མཚོ་སྔོན་ཞིང་ཆེན་པྲོག་གསར་རིམས་འགོག་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2022-04-07 09:31:22 ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་པྲོག་གསར་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།(ཨང6)
        ཉེ་དུས། རྒྱལ་ནང་གི་རིམས་ནད་གནས་ཚུལ་སྔར་བཞིན་ཛ་དྲག་ཆེ་ཞིང་། རིམས་ནད་ཀྱི་ཉེན་ཁ་ཆེ་ཁུལ་ནས་མཚོ་སྔོན་དུ་ཡོང་བའམ་ཕྱིར་མཚོ་སྔོན་དུ་ལྡོག་མཁན་དང་འབྲེལ་ནས་ཟི་ལིང་དང་མཚོ་ཤར་དུ་པྲོག་གསར་གློ་ཚད་འགོས་པའི་ནད་པ་ལས་མཆེད་པའི་འབྲེལ་ཡོད་འགོག་ཟོན་རྣམ་པ་ཧ་ཅང་ཛ་དྲག་དང་རྙོག་འཛིང་དུ་གྱུར་ཡོད། “ཕྱི་རིམས་ནང་མཆེད་དང་ནང་རིམས་བསྐྱར་མཆེད”བྱ་བ་ཁྱོན་ཡོངས་ནས་ཡག་པོ་བསྒྲུབ་ཆེད། རིམས་ནད་ཀྱི་ཉེན་ཁའི་རིམ་པ་མཐོ་ཤོས་ས་ཁུལ་ནས་མཚོ་སྔོན་དུ་ཡོང་བའམ་ཕྱིར་མཚོ་སྔོན་དུ་ལྡོག་མཁན་ལ་དོ་དམ་བྱེད་པའི་འབྲེལ་ཡོད་བརྡ་ཁྱབ་བཏང་བ་གཤམ་གསལ།
གཅིག མགྱོགས་མྱུར་སྒོས་གྲལ་བཤེར་འགོག་ཟོན་བྱེད་དགོས།
        ས་གནས་སོ་སོའི་ལས་ཁུངས་སོ་སོས་ཟླ3པའི་ཚེས27ཉིན་ནས་བཟུང་། ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ། གཞུང་ལམ་སོགས་བརྒྱུད་ནས་རྒྱལ་ནང་གི་རིམས་ནད་ཉེན་ཁའི་རིམ་པ་འབྲིང་ཤོས་དང་མཐོ་ཤོས་ས་ཁུལ་དང་ལྷག་པར་ཧྲང་ཧེའམ་ཧྲང་ཧའེ་བརྒྱུད་ནས་མཚོ་སྔོན་དུ་ཡོང་མཁན་དང་ཕྱིར་མཚོ་སྔོན་དུ་ལྡོག་མཁན་ལ་གང་མྱུར་སྒོས་བཀར་འཇུག་འགོག་ཟོན་བྱེད་ཐབས་སྤྱོད་དགོས།
གཉིས། འགྲོ་འོང་ལམ་ཐིག་དུས་ཐོག་ཏུ་ཐོ་འགོད་བྱེད་དགོས།
        ཉེན་ཁའི་རིམ་པ་འབྲིང་ཤོས་དང་མཐོ་ཤོས་ས་ཁུལ་དུ་ཡུལ་སྐོར་གནས་སྡོད་དང་རིམས་ནད་ཉེན་ཁའི་རིམ་པ་མཐོ་ཤོས་ས་ཁུལ་བརྒྱུད་ནས་མཚོ་སྔོན་དུ་འབྱོར་བའི་མི་སྣས། འཕྲལ་མར་རང་འགུལ་ངང་སྡེ་ཁུལ་དུ་ཐོ་འགོད་སྙན་སེང་ཞུས་ནས་སྡེ་ཁུལ་གྱི་བདེ་ཐང་དོ་དམ་དང་ལེན་བྱེད་དགོས། མི་འགྱང་པར་མཚོ་སྔོན་དུ་ལོག་མཁན་ཚོས་ངེས་པར་དུ་ཉིན་གསུམ་གྱི་སྔོན་ལ་དམིགས་སའི་སྡེ་ཁུལ་དང་ལས་ཁུངས་སོགས་ལ་སྙན་སེང་ཞུས་ནས་འགྲོ་འོང་ལམ་ཐིག་དང་། མཚོ་སྔོན་དུ་འབྱོར་བའི་དུས་ཚོད། འགྲིམ་འགྲུལ་ཡོ་བྱད། ལམ་བར་དུ་བསྡད་པའི་དུས་ཚོད་སོགས་ཀྱི་ཆ་འཕྲིན་ཞིབ་ཕྲའི་སྒོ་ནས་གསལ་བཤད་བྱེད་དགོས།
གསུམ། རང་འགུལ་སྒོས་ཉིང་སྐྱུར་བཤེར་འཇལ་དང་ལེན་བྱེད་དགོས།
        མཚོ་སྔོན་དུ་ལྡོག་མཁན་གྱིས་ངེས་པར་དུ་ཆུ་ཚོད48ནང་ཚུན་གྱི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཅན་གྱི་དཔང་ཡིག་འཛིན་དགོས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་ཟོན་སྲིད་ཇུས་ལ་བརྩི་སྲུང་བྱེད་པ། “ཨང་བཤེར་ཟུང”ལག་བསྟར་བྱ་དགོས་པ་མ་ཟད། ཆུ་ཚོད24ནང་རང་འགུལ་ངང“དམིགས་སའི་ཁུལ་གྱི་བརྟག་དཔྱད”ལེགས་འགྲུབ་བྱེད་དགོས། ཞིབ་དཔྱད་འབྲས་བུ་མ་ཐོན་གོང་ཕྱིར་བསྐྱོད་རྒྱུ་ཉུང་དུ་གཏོང་གང་ཐུབ་བྱས་ནས་ཁྱིམ་སྡོད་བཀར་འཇུག་བྱ་དགོས།
བཞི། རིམས་འགོག་གཏན་འབེབས་ལ་བརྩི་སྲུང་ནན་མོ་བྱེད་དགོས།
        རིམས་ནད་ཀྱི་ཉེན་ཁའི་རིམ་པ་མཐོ་ཤོས་ས་ཁུལ་ནས་མཚོ་སྔོན་དུ་ཡོང་མཁན་དང་ཕྱིར་མཚོ་སྔོན་དུ་ལྡོག་པའི་མི་སྣ་མཚོ་སྔོན་དུ་འབྱོར་རྗེས“འགྲུལ་སྐྱེལ་ས་ཚིགས་གཉིས་དང་གནམ་ཐང་གཅིག”ཅེས་པའི་འགྲིམ་འགྲུལ་བྱ་བའི་ཆེད་མངགས་འགྲུལ་སྐྱེལ་འཁོར་བསྐྱོད་ལག་བསྟར་བྱས་ཏེ། ཉིན14རིང་གི་གཅིག་བསྡུས་བཀར་འཇུག་ནན་གྱིས་ལག་བསྟར་བྱ་དགོས།
ལྔ། ས་ཁོངས་ལས་བརྒལ་བའི་མི་སྣའི་འགྲོ་འོང་ཇེ་ཉུང་དུ་གཏོང་དགོས།
        ཞིང་ཆེན་བརྒལ་བའམ་ས་ཁུལ་བརྒལ་བའི་མི་སྣའི་འགྲོ་འོང་ལས་མཆེད་པའི་རིམས་ནད་མཆེད་རྒྱུ་ཉུང་དུ་གཏོང་ཆེད། རྒྱལ་ནང་གི་རིམས་ནད་ཀྱི་ཉེན་ཁའི་རིམ་པ་འབྲིང་ཤོས་དང་མཐོ་ཤོས་ས་ཁུལ་གྱི་མི་སྣའམ་ལྷག་པར་ནད་ཡམས་ཚབས་ཆེན་ས་ཁུལ་གྱི་མི་སྣས། རིམས་ནད་འགོག་ཟོན་བླང་བྱར་ནན་གྱིས་བརྩི་སྲུང་བྱས་ཏེ། དགོས་གལ་མེད་ན་ས་ཁུལ་བརྒལ་ནས་ཕྱིར་མཚོ་སྔོན་དུ་མི་ལྡོག་པ་དང་། ས་ཆ་དེ་གར་མི་སྒེར་གྱི་འགོག་སྲུང་དང་བདེ་ཐང་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་དགོས། རང་རེའི་ཞིང་ཆེན་གྱི་མི་སྣ་དགོས་གལ་མེད་ཚེ་ཞིང་ཆེན་དང་ས་ཁུལ་ལས་བརྒལ་བའི་འགྲོ་འོང་མི་བྱེད་པ་དང་། རིམས་ནད་ཀྱི་ཉེན་ཁའི་རིམ་པ་འབྲིང་ཤོས་དང་མཐོ་ཤོས་ས་ཁུལ་དུ་དེ་བས་ཀྱང་འགྲོ་མི་རུང་ངོ་།།
མཚོ་སྔོན་ཞིང་ཆེན་པྲོག་གསར་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།
2022ལོའི་ཟླ4པའི་ཚེས4ཉིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།