མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་མཇུག་སྒྲིལ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-01-15 10:05:33 ཀློག་གྲངས།:
        ཟླ1པོའི་ཚེས13ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་ཚོང་དོན་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་བའི་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་རིམ་ཁག་ཁུལ་གྲོས་ཚོགས་ལྟེ་གནས་སུ་བདེ་བླག་ངང་མཇུག་སྒྲིལ།
        ཚོགས་ཆེན་སྟེང་ཐོན་དགོས་པའི་ཨུ་ཡོན249ཡོད་ལ། དངོས་སུ་ཐོན་ཡོད་པའི་ཨུ་ཡོན233ཡོད་པས་གཏན་འཁེལ་གྱི་མི་གྲངས་དང་མཐུན།
        ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཚེ་རིང་དང་ཀྲའོ་ཀུའེ་ལེན། བསོད་ནམས་སྐྱིད། རེན་ཅན་མིང་། ཀུན་བཟང་པདྨ་རྣམ་རྒྱལ། ཧུའོ་ཆིང་། དགེ་འདུན་རྒྱལ་དང་དྲུང་ཡིག་ཆེན་མོ་སུང་ཁྲེན་ཡེ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས། ཚེ་རིང་གིས་ཚོགས་འདུར་མགོ་འཛིན་བྱས།
        ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཱ་ཅན་ཧུང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཅན་ཕིང་། ཁྲེན་ཧྲུའུ་ཧྲོའུ། ཁུལ་ཨུའི་རྒྱུན་ཨུ་སོ་སོ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སོ་སོ། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སོ་སོ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་ཚོགས་འདུར་ཞུགས། 
        ཚོགས་ཆེན་སྟེང«སྲིད་གྲོས་སྐབས་བཅུ་བཞི་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་སྐོར་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད།»དང་། «སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་ཚུན་གྱི་གྲོས་གཞིའི་བྱ་བ་བསྒྲུབས་ཚུལ་གྱི་སྙན་ཞུའི་སྐོར་གྱི་སྲིད་གྲོས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་ཆོད།» «མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཀྱི་ཆབ་སྲིད་གྲོས་ཆོད།»བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
        གྲོས་ཚོགས་སྐབས་སུ། ཨུ་ཡོན་རྣམས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས་རང་སྐྱོང་ཁུལ་གྱི་བཅོས་བསྒྱུར་དང་གོང་སྤེལ། བརྟན་བརླིང་གསུམ་གྱི་གནད་དོན་གལ་ཆེན། མི་རིགས་སོ་སོའི་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་དངོས་ལ་དམིགས་ཏེ། སྲིད་དོན་གྲོས་བསྡུར་གཏིང་ཟབ་དང་བསམ་འཆར་བསྡུ་ལེན། སྤུས་ཚད་མཐོ་བའི་ཐབས་འདོན་ཇུས་འབུལ་བྱས་ནས“དོན་དག་ཡོད་ན་གྲོས་བྱས་ཆོག”པའི་གྲོས་གཞི་དང་སྤྱི་ཚོགས་ཀྱི་གནས་ཚུལ་སོགས་བཏོན་ཏེ། སྤྲོ་སེམས་རབ་ཏུ་འཁོལ་བས་དུས་རབས་གསར་བའི་སྲིད་གྲོས་ཨུ་ཡོན་གྱིས་ཁྱོན་ཡོངས་ལ་བསམ་བློ་གཏོང་བ་དང་དམངས་དོན་གྱི་ཆེད་དུ་འགན་འཁྲི་བསྒྲུབ་པའི་འདུ་ཤེས་དང་དུས་རབས་ཀྱི་ཉམས་འགྱུར་གསལ་བོར་སྟོན་པ་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་བོའི་ནང་མི་དམངས་དམངས་གཙོ་དབྱར་མཚོ་བཞིན་རྒྱས་པའི་གསོན་ཉམས་དེ་མཚོན་ཡོད།
        གྲོས་ཚོགས་ལས་བསྟན་དོན། 2022ལོ་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་བ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་འཚོགས་པའི་བཀྲ་ཤིས་པའི་ལོ་ཞིག་ཡིན་ལ། རང་སྐྱོང་ཁུལ་གྱི“12345”ཡི་འཆར་འགོད་ལག་བསྟར་གཏིང་ཟབ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཁུལ་ཨུའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་སྟེང་གཏན་འཁེལ་བྱས་པའི“12345”ཡི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་ཧུར་ཐག་ངང་མདུན་དུ་བསྐྱོད་ནས། སྲིད་གྲོས་ཀྱི་མི་རེ་རེས་འགན་འཁྲི་འཁུར་སེམས་དང་འབད་འཐབ་ཀྱི་རྣམ་འགྱུར་བཟང་བོ་ཞིག་བཟུང་སྟེ་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཚོ་ལྷོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་དུ་འབད་བརྩོན་བྱ་དགོས་ཞེས་བསྟན།
        ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ལ་ཞུགས་པའི་ལས་ཁུངས་སོ་སོ་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཁུལ་ཨུའི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་འདིའི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱ་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་འགན་འཁྲི་ཕྲག་ཏུ་ཁུར་ནས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ཡོང་བར་སྐུལ་འདེད་བྱས།
        ཚོགས་འདུ་ལས་འབོད་སྐུལ་བྱས་དོན། ང་ཚོས་མཐུན་སྒྲིལ་གྱི་ལག་ཟུང་དམ་པོར་སྦྲེལ་ཏེ་བློ་མཐུན་ཞི་ཅིན་ཕིང་ལྟེ་བ་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དང་ཁུལ་ཨུའི་ཡང་དག་པའི་སྣེ་ཁྲིད་འོག སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ཁྱོན་ཡངས་པའི་གུང་ཧོ་གཤོང་སའི་དར་རྒྱས་ལ་སྐུལ་འདེད་བྱས་ཏེ། སྲིད་གྲོས་ཀྱིས་མི་དམངས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བ་ཞིག་བསྐྲུན་པར་བློ་གྲོས་ཀྱི་སྟོབས་ཤུགས་འབུལ་དགོས་པར་མ་ཟད། གཡུར་དུ་ཟ་བའི་གྲུབ་འབྲས་ལེགས་པོ་ཞིག་གིས་ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱ་དགོས།
        མཚོ་ལྷོ་ས་ཁུལ་གྱི་སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག ཆབ་ཆར་སྡོད་པའི་ཞིང་ཆེན་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། དེ་མིན་རྫོང་སོ་སོའི་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཤང་དང་གྲོང་རྡལ་སོ་སོའི་སྲིད་གྲོས་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཁྱོན་བསྡོམས་མི79གྲོས་ཚོགས་ལ་ཟུར་ཞུགས་བྱས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།