ཁམས་བདེ་འཇགས་ཕྱོགས་ཀྱི་སྲུང་ཡོལ་ཡང་ཡིན།
        2016ལོའི་ཟླ8པར་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འབུར་ཐོན”གསུམ་ཞེས་བརྗོད་ནས་མཚོ་སྔོན་གྱི་སྐྱེ་ཁམས་ལ་གདེང་འཇོག་ཆེན་པོ་གནང་བ་དང་། མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་ལ། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ཡིན། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་ཞེས་བསྟན། 
        2021ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ཕྲག་སྟེང་ལ་བབས་པའི་ལས་འགན་ལྕི་མོ་དེར་སླར་ཡང་ནན་གྱིས་བསྟན་པ་དང་། "མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ལ་འགན་འཁྲི་ཆེན་པོ་འཁུར་ཡོད་པས། ངེས་པར་དུ་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་། ‘ཀྲུང་ཧྭའི་ཆུ་མཛོད’སྲུང་སྐྱོང་བཅས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ནས་རྒྱལ་ཁབ་དང་མི་རིགས། བུ་རབས་ཚ་རྒྱུད་བཅས་ལ་འགན་འཁུར་དགོས།"
        ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་མཚོ་སྔོན་པོའི་ཁེ་རམ་ཐང་དུ་རྟོག་ཞིབ་གནང་བ་རེད།
        2021ལོའི་ཟླ6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་གྱི་གཙོ་གནད་བྱ་གཞག”ཡིན་པ་དང་། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་དགོས་ཞེས་ནན་གྱིས་བསྟན།
        ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་སྔོན་པོའི་ཁེ་རམ་ཐང་དུ་མཚོ་སྔོན་ཞིང་ཆེན་གྱིས་མདོ་ལ་རིང་མོའི་ས་ཁུལ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བྱེད་པའི་གནས་ཚུལ་སོགས་ལ་རྒྱུས་ལོན་གནང་བ་རེད།
        2021ལོའི་ཟླ12ནང་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྟེང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པའི་ལས་དོན་སོ་སོ་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཚད་མཐོ་པོའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ། རྨ་ཆུ་བཞུར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། ཚད་གཞི་དེ་ལས་མཐོ་བའི་སྒོ་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། ཐཱན་ཉུང་པའི་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་བྱས་ཏེ། ‘ཀྲུང་ཧྭའི་ཆུ་མཛོད’སྲུང་སྐྱོང་ལེགས་པོ་བྱེད་པའི་འགན་འཁྲི་ལྕི་མོ་དང་དུ་ལེན་དགོས་པར་ནན་གྱིས་བསྟན། །
གནད་ཚིག་གཉིས་པ། མཚོ་སྔོན་པོ།
        མཚོ་སྔོན་པོ་ནི་ཁ་བའི་ལྗོངས་ཀྱི་རྡོ་རྗེ་ཕ་ལམ་སྔོན་པོ་ཞིག་དང་གཉིས་སུ་མེད་ལ། རང་རྒྱལ་གྱི་སྐམ་སའི་ནང་ཁུལ་གྱི་ཆེས་ཆེ་བའི་མཚེའུ་ཡང་ཡིན། མཁའ་དབྱིངས་ནས་བལྟས་ན། མཚོ་སྔོན་པོ་ནི་མདོ་དབུས་མཐོ་སྒང་སྟེང་དུ་རྡོ་རྗེ་ཕ་ལམ་སྔོན་པོ་ཆེན་པོ་ཞིག་ཕྲ་བཏབ་པ་ལྟར་མདོ་ལ་རི་རྒྱུད་དང་ཁ་སྤྲོད་ཀྱིས་ཆགས་ཡོད་ལ། མུ་འབྲེལ་བརྗིད་ཆགས་ཀྱི་རི་རྒྱུད་དང་མུ་མཐའ་མི་མངོན་པའི་མཚོ་སྔོན་པོ་གཅིག་ལ་གཅིག་བརྟེན་གྱིས་མི་ལ་སྤྲོ་བའི་སྣང་བ་ཆེ་ཆེར་བསྩོལ།
        2021ལོའི་ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་ཕེབས་པ་དང་། མཚོ་སྔོན་པོའི་ཁེ་རམ་ཐང་ནས་མདོ་ལ་རི་བོ་དང་མཚོ་སྔོན་པའི་སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་པ་མ་ཟད། ཡུལ་དངོས་སུ་ཕེབས་ཏེ་མཚོ་སྔོན་པོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ལས་དོན་ལ་རྟོག་ཞིབ་གནང་། 
        སྐྱེ་ཁམས་ནི་མཚོ་སྔོན་གྱི་ཆེས་ངོམ་ཆོག་པའི་མིང་བྱང་ཞིག་ཡིན་ལ། ཁྱད་ཆོས་ལྡན་ཞིང་རྙོག་འཛིང་ཆེ་བའི་རང་བྱུང་ཁོར་ཡུག་གིས་དངོས་མང་ཕུན་སུམ་ཚོགས་པའི་སྐྱེ་དངོས་རིགས་རྒྱུད་སྦྲུམ་ཡོད། འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཆེས་ཆེ་བ་ཡིན་ལ། རྒྱལ་ཁབ་ཀྱི་ཆེས་གལ་ཆེ་བའི་བདེ་འཇགས་སྲུང་ཡོལ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་རྣམ་ཀུན་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ཐུགས་སུ་དགོངས་ཡོད་ཅིང་། ང་ཚོར་རང་གི་མིག་ལ་གཅེས་བ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས། ཚེ་སྲོག་ལ་གཅེས་བ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་དགོས་ཞེས་མངགས་བཅོལ་གནང་ཡོད།
        མཚོ་སྔོན་གྱིས་མཚོ་དབུས་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་མཐོའི་འཕེལ་རྒྱས་གཏིང་ཟབ་ངང་སྐུལ་འདེད་གཏང་སྟེ། མཚོ་སྔོན་པོ་ནམ་ཡང་དྭངས་ཞིང་གཙང་ལ་རྦ་རླབས་ཡམ་ཡོམ་དུ་འཕྱུར་བཞིན་ཡོད།
གནད་ཚིག་གསུམ་པ། གཙོད།
        གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཡིན་པ་དང་། ལོ་རེའི་ཟླ5བ་ནས་ཟླ7པའི་ཟླ་སྟོད་བར་བོད་ལྗོངས་བྱང་ཐང་དང་ཤིན་ཅང་ཨར་ཅིན་རི་བོ། དེ་མིན་མཚོ་སྔོན་གཙང་གསུམ་འབྱུང་ཁུངས་དང་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཁུལ་ནས་ཐོན་པའི་གཙོད་ཁྲི་ལྷག་མཚོ་ངོས་ལས་མཐོ་ཚད་སྨི4800ཡོད་པའི་ཨ་ཆེན་གངས་རྒྱབ་གྱི་དབུས་ཁུལ་གཙོད་གནས་མཚེའུ་སོགས་སུ་ཟླ8ལྷག་རིང་ལ་གཙོད་ཕྲུག་བཙའ་བ་དང་། གཙོད་མས་གཙོད་ཕྲུག་ཁྲིད་དེ་སྔར་གྱི་འཚོ་སྡོད་ཁུལ་དུ་གནས་སྤོ་བ་རེད། “མཐོ་སྒང་གི་བླ་སྲོག”ཅེས་པའི་གཙོད་ཀྱི་གནས་སྤོ་དེར་གོ་ལ་ཧྲིལ་པོའི་ཆེས་མཚར་སྡུག་ལྡན་པའི་རྨིག་རིགས་སྲོག་ཆགས་གསུམ་གྱི་གནས་སྤོ་ཆེ་མོའི་གྲས་ཤིག་ཡིན་པ་རེད།
        དུས་རབས་གོང་མའི་ལོ་རབས80བར། ཁྲིམས་འགལ་མི་སྣས་རྔོན་གསོད་བྱས་པའི་རྐྱེན་གྱིས། གཙོད་ཀྱི་ཁ་གྲངས་དེ་སྔོན་གྱི་ཁྲི20ནས་ཁྲི2ལས་མེད་པར་གྱུར། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་ཁུལ་ལ་སྲུང་སྐྱོབ་དང་སྐྱེ་འཕེལ་སྐྱོབ་བཅོས་བྱས་པར་བརྟེན། རང་རྒྱལ་གྱི་གཙོད་ཀྱི་ཁ་གྲངས་ཁྲི7.5མི་འདང་བ་ནས་ཁྲི30ལྷག་ལ་འཕེལ། སྲུང་སྐྱོབ་ཀྱི་ཚད་རིམ་རིགས་རྒྱུད་ཆད་ལ་ཉེ་བ་ནས་རིགས་རྒྱུད་ལ་ཉེན་ཁ་ཡོད་པར་ཆག་ཡོད།
        མཚོ་སྔོན་གྱི་མཛེས་ལྗོངས། མཚོ་སྔོན་གྱི་རི་སྐྱེས་སྲོག་ཆགས། མཚོ་སྔོན་གྱི་སྐྱེ་ཁམས། འཛམ་གླིང་གི་སྣེ་གསུམ་པར་གནས་པའི་གཏམ་རྒྱུད་རེ་རེ་ཅི་འདྲའི་རྣ་བར་སྙན་ཞིང་ཡིད་དབང་འཕྲོག
        ལོ་གསར་བའི་ནང་དུ། སྒྱིད་ལུག་རྣམ་གཡེང་གི་སྤྱོད་པ་སྤངས་ཏེ་སྙིང་སྟོབས་ཆེར་སྐྱེད་ཀྱིས་བྱ་བ་དོན་འཁྱོལ་བྱས་ནས་མ་འོངས་པའི་ཕྱོགས་སུ་མདུན་དུ་བསྐྱོད་ཡ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།