མཚོ་སྔོན་ཞིང་ཆེན་ཏང་ཨུས“ཀྲུང་གོའི་ལོ་ངོ་བཅུ། མཚོ་སྔོན”ཞེས་པའི་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

རྩོམ་པ་པོ།: ཡོང་ཁུངས།:ཉིན་རེའི་གངས་ལྗོངས། དུས་ཚོད།:2022-09-01 14:30:30 ཀློག་གྲངས།:
        ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས“ཀྲུང་གོའི་ལོ་ངོ་བཅུ། མཚོ་སྔོན”ཞེས་པའི་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་བརྗོད་དོན་སྒྲོག་སྤེལ་བྱས་པར་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གསར་འགོད་པའི་དྲི་བར་ལན་བཏབ། ཞིང་ཆེན་ཏང་ཨུའི་གསར་འགྱུར་མགྲིན་ཚབ་པ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་སྒྲོག་སྤེལ་ཚོགས་འདུར་མགོ་འཛིན་བྱས།
        ཞིན་ཁྲང་ཞིང་གིས་བརྗོད་དོན་གཏམ་བཤད་སྤེལ་སྐབས་བསྟན་དོན། ལོ་བཅུའི་རིང་། ང་ཚོ་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་ལྟར་བློ་བརྟན་འགྱུར་མེད་ངང་བསྐྱོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐོ་སྒང་གི་ཡུལ་གྲུ་ཀུན་ནས་དོན་འཁྱོལ་བྱས་ཏེ་གྲུབ་འབྲས་ཐོབ་པར་གོམ་སྟབས་རེ་རེ་དང་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་བཏང་བས། མཚོ་སྔོན་གྱི་བྱ་བ་སོ་སོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་དང་འཕེལ་འགྱུར་གསར་པ་བྱུང་ཡོད། ལོ་ངོ་བཅུ་བོ་འདིའི་རིང་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཤུགས་ཚད་ཆེས་ཆེ་ལ། སྐྱེ་ཁམས་ཁོར་ཡུག་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་དང་དཀྱོག་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་གྱི་འགྱུར་ལྡོག་བྱུང་བའི་ལོ་ངོ་བཅུ་ཡིན་པ་དང་། སྤུས་ལེགས་འཕེལ་རྒྱས་དང་སྤུས་འདེགས་ཕན་བསྐྱེད་ཀྱི་ལོ་ངོ་བཅུའང་ཡིན་ལ།གནད་འཁེལ་དབུལ་ཐར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལོན་པའི་ལོ་ངོ་བཅུ་ཡིན་ཞིང་། མི་དམངས་ཀྱི་འཚོ་བ་གཏན་འཇགས་སྒོས་ལེགས་བཅོས་ཐོབ་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནསབསྐྲུན་པ་མངོན་འགྱུར་བྱུང་བའི་ལོ་ངོ་བཅུའང་ཡིན་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པའི་ལོ་ངོ་བཅུ་ཡིན་པ་དང་། ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པའི་ལོ་ངོ་བཅུའང་ཡིན།
        ཞིན་ཁྲང་ཞིང་གིས་ཞིབ་ཕྲའི་གཞི་གྲངས་རབ་དང་རིམ་པ་དང་གསོན་ཉམས་ལྡན་པའི་དཔེ་མཚོན་རེ་རེ་བཀོལ་ནས། ཕྱོགས་ཆེ་བ་ལྔ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་མཚོ་སྔོན་གྱི་ལས་དོན་སོ་སོའི་ཐད་བླངས་པའི་གྲུབ་འབྲས་ངོ་སྤྲོད་ཞིབ་མོ་བྱས།
        ཞིན་ཁྲང་ཞིང་གིས་བསྟན་དོན། ལོ་ངོ་བཅུ་བོ་འདིའི་རིང་ལ། ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་དམིགས་བསལ་བྱེད་པ་རྒྱུན་འཁྱོངས་བྱས་ནས“ཀྲུང་ཧྭའི་ཆུ་མཛོད”སྔར་ལས་བརྟན་པོ་དང་འཛོམས་པོར་བཏང་ཡོད། ལོ་བཅུའི་རིང་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་གསོག་ཚད་ལོ་རེར་ཆ་སྙོམས6%ཡན་འཕར་བ་དང་། ཐང་རྒོད་ཅན་དང་བྱེ་འགྱུར་གྱི་ས་ཆ་ཇེ་ཆུང་དུ་སོང་ལ། རྩྭ་སའི་ཁེབས་ཚད་དང་རྩྭ་སྐྱེ་ཚད་སོ་སོར11%དང30%ཡན་མཐོ་རུ་ཕྱིན། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་གྲངས་འབོར་རྒྱུན་མཐུད་ངང་མང་དུ་ཕྱིན། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད95%ཡན་ཟིན་པ་དང་། གཙང་བོ་དང་མཚེའུ་གལ་ཆེན་གྱི་ཆུའི་བྱེད་ནུས་ས་ཁུལ་གྱི་ཆུ་ཚད་ལྡན་ཡིན་ཚད100%ལ་སླེབས། མཚོ་སྔོན་པོའི་ཆུའི་རྒྱ་ཁྱོན་ལོ་བཅུའི་སྔོན་ལས་སྤྱི་ལེ་གྲུ་བཞི་མ220ཡས་མས་ཀྱིས་ཇེ་མང་དུ་ཕྱིན། བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས། སྔོ་ལྗང་གི་བར་སྟོང་གིས70%ཡན་ཟིན། སྔོ་ཁེབས་ཐཱན་མཛོད་ཀྱིས་བཟུང་བའི་བསྡུར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། བརླན་སའི་སྐྱེ་ཁམས་མ་ལག་གི་ཐཱན་བརྟན་སྡོམ་འབོར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གློག་ཤུགས་སྡེ་ཁག་གསར་བ་དང་ཐཱན་མེད་ཐོན་ལས་གླིང་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཐཱན་ཉོ་འཚོང་ཚོང་ར་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས། ལྷད་མེད་ཐཱན་ཉུང་གི་སྤྱི་ཚོགས་འགུལ་སྐྱོད་མ་དཔེ་གསར་འཛུགས་བྱས་ཏེ། རྒྱལ་ཡོངས་ཀྱི་ཐཱན་ཚད་ལྡན་དང་ཐཱན་སྙོམ་སྦྱོར་ཁྲོད་མཚོ་སྔོན་གྱི་དམིགས་བསལ་བྱས་རྗེས་འཇོག་པར་འབད་བརྩོན་བྱས།
        ཞིན་ཁྲང་ཞིང་གིས་བསྟན་དོན། ལོ་ངོ་བཅུ་བོ་འདིའི་རིང་ལ། ང་ཚོས་ལྷད་མེད་ཐཱན་ཉུང་ཁྲིད་སྟོན་དུ་བྱས་ནས་སྤུས་ལེགས་འཕེལ་རྒྱས་བརྟན་བརླིང་ངང་ཡུན་རིང་ལག་ལེན་བྱས་ཡོད། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གྱིས་སྣེ་ཁྲིད་པ་དང་། ལྷད་མེད་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་ཧུར་ཐག་གིས་སྒྲིག་འཛུགས་བྱས་ཏེ། ལོ་བཅུའི་རིང་ལ་དཔལ་འབྱོར་སྡོམ་འབོར་ལོ་རེར་ཆ་སྙོམས་ཀྱིས7%འཕར་བར་བྱས། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་པའི་དམིགས་འབེན་ལ་དམིགས་ནས། “ཅཱ་དང་ནཱ། མཱེ། ལིས། ཁིལ”བཅས་ཐོན་ལས་ཚོགས་སྤྱི་ཆེ་གྲས་ལྔ་ཕལ་ཆེར་བསྐྲུན་པ་དང་། 2021ལོར་ཞིང་ཆེན་ཡོངས་ཀྱི་ཚྭ་མཚོའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཐེར་ཆེན་གསུམ་ཐེར་འབུམ་གསུམ་དུང་ཕྱུར་གཉིས་ལ་སླེབས་ཏེ་ན་ནིང་གི་དུས་མཉམ་ལས46%འཕར། བྱེ་བ་སྟོང་ཝ་རིམ་པའི་བསྐྱར་འབྱུང་ནུས་ཁུངས་རྟེན་གཞི་གཉིས་འཛུགས་སྐྲུན་བྱས་ནས། ནུས་ཁུངས་གཙང་མའི་གློག་འདོན་འཕྲུལ་འཁོར་གྱིས་ཞིང་ཆེན་ཡོངས་ཀྱི་གློག་ཤུགས་སྤྱིའི་གློག་འདོན་འཕྲུལ་འཁོར་གྱི91%ཟིན་པ་དང་། རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མའི་གློག་འདོན་འཕྲུལ་འཁོར་གྱི18%ཟིན་ནས། མུ་མཐུད་རྒྱལ་ཡོངས་ཀྱི་སྔོན་གྲལ་དུ་ཚུད་ཡོད། རྒྱལ་ཡོངས་ཀྱིས་ནུས་ཁུངས་གཙང་མ100%བཀོལ་སྤྱོད་བྱས་ནས་འཁོར་གཉེར་བྱེད་བཞིན་པའི་གཞི་གྲངས་ཆེན་མོའི་ཐོན་ལས་དཔེ་སྟོན་རྟེན་གཞི་ཐོག་མ་དང་། རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མ100%ཁུངས་འདེད་བྱས་ཆོག་པའི་ལྷད་མེད་གཞི་གྲངས་ཆེན་མོའི་ལྟེ་གནས་ཐོག་མ་སོགས་ལས་གཞི་སྐོར་ཞིག་བསྟུད་མར་འཛུགས་སྐྲུན་བྱས་ནས་ལེགས་འགྲུབ་བྱུང་། འཛམ་གླིང་གི་ནུས་ཁུངས་གསར་བ་སྐྱེལ་འདྲེན་གཙོ་བོ་ཡིན་པའི་གློག་སྐྱེལ་རྒྱུ་ལམ་ཆེན་མོ་ཐོག་མ་འཛུགས་སྐྲུན་བྱས་ཚར་ནས་འཁོར་སྐྱོད་བྱས་ཤིང་། བསྟུད་མར་ལོ་དྲུག་ལ་ནུས་ཁུངས་གཙང་མའི་གློག་འདོན་གྱི་འཛམ་གླིང་གི་ཟིན་ཐོ་བསྐྲུན། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་དམིགས་འབེན་ལ་གཞིགས་ནས། སྤུས་ལེགས་བགྲོད་ལམ་ཉིས་བརྒྱ་མཁོ་འདོན་བྱས་ཤིང་། བགྲོད་ལམ་བདུན་ནི་རྒྱལ་ཡོངས་ཀྱི་རྨ་ཆུའི་ཡུལ་སྐོར་ཁུལ་ཆེན་མོ་བཅུའི་ཁྲོད་བདམས་ལ། ཆེས་མཛེས་པའི་མཚེའུ་དང་ཆེས་མཛེས་པའི་མེ་ཏོག་གི་ཞིང་ཁམས་ནི་ཡུལ་སྐོར་གནས་མཆོག་ཏུ་གྱུར། བསྟུད་མར་ལོ་ཉེར་གཅིག་རིང་བསྡུས་པའི་མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱིས་ལོ་རེར་ཡུལ་སྐོར་བ་ ཆིག་འབུམ་མཚོ་སྔོན་པོར་ལྕགས་རྟ་སྐོར་ནས་ཡུལ་སྐོར་དུ་ཡོང་བར་སྐུལ་ཁྲིད་བྱས་ཡོད་པས། མཚོ་སྔོན་ནི་མི་རྣམས་ཀྱི་རེ་སྨོན་བྱེད་སའི་གནས་མཆོག་ཅིག་ཏུ་གྱུར་ཡོད། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ལས་ཀྱི་བྱ་བ་ཧུར་ཐག་གིས་ལེགས་པོར་བསྒྲུབས་ཡོད། ལོ་ངོ་བཅུའི་རིང་། མཚོ་སྔོན་གྱི་སྐམས་ཤ་དང་འཕང་འབྲས་ཀྱི་ཐོན་ཚད་ནི་སོ་སོར་ལྡབ་གཅིག་དང་གྲངས་ཆུང་གཉིས་དང་། ལྡབ་གཉིས་དང་གྲངས་ཆུང་བཞི་འཕར་ལ། ལོག་དཀར་རྒྱུད་འདྲེས་སོན་བཟང་བདམས་གསོ་རྒྱལ་ནང་གི་སྔོན་ཐོན་གྲས་སུ་ཚུད། ནས་དང་སྲན་མ་སོགས་སོན་བཟང་བདམས་གསོ་ནི་རྒྱལ་ནང་གི་སྔོན་ཐོན་གྱི་གྲས་སུ་ཚུད་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་ས་རྒྱུས་མཚོན་བྱེད་ཀྱི་ཚོང་རྟགས་ནི་ན་ནིང་གི་དུས་མཉམ་ལས140%འཕར་སྣོན་བྱུང་བ་དང་། ཚོང་རྟགས་གྲགས་ཅན་ནི་ན་ནིང་གི་དུས་མཉམ་ལས100%འཕར།
        ཞིན་ཁྲང་ཞིང་གིས་བསྟན་དོན། ལོ་ངོ་བཅུ་བོ་འདིའི་རིང་ལ། ང་ཚོས་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱས་པ་བརྒྱུད། མང་ཚོགས་ཀྱི་ཐོབ་ཚོར་སྔར་ལས་ཇེ་མཐོར་སོང་ཡོད། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ནས། ལོ་རེར75%ཡན་གྱི་ནོར་སྲིད་འགྲོ་སོང་ནི་དམངས་ཚིས་འཛུགས་སྐྲུན་ཐད་བཀོལ་སྤྱོད་བྱེད་བཞིན་ཡོད་ལ། དམངས་ཚིས་དོན་དངོས་བཟོ་སྐྲུན་ལག་བསྟར་བཟང་པོ་བྱས་ནས། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་པའི་ཡོང་འབབ2012ལོ་དང་བསྡུར་ན126%འཕར་ཞིང་། ལོ་རེར་ཆ་སྙོམས་ཀྱི9.5%འཕར་ཡོད། གནད་ཁེལ་དབུལ་སྐྱོར་དང་དབུལ་ཐར་མཁྲེགས་གཏོར་བརྒྱུད་དེ། ཁ་གཏད་རོགས་སྐྱོར་སྟོབས་ཤུགས་དང་ཤར་ནུབ་རྒྱུད་དབུལ་སྐྱོར་མཐུན་སྦྱོར་གྱི་རོགས་སྐྱོར་འོག ལོ་གཅིག་གི་སྔོན་ལ་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང42(གྲོང་ཁྱེར་དང་ས་ཁུལ། སྲིད་འཛིན་ཨུ་ཡོན་ལྷ་ཁང་)ཚང་མ་དབུལ་ཐར་བྱས་ལ། དབུལ་ཕོངས་སྡེ་བ1622ཚང་མ་དབུལ་ཐར་བྱུང་བ་དང་། དབུལ་ཕོངས་མི་གྲངས་ལྔ་འབུམ་སུམ་ཁྲི་དགུ་སྟོང་ཚང་མ་ཡོངས་སུ་དབུལ་ཐར་བྱུང་། 2021ལོར་མཚོ་སྔོན་གྱི་རྒྱུན་སྡོད་མི་གྲངས་ཀྱི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ73ལྷག་ལ་སླེབས་ཡོད་ཅིང་། དེ2010ལོ་ལས་ལོ4འཕར། སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་སྦྱོང་ལ་འགན་ལེན་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ཡོད། སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ད་ཡོད་སྡོད་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི30ལ་སླེབས་ནས། 2013ལོ་ལས་སྨི་གྲུ་བཞི3.6ཇེ་མཐོར་སོང་ཡོད། མང་ཚོགས་ཀྱི་བདེ་སྣང་དང་ཡིད་ཚིམ་ཚད་བསྟུད་མར་ལོ9ལ་བརྟན་འཇགས་ངང་འཕར་ཡོད། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་སྡེ་བའི་རོང་འབྲོག་པའི་ལུས་རྩལ་ལུས་སྦྱོང་བཟོ་སྐྲུན་ཁེབས་ཚད་ཀྱིས100%ཟིན་པ་དང་། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་ཟི་ལིང་དུ་ཆུ་ཚོད་སྐར་མ10ཡི་ལུས་སྦྱོང་ར་བ་བསྐྲུན་ཡོད་པ་སོགས་ཀྱི་གྲངས་འབོར་གྱིས་ལོ་བཅུའི་དམངས་ཚིས་འཕོ་འགྱུར་ཆེན་པོར་གསལ་བཤད་སྔར་ལས་ལེགས་པོ་བྱེད་ཐུབ།
        ཞིན་ཁྲང་ཞང་གིས་བཤད་རྒྱུར། ལོ་ངོ་བཅུ་བོ་འདིའི་རིང་ལ། ང་ཚོས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་པས། མི་རིགས་སོ་སོ་མཉམ་དུ་མཐུན་སྒྲིལ་ཡར་ཐོན་དང་། མཉམ་དུ་འབྱོར་ཕྱུག་འཕེལ་རྒྱས་སུ་སོང་། གྲོང་ཁྱེར་དང་ཁུལ་ཡོངས་རྫོགས་དང་། རྫོང70%ཡིས་སྔོན་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་བསྐྲུན་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། རྒྱལ་ཡོངས་ཀྱི་དཔེ་སྟོན་ས་ཁུལ་དང་སྡེ་ཁག18 སྡེ་ཁུལ་གྱི་མཐུན་སྒྲིལ་ཁྱིམ་གཞིས110བསྐྲུན། མཛུབ་རྩེའི་འཚེམ་དྲུབ་དང་ལྕེ་རྩེའི་འཐེན་ཐུག་སོགས་མི་རིགས་མཐུན་སྒྲིལ་གསར་སྐྲུན་གྱི་ཟོང་རྟགས་བསྐྲུན་ཡོད་ལ། མཚོ་སྔོན་གྱི་"འཐེན་ཐུག་ཐོན་ལས"ནི་མི་རིགས་སོ་སོ་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་པའི་དཔེ་མཚོན་ཞིག་རེད།
        ཞིན་ཁྲང་ཞང་གིས་གསར་འགོད་པར་བཤད་རྒྱུར། ལམ་ཐག་རིང་བའི་རྟོག་ཞིབ་རེ་རེའི་ཁྲོད། མདོ་དབུས་མཐོ་སྒང་གི་ཡངས་ཤིང་ཆེ་བའི་ས་གཞི་དང་། མཛེས་ཤིང་སྡུག་པའི་རི་ཀླུང་། དུས་ཡུན་རིང་བའི་ལོ་རྒྱུས། འོད་སྟོང་འབར་བའི་རིག་གནས་བཅས་ཀྱིས་ཁོ་ལ་བག་ཆགས་ཟབ་མོ་བཞག་སོང་ཟེར། ཁོས་བཤད་རྒྱུར། ང་ཚོས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་སྐོར་ཞིག་འཛུགས་སྐྲུན་བྱས་པ་དང་། རེབ་གོང་སྒྱུ་རྩལ་སོགས་རིག་གནས་ཟོང་རྟགས་མང་པོ་བསྐྲུན་ནས། གསར་བརྗེའི་རིག་གནས་དང་རྨ་ཙོང་རིག་གནས། དར་གོས་ཚོང་ལམ་རིག་གནས་དང་ཐང་བོད་གནའ་ལམ་རིག་གནས་སོགས་ཀྱིས་དུས་རབས་གསར་བའི་མཛེས་པ་མངོན་ཡོད་པ་དང་། མི་རིགས་སོ་སོས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་ངོས་ཟིན་སྔར་ལས་ཇེ་མཐོར་སོང་སྟེ། ཀྲུང་ཧྭ་མི་རིགས་ཁྱིམ་མཚེས་གཅིག་ལྟར་བརྩེ་བ་དང་བློ་སེམས་མཐུན་པོས་ཀྲུང་གོའི་འདུན་མ་བསྐྲུན་པ་ནི་མཐོ་སྒང་གི་བུ་དང་བུ་མོའི་ཐུན་མོང་གི་སེམས་འདུན་དུ་གྱུར་ཡོད།
        ཞིན་ཁྲང་ཞིང་གིས་བཤད་རྒྱུར། ལོ་ངོ་བཅུ་བོ་འདིའི་རིང་ལ། ང་ཚོས་ཏང་གིས་ཏང་ལ་དོ་དམ་དང་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་བྱས་པས། ང་ཚོའི་ཏང་གི་མགོ་ཁྲིད་སྔར་ལས་སྟོབས་དང་ལྡན། ང་ཚོས་མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་འཛུགས་དམ་འཛིན་བྱེད་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་ལག་ལེན་དོན་འཁྱོལ་བྱས་ཏེ། ངེས་པ་དོན་གྱིས་ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་པ་དང་། ཏང་གི་ཆབ་སྲིད་དང་བསམ་བློ། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས་དང་ལམ་ལུགས་བཅས་ཀྱི་འཛུགས་སྐྲུན་དམ་འཛིན་ནན་མོ་བྱས་ནས། ཏང་གི་འཛུགས་སྐྲུན་གྱི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་། སློབ་སྦྱོང་བརྒྱུད་སྒྲོག་དང་ལས་འགན་ལག་བསྟར། ལྟ་སྐུལ་ཞིབ་བཤེར། མཇུག་འབྲས་སྙན་ཞུ་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོའི་ལས་དོན་སྒྲུབ་སྲོལ་བཟོས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་ཀྱིས་གཏན་ཕབ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ལེགས་པར་སྒྲུབ་པ་བཅས་ལ་སྐུལ་འདེད་བཏང་། དུས་མཚམས་གསར་པ་རུ། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཐད་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་གྲོས་ཚོགས་ཐོག་མ་ནི་སྤྱོད་ལམ་འཛུགས་སྐྱོང་གི་ཚོགས་འདུ་ཡིན་ལ། དེས་ཁ་ཕྱོགས་གསལ་སྟོན་བྱས་ཏེ་བགྲོད་ལམ་གསར་པར་བསྐྱོད་མགོ་བརྩམས་ཡོད་པ་དང་། སྤྱོད་ལམ་འཛུགས་སྐྱོང་སྐོར་གྱི་བྱེད་ཐབས་གཙོ་བོ་འགའ་གཏན་འབེབས་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱོད་ལམ་བཟང་བོར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་འཁྱོལ་བྱས་ཏེ། བཞུད་ལམ་གསར་པར་འབད་པས་བསྐྱོད་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པ། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་སྐུལ་སློང་བྱས་ཡོད།
        ཞིན་ཁྲང་ཞིང་གིས་བསྟན་དོན། བཞུད་ལམ་གསར་པའི་སྟེང་། ང་ཚོ་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ལེགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་བླངས་ནས། ལྷད་མེད་འཕེལ་རྒྱས་དང་། སྐྱེ་ཁམས་མཛའ་མཐུན། གསར་གཏོད་སྒོ་འབྱེད། དཔལ་ཡོན་འཆམ་མཐུན། མི་དམངས་བདེ་སྐྱིད། ཆབ་སྲིད་དག་གཙང་བཅས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱས་ཏེ། བྱ་སྤྱོད་དངོས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།
        སྒྲོག་སྤེལ་ཚོགས་འདུའི་སྟེང་། མི་དམངས་ཉིན་རེའི་ཚགས་པར། ཞིན་ཧྭ་གསར་འགྱུར་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར། ཀྲུང་གོ་གསར་འགྱུར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སོགས་ཀྱི་གསར་འགོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཚུལ་དང་། ཡུས་ཧྲུའུ་ཡི་གནོད་ཤུལ་བསྐྱར་བསྐྲུན་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར། ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། ཐོན་ལས་ཀྱི་རོགས་ཤུགས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་སོགས་བརྗོད་གཞིར་བཟུང་ནས་དྲི་བ་བཏོན་པ་དང་། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་སྔོན་གྱི་དོན་དངོས་དང་སྦྲེལ་ཏེ་རེ་རེ་བཞིན་ལན་བཏབ།
        ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་ཚོགས་འདུར་ཞུགས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།