ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2022-01-12 08:44:49
ཀློག་གྲངས།:
ཟླ༡པའི་ཚེས༡༡ཉིན། སྲིད་གྲོས་མཚོ་ལྷོ་ཁུལ་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གཉིས་པ་ཁུལ་གྲོས་ཚོགས་ལྟེ་གནས་སུ་འཚོགས་ལ། ཚོགས་ཆེན་སྟེང་ཐོན་དགོས་པའི་ཨུ་ཡོན༢༤༩ཡོད་ལ། དངོས་སུ་ཐོན་ཡོད་པའི་ཨུ་ཡོན༢༣༦ཡོད་པས་གཏན་འཁེལ་མི་གྲངས་དང་མཐུན།
ཨུ་ཡོན་གྱིས་འགན་སྒྲུབ་ལས་ཁུངས་ཀྱི་གྲོས་གཞི་བསྒྲུབ་པར་ཡིད་ཚིམས་ཚད་བརྒྱ་ཆའི༩༣.༢ཟིན་ཡོད། སྙན་ཞུའི་ཁྲོད་དུ་སྤུས་ཚད་ཀྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱེད་པ། གྲོས་གཞིའི་གནད་འཁེལ་ཐད་འབད་བརྩོན་བྱ་རྒྱུའི་ནུས་པ་མཐོར་འདེགས་སུ་བཏང་ཡོད། འགན་འཁྲིའི་ཁྲིད་ཕྱོགས་མཐའ་འཁྱོངས་བྱེད་པ། གྲོས་གཞིའི་ཞིབ་ཕྲའི་ཐད་འབད་བརྩོན་བྱ་རྒྱུའི་ནུས་པ་མཐོར་འདེགས་སུ་གཏོང་བ། བྱ་བའི་གྲུབ་འབྲས་ཐད་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ། གྲོས་གཞིའི་བདེན་པ་བདེན་འཚོལ་ཐད་འབད་བརྩོན་བྱ་རྒྱུའི་ནུས་པ་མཐོར་འདེགས་སུ་གཏོང་བ། དམིགས་ཡུལ་གྱི་ཁྲིད་ཕྱོགས་ལ་རྒྱུན་འཁྱོངས་བྱེད་པ། གྲོས་གཞིའི་ཞབས་ཞུའི་ཐད་འབད་བརྩོན་བྱ་རྒྱུའི་ནུས་པ་མཐོར་འདེགས་སུ་གཏོང་བ་བཅས་ཕྱོགས་བཞིའི་ཐད་ནས༢༠༢༢ལོའི་གྲོས་གཞིའི་ལས་དོན་ཐད་བླང་བྱ་བཏོན།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚེ་རིང་དང་ཀྲུའུ་ཞི་གཞོན་པ་ཀྲའོ་ཀུའེ་ལེན། བསོད་ནམས་སྐྱིད། རེན་ཅན་མིང་། ཀུན་བཟང་པདྨ་རྣམ་རྒྱལ། ཧུའོ་ཆིང་། དགེ་འདུན་རྒྱལ་དང་དྲུང་ཡིག་ཆེན་མོ་སུང་ཁྲེན་ཡེ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲའོ་ཀུའེ་ལེན་གྱིས་ཚོགས་འདུར་མགོ་འཛིན་བྱས།

ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཀརྨ་ཕུན་ཚོགས། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཱ་ཅན་ཧུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཅན་ཕིན་དང་ཁྲེང་ཧྲུའུ་ཧྲན། ཁུལ་རིམ་པའི་མགོ་ཁྲིད་ཅིང་ཡུང་ཅེ། ཧྥན་རུན་ཡོན། ཧྲི་ཁྲང་ཀྲི། ལན་ཧྲེང་ཧྥེང་། དཔལ་ལྡན། ཀེང་ཧྲེན་ཁྲེང་དང་། མ་ཧྲའོ་ཧྥུའུ། ཏུའུ་ཅིན་ཕིན། གནམ་ལྷ། ལིས་ཅན་མིང་། ཅ་ནའེ་ཅི། དབྱང་ཧྲུའུ་ཕིན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་གིས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་བཞིན་པ།
སྔ་དྲོའི་དུས་ཚོད༩ཡི་སྟེང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་བརྩམས་པ་རེད།
ཚོགས་ཆེན་སྟེང་ཡིག་ཐོག་ནས་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྲིད་གྲོས་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་། སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་ཉན་པ་རེད།

ཀྲའོ་ཀུའེ་ལེན་གྱིས་ཚོགས་འདུར་མགོ་འཛིན་བྱེད་བཞིན་པ།
ཚེ་རིང་གིས་སྲིད་གྲོས་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ་བ་རེད། སྙན་ཞུ་ལས་བསྟན་དོན། ༢༠༢༡ལོར། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་འོག་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ། སྲོག་ཤིང་སྲུང་སྐྱོང་དང་ལྟེ་བར་ཞབས་ཞུ། མི་སེམས་གོང་བུར་འགྲིལ་བ་བཅས་ལ་རྩེ་གཅིག་ཏུ་དམིགས་པ་དང་། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱས་ཏེ། རང་སྐྱོང་ཁུལ་གྱི“ལྔའི་བཅུ་བཞི་པ”མགོ་ཡག་པོ་ཞིག་རྩོམ་པར་སྲིད་གྲོས་ཀྱིས་འགན་ལེན་བྱས་པ་དང་། སྲིད་གྲོས་ཀྱིས་སྟོབས་ཤུགས་འདོན་པ། སྲིད་གྲོས་ཀྱིས་འགན་འཁུར་བ་མཚོན་པར་བྱས་ཡོད། སྙན་ཞུའི་ནང་ཏང་གི་སྣེ་ཁྲིད་མཐའ་འཁྱོངས་དང་། བསམ་བློའི་སྣེ་ཁྲིད་དང་ངོས་འཛིན་གཅིག་མཐུན་ཡོང་བར་ཤུགས་སྣོན་བྱས་པ། ལྟེ་བར་དམིགས་པ་མཐའ་འཁྱོངས། གྲོས་མོལ་སྲིད་གླེང་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་དོན་དུ་འགན་འཁྲི་སྒྲུབ་པ་མཐའ་འཁྱོངས། ཞབས་ཞུ་འགན་འཁུར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ཐབས་ཇུས་དངོས་འདོན་པ། མཐུན་སྒྲིལ་དམངས་གཙོ་མཐའ་འཁྱོངས་དང་། མཉམ་ལས་མཉམ་སྒྲུབ་ལ་ཤུགས་སྣོན་བྱས་ནས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞི་བརྟན་པོ་མཐའ་འཁྱོངས་བྱས་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ་བཅས་ཕྱོགས་ལྔའི་ཐད་ནས༢༠༢༡ལོའི་བྱ་བ་ཕྱོགས་སྡོམ་བྱས་པ་རེད།

རེན་ཅན་མིང་གིས་གྲོས་གཞིའི་ལས་དོན་གནས་ཚུལ་གྱི་སྙན་ཞུ་འབུལ་བཞིན་པ།
སྙན་ཞུའི་ལས་བསྟན་དོན། ༢༠༢༢ལོ་ནི“ལྔའི་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་གྱི་སྤྱིའི་བསམ་ཕྱོགས་དང་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་འཛུགས་སྐྱོང་བྱེད་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་དུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཁུལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་ལས་གཏན་འབེབས་བྱས་པའི“༡༢༣༤༥”ཡི་འབད་འཐབ་དམིགས་འབེན་ལ་དམིགས་ཏེ། དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་དང་ལམ་ལུགས་འཛུགས་སྐྱོང་། རང་ངོས་ཀྱི་ནུས་པ་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་གཙོ་བོར་བཞག་ནས་ཆབ་སྲིད་གྲོས་མོལ་གྱིས་དོན་ཆེན་ལ་དམིགས་པ་དང་སྲིད་ཞུགས་སྲིད་གླེང་གིས་དོན་དངོས་ལ་དོ་ཁུར་བྱེད་པ། དམངས་གཙོའི་ལྟ་སྐུལ་གྱིས་དཀའ་གནད་ལ་དམིགས་པ་བཅས་བྱས་ཏེ་རང་སྐྱོང་ཁུལ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བཏོད་པ་དང་། ཁྱོན་ཡངས་པའི་གུང་ཧོ་གཤོང་ས་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བ། མི་དམངས་ལ་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བ་གཏོད་པ་བཅས་ཀྱི་ཆེད་དུ་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འདོན་དགོས་ཞེས་བསྟན་པ་རེད།
སྙན་ཞུ་ལས་ཏང་གི་མགོ་ཁྲིད་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱ་ཆེད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་། ལྟེ་བའི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་ཆེད་ཐབས་དང་ནུས་ཤུགས་འདོན་དགོས་པ། དམངས་ལ་བཅངས་པའི་བརྩེ་སེམས་རྒྱུན་འཛིན་བྱས་ནས་སྤུས་ཚད་མཐོ་བའི་འཚོ་བ་བཏོད་ཆེད་ནུས་ཤུགས་ཡོད་རྒུ་འདོན་པ། རྒྱུན་འཛིན་གསར་གཏོད་མཐའ་འཁྱོངས་བྱས་ནས་འགན་ནུས་སྒྲུབ་པའི་ཕན་འབྲས་གསར་བ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་འདོན་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་སྒྲུབ་པར་མི་མངོན་པའི་ནུས་པ་གསར་བ་འཕེལ་ཆེད་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་ཕྱོགས་ལྔའི་ཐད་ནས་སྐབས་བཅུ་བཞི་བའི་ཁུལ་སྲིད་གྲོས་ཀྱི༢༠༢༢ལོའི་ལས་དོན་ཐད་བླང་བྱ་བཏོན་ཡོད་པ་རེད།

ཚོགས་རའི་ཡུལ་དངོས།
རེན་ཅན་མིང་གིས་སྲིད་གྲོས་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་གནས་ཚུལ་གྱི་སྙན་ཞུ་ཕུལ་བ་དང་། སྙན་ཞུའི་ནང་ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་ཚུན་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་གྲོས་གཞིའི་རྣམ་པའི་ཐོག་ནས་བསམ་འཆར་དང་གྲོས་མགོ༧༤བཏོན་པ་དང་ཨུ་ཡོན་མི་གྲངས༡༦༣ཟིན་ཡོད། ༢༠༢༡ལོའི་ལོ་མཇུག་བར་གྲོས་གཞི་དང་བསམ་འཆར༧༤ཚང་མ་འགྲུབ་པར་བྱས་ནས་བྱ་བའི་སྒྲུབ་ཚད་བརྒྱ་ཆའི༡༠༠ཟིན་པ་དང་། ཐག་གཅོད་བྱས་ཟིན་པའམ་གཞི་རྩའི་ཆ་ནས་ཐག་གཅོད་བྱས་ཟིན་པ༦༩ཡོད་པ་དེས་བརྒྱ་ཆའི༩༣.༢ཟིན་ཡོད། ཨུ་ཡོན་གྱིས་འགན་སྒྲུབ་ལས་ཁུངས་ཀྱི་གྲོས་གཞི་བསྒྲུབ་པར་ཡིད་ཚིམས་ཚད་བརྒྱ་ཆའི༩༣.༢ཟིན་ཡོད། སྙན་ཞུའི་ཁྲོད་དུ་སྤུས་ཚད་ཀྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱེད་པ། གྲོས་གཞིའི་གནད་འཁེལ་ཐད་འབད་བརྩོན་བྱ་རྒྱུའི་ནུས་པ་མཐོར་འདེགས་སུ་བཏང་ཡོད། འགན་འཁྲིའི་ཁྲིད་ཕྱོགས་མཐའ་འཁྱོངས་བྱེད་པ། གྲོས་གཞིའི་ཞིབ་ཕྲའི་ཐད་འབད་བརྩོན་བྱ་རྒྱུའི་ནུས་པ་མཐོར་འདེགས་སུ་གཏོང་བ། བྱ་བའི་གྲུབ་འབྲས་ཐད་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ། གྲོས་གཞིའི་བདེན་པ་བདེན་འཚོལ་ཐད་འབད་བརྩོན་བྱ་རྒྱུའི་ནུས་པ་མཐོར་འདེགས་སུ་གཏོང་བ། དམིགས་ཡུལ་གྱི་ཁྲིད་ཕྱོགས་ལ་རྒྱུན་འཁྱོངས་བྱེད་པ། གྲོས་གཞིའི་ཞབས་ཞུའི་ཐད་འབད་བརྩོན་བྱ་རྒྱུའི་ནུས་པ་མཐོར་འདེགས་སུ་གཏོང་བ་བཅས་ཕྱོགས་བཞིའི་ཐད་ནས༢༠༢༢ལོའི་གྲོས་གཞིའི་ལས་དོན་ཐད་བླང་བྱ་བཏོན།
མཚོ་ལྷོ་ས་ཁུལ་གྱི་སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཆབ་ཆར་སྡོད་པའི་ཞིང་ཆེན་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། རྫོང་སོ་སོའི་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཤང་གྲོང་སོ་སོའི་སྲིད་གྲོས་བྱ་བའི་འབྲེལ་གཏུགས་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་བསྡོམས་པས་མི༨༥ཚོགས་འདུར་ཟུར་ཞུགས་བྱས།

ཨུ་ཡོན་དག་གིས་ནན་ཏན་ངང་བྱ་བའི་སྙན་ཞུར་ཉན་བཞིན་པ།

ཨུ་ཡོན་དག་གིས་ནན་ཏན་ངང་བྱ་བའི་སྙན་ཞུར་ཉན་བཞིན་པ།

ཚོགས་རའི་ཡུལ་དངོས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།