མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་གྱི་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་གཉིས་པ་མཇུག་སྒྲིལ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-01-15 10:18:39 ཀློག་གྲངས།:
        ཟླ1པོའི་ཚེས14ཉིན་གྱི་སྔ་དྲོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ཁག་བདེ་བླག་ངང་མཇུག་སྒྲིལ། གྲོས་ཚོགས་སྟེང་ཐོན་དགོས་པའི་འཐུས་མི253ཡོད་པ་དང་དངོས་སུ་ཐོན་ཡོད་པའི་འཐུས་མི230ཡོད་པས། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།
        ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ལག་བསྟར་ཀྲུའུ་ཞི་ལིས་ཀང་དང་མཱ་ཅན་ཧུང་། ཧྲི་ཅན་ཕིང་། ཀྲང་ཧྲང་པིའོ། གསེར་མཚོ། དཔལ་ལྡན། ཀེང་ཧྲང་ཁྲང་། ཏིང་རུའོ་ཡུང་། མ་ཧྲའོ་ཧྥུའུ། ལིས་སུང་སེན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས། མཱ་ཅན་ཧུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།
        ཚོགས་ཆེན་ཐོག་ལག་པ་བཀྱགས་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་ལ་བརྟེན་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་འབྲེལ་ཡོད་འོས་མིའི་མིང་ཐོར་གྲོས་འཆམ་བྱུང་བ་དང་། འཇམ་དབྱངས་ཁྲིམས་ལྟར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་མི་རིགས་དང་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལ་བདམས་ཐོན་བྱུང་བ་དང་། ལི་ཅིན་ཡན་དང་ཀྲའོ་ལྭིང་། ཕེ་ཧའེ་ཧུང་། ཐེང་ཞའོ་ཝེ་བཅས་ཁྲིམས་ལྟར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅོ་ལྔ་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་མི་རིགས་དང་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་ཐོན་བྱུང་ཞིང་། ཀྲང་ཉིང་དང་ཆོས་མཚོ་སྒྲོལ་མ། ཞུས་མིང་། ཀའོ་ཧའེ་རུའེ་བཅས་ཁྲིམས་ལྟར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་ཁྲིམས་ལུགས་དང་ལྟ་ཞིབ་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་ཐོན་བྱུང་། ཅུས་ཡན་ཕིན་དང་ལི་ཅན་ཅུན། ཅ་ཀྲའོ། ཞུང་ཡོན་ཧྥུ་བཅས་ཁྲིམས་ལྟར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་ཐོན་བྱུང་། གཡང་འབུམ་ཚེ་རིང་དང་སུན་ཀྲེན་ཀང་། འབྲུག་ལྷ་ཐར། ཆིན་ཧྥེང་ཧྭ་བཅས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་ཐོན་བྱུང་བ་དང་། ལི་ཡུས་ཝེ་དང་དབྱང་ཁྲུན་ཅཱ། བསོད་བྷེ། བཅིངས་འགྲོལ་སྐྱིད་བཅས་ཁྲིམས་ལྟར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་ལྔ་བའི་ཞིང་ཕྱུགས་དང་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་ཐོན་བྱུང་བ་མ་ཟད། རྩ་ཁྲིམས་ཀྱི་མདུན་ནས་དམ་བཅའ་བཞག་པ་རེད།
        གྲོས་ཚོགས་སྟེང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ། མཚོ་ལྷོ་ཁུལ་གྱི2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ། 2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི། 2021ལོའི་མཚོ་ལྷོ་ཁུལ་གྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2022ལོའི་ནོར་སྲིད་སྔོན་རྩིས། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་།
        ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཱ་ཅན་ཧུང་གིས་མཇུག་སྒྲིལ་བའི་གྲོས་ཚོགས་སྟེང་གསུང་བཤད་གནང་ཞིང་། ཁོང་གིས་བསྟན་དོན། ཁུལ་ཨུ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མགོ་ཁྲིད་ཀྱི་འོག་ཏུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་ཚོགས་ཞུགས་བློ་མཐུན་ཚོས་ཐུན་མོང་འབད་བརྩོན་འོག་ཚོགས་ཆེན་གྱི་གྲོས་རིམ་ཁག་ལེགས་སྒྲུབ་བྱས་ཡོད་པ་དང་། གྲོས་ཚོགས་ཀྱི་སྐབས་སུ་འཐུས་མི་ཡོངས་ཀྱིས་ཁུལ་ཡོངས་ཀྱི་མི་དམངས་ཀྱི་མངགས་བཅོལ་གལ་ཆེན་ཡིད་ལ་དམ་པོར་བཟུང་ནས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ཏེ་ཁྲིམས་ལྟར་འགན་འཁྲི་བསྒྲུབ་པ་དང་། ཧུར་ཐག་གིས་ཐབས་ཇུས་འདོན་སྤེལ་དང་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་ཐུན་མོང་གིས་གྲོས་བསྡུར་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་དང་དངོས་སྒྲུབ་འབད་འབུངས་བཅས་ཀྱིས་ཁུལ་ཡོངས་ཀྱི་མི་དམངས་ཀྱིས་དེ་བས་དཔའ་ངར་ཆེར་བསྐྱེད་ངང་མཚོ་ལྷོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་ལག་ལེན་ནང་ཞུགས་རྒྱུར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ངེས་རེད་ཅེས་གསུངས།
        མཱ་ཅན་ཧུང་གིས་ནན་གྱིས་བསྟན་དོན། ད་ལོ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་འཚོགས་འཆར་ཡོད་ཅིང་། རིམས་ནད་སྔོན་འགོག་གི་འོག་ཏུ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འཕེལ་བ་དང་ཕྱི་རོལ་གྱི་ཁོར་ཡུག་དེ་བས་རྙོག་འཛིང་ཆེ་ཞིང་གཏན་འཇགས་མིན་པ་ཞིག་ཏུ་གྱུར་ནས་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་བསྟུད་མར་ཆེ་རུ་འགྲོ་བའི་རྙོག་འཛིང་གི་གནས་བབ་འོག ད་ལོའི་དམིགས་འབེན་དང་ལས་འགན་ཁག་ལེགས་པར་བསྒྲུབ་སྟེ་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་དང་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱེད་པའི་ལས་འགན་དེ་དཀའ་ཚེགས་ཆེ་ཞིང་ཛ་དྲག་ཆེ་བ་ཞིག་རེད། ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྲོས་ཚོགས། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་བར་བྱས་ནས་ཁུལ་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ལས་བཏོན་པའི་ལས་དོན་ཁག་བཀོད་སྒྲིག་དང་ཐེངས་འདིའི་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལོ་གསར་བའི་ནང་རང་སྐྱོང་ཁུལ་གྱི་བྱ་གཞག་ཁག་འཕེལ་རྒྱས་ཀྱི་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།
        མཱ་ཅན་ཧུང་གིས་བསྟན་དོན། ཁུལ་དམངས་ཆེན་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚན་ཁག་གིས་དར་ཆ་མཐོན་པོར་བསྒྲེངས་ནས་དགོངས་པ་གསར་བ་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་ལག་བསྟར་གཏིང་ཟབ་ཏུ་བཏང་ནས། གོམ་གང་མདུན་སྤོས་ཀྱིས“འདུ་ཤེས་བཞི”སྔར་ལས་ཤུགས་ཆེར་གཏོང་བ་དང“གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་པ།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ་རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་ཁུལ་ཨུའི་ཁྱོན་ཡོངས་ཀྱི་ཁྲོད་དུ་བསམ་གཞིག་བྱས་ནས་ཇུས་འགོད་བྱེད་པ་དང་གཏན་འབེབས་བྱེད་པ། གོ་གནས་བསྐོ་འཐེན་བྱེད་པ་བཅས་ཀྱི་དབང་ཆ་སྤྱད་དེ་ཁུལ་ཨུ་དང་སེམས་པ་གཅིག་མཐུན། སྲིད་གཞུང་དང་སྟོབས་ཤུགས་གཅིག་སྒྲིལ། བཅའ་ཁྲིམས་དང་གོམ་སྟབས་མཉམ་སྐྱོད། མི་དམངས་དང་དམིགས་འབེན་མཉམ་མཐུན་བཅས་ཡོང་བ་བྱ་དགོས། གཉིས་ནས་ཚད་གཞི་མཐོ་བའི་སྟེང་ནས་འཕེལ་རྒྱས་ཀྱི་ཚད་ཐིག་མཐོ་ཤོས་གཏན་འཁེལ་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུས་ད་ལོའི་ལས་དོན་བཀོད་འདོམས་བྱེད་པའི་བླང་བྱ་གནད་ལ་འཁེལ་བ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་དོན་དང་ཁུལ་ཡོངས་ཀྱི་ལྟེ་བའི་ལས་དོན་གྱི་ཟུང་འབྲེལ་བྱེད་གནས་དང་མགོ་རྩོམ་གནས་གནད་ལ་འཁེལ་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་བཀོད་འདོམས་བྱེད་པ། “བརྟན་པོ་དྲུག”གི་ལས་དོན་དང“འགན་ལེན་དྲུག”གི་ལས་འགན་ཡག་པོར་བསྒྲུབ་སྟེ། སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་དང་དམངས་ཚིས་གནད་འགག་དོན་འཁྱོལ། ཁྲིམས་སྐྱོང་གཙོ་གནད་ལ་དམ་ཟབ་བཅས་བྱེད་པ།
        མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་ཀྱིས་གཏན་འབེབས་གནང་བའི་ལས་དོན་གྱི་བྱ་ཐབས་ལ་བརྟེན་ནས་འཕེལ་རྒྱས་ལ་ཞུགས་པ་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། འཕེལ་རྒྱས་ལ་འགན་ལེན་བྱེད་པ་བཅས་ཡིན།    
        ཁྱོན་ཡངས་པའི་གུང་ཧོ་གཤོང་སའི་ལྗང་མདོག་གི་དར་རྒྱས་ལ་སྐུལ་འདེད་བྱེད་པར་དམ་ཟབ་སྒོས་དམིགས་འབེན་ལ་ཐབས་འདོན་ཇུས་འབུལ་དང་ལྟ་སྐུལ་བྱ་དགོས། གསུམ་ནས་ལས་འགན་གསར་བ་ལག་བསྟར་བྱེད་པར་དཀའ་བ་སྤྱད་ནས་མདུན་དུ་བསྐྱོད་པ། མཚོ་ལྷོ་གནས་སའི་དུས་རབས་ཀྱི་གནས་ཚེག་དང་ལོ་རྒྱུས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ། ཁུལ་ཨུའི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། དཔལ་འབྱོར་ལས་དོན་ལ་སློབ་སྦྱོང་བྱེད་པར་ཤུགས་སྣོན་བྱས་ཏེ། དཔལ་འབྱོར་ཆོས་ཉིད་དང་རང་བྱུང་ཆོས་ཉིད། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བ་ཁོང་དུ་ཆུད་དགོས། རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་འགལ་བ་དང་གནད་དོན་ལ་ཞིབ་འཇུག་ཐག་གཅོད་བྱེད་པ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགུལ་ནུས་ལ་ཤུགས་སྣོན་བྱེད་པ། ཁུལ་ཡོངས་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ཁྲོད་དུ་དམངས་ཆེན་གྱི་ཐབས་ཇུས་དང་སྟོབས་ཤུགས་འདོན་སྤྲོད་བྱེད་པ། བཞི་ནས་འདུ་ཤེས་བརྟན་པོ་ལག་བསྟར་བྱེད་པར་ཤུགས་སྣོན་བྱེད་པ། དུས་ནམ་ཡང་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་ཚུགས་ཏེ་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་པ། འཐུས་མིའི་ལས་གནས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་མི་དམངས་ཀྱི་ཤེས་རྟོགས་བྱེད་དབང་དང་ཟབ་ཞུགས་བྱེད་དབང་། བསམ་ཚུལ་བརྗོད་དབང་དང་ལྟ་སྐུལ་བྱེད་དབང་བཅས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་དོན་བརྒྱུད་རིམ་ཁྲོད་དོན་འཁྱོལ་ཡོང་བར་འགན་ལེན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ཐག་གཅོད་དང་ལག་བསྟར། ལྟ་སྐུལ་བཅས་བྱེད་པའི་ལས་རིམ་ཚང་མར་མི་དམངས་ཀྱི་བསམ་ཚུལ་ཡོད་དགོས།
        གྲོས་ཚོགས་ལས་འབོད་སྐུལ་བྱས་དོན། དམངས་ཆེན་འཐུས་མི་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཡིད་ལ་དམ་པོར་བཟུང་སྟེ་ཁུལ་ཨུའི་ཡང་དག་པའི་མགོ་ཁྲིད་འོག བརྟན་ལྷིང་ངང་འཁོར་བསྐྱོད་བྱེད་པའི་དཔལ་འབྱོར་ཁོར་ཡུག་དང་རྒྱལ་ཁབ་བརྟན་འཇགས་ཡོང་བའི་སྤྱི་ཚོགས་ཁོར་ཡུག རྣམ་པ་བཟང་བོའི་ཆབ་སྲིད་ཀྱི་ཁོར་ཡུག་བཅས་ལ་འབད་བརྩོན་བྱེད་པ་དང་། ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཞིང་ཆེན་གྱི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱ་དགོས།
        ཁུལ་ཨུའི་འབྲེལ་ཡོད་མགོ་ཁྲིད་དང་ཁུལ་ཨུའི་པུའུ་ཨུ་སོ་སོ། མི་དམངས་ཚོགས་པའི་འགན་འཁུར་བ་སོ་སོ་དང་ཁུལ་མི་དམངས་སྲིད་གཞུང་གི་ཁོངས་མི། ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ལས་དོན་སྡེ་ཁག་གི་འགན་འཁུར་བ། ཁུལ་སྲིད་གྲོས་དང་མཚོ་ལྷོའི་ཡན་ལག་དམག་ཁུལ་གྱི་མགོ་ཁྲིད། ཁུལ་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གཞོན་པ། ཁུལ་དམངས་ཆེན་འཐུས་མི་མིན་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་ཞིང་ཆེན་དམངས་ཆེན་འཐུས་མི། ཁུལ་སྡོད་ཞིང་ཆེན་ལས་ཁུངས། ཞིང་ཆེན་དང་ཁུལ་གྱི་བཟོ་ཚོང་ཁེ་ལས་འགན་འཁུར་བ་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།
        ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཡོངས་སུ་མཇུག་སྒྲིལ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།