ཧྲུའུ་ཅི་ལིས་ཀང་གིས་སྔ་གཞུག་ཏུ་གཙོ་གནད་ལས་གཞིའི་འཛུགས་སྐྲུན་བྱ་ཡུལ་དང་གཙོ་གནད་ཁེ་ལས་སྤེལ་བར་རྟོག་ཞིབ་བྱས།

རྩོམ་པ་པོ།:འདི་གའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-09-08 15:18:18 ཀློག་གྲངས།:
        ཟླ༩པའི་ཚེས༦ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་སྔ་གཞུག་ཏུ་གཙོ་གནད་ལས་གཞིའི་འཛུགས་སྐྲུན་བྱ་ཡུལ་དང་གཙོ་གནད་ཁེ་ལས་སྤེལ་བར་རྟོག་ཞིབ་བྱེད་སྐབས། རིམས་འགོག་བྱ་བར་ཁ་གཏད་གཅོག་པ་དང་ཐོན་སྐྱེད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཀྱི་ཕན་འབྲས་དང་དཀའ་ངལ་འགག་ས་ཁྱོན་ཡོངས་ནས་ཤེས་རྟོགས་བྱས་ཏེ། འཐབ་ས་དང་པོར་གཞུང་དོན་སྒྲུབ་ནས་གནད་དོན་ཐག་གཅོད་བྱེད་དགོས་པ་བསྟན། དེ་མིན་གཙོ་གནད་ལས་གཞི་དང་གཙོ་གནད་ཁེ་ལས་ནི་མཚོ་ལྷོས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་འདེགས་སྐྱོར་གལ་ཆེན་དེ་ཡིན་པས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་འགག་སྒྲོལ་དཀའ་སེལ་གྱི་སྙིང་སྟོབས་ལྡན་པ། རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ཧུར་ཐག་གིས་གཅོག་པ་དང་ཐབས་བརྒྱ་ཇུས་སྟོང་གིས་རང་ཉིད་ཀྱི་བྱ་བ་ཡག་པོར་བསྒྲུབས་ཏེ་སྤུས་ཚད་མཐོ་བའི་ལས་གཞི་སྐྲུན་པ་དང་གཡུར་ཟའི་གྲུབ་འབྲས་ལེན་པར་བརྩོན་ལེན་བྱས་ཏེ་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་བསྐྲུན་ཆེད“རྩིག་ཐོག་རྡོ་སྣོན”བྱེད་པ་དང་རང་གི་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
        ཧྲུའུ་ཅི་ལས་ཀང་གིས་གུང་ཧོ་རྫོང་མཁར་གྱི་སྲིད་དར་ལམ་ཆེན་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭའི་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ཡུལ་དངོས་རྟོག་ཞིབ་གནང་སྐབས། སྲིད་དར་ལམ་ཆེན་ནི་དག་གཙང་མཚོ་ལྷོའི་མཛེས་སྡུག་ལྡན་པའི་སྣང་བརྙན་གྱི་བསྡུས་གཟུགས་ཤིག་ཡིན་པས། བསྐྱར་སྐྲུན་ལས་གྲྭར་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་མི་དམངས་མང་ཚོགས། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གིས་ཚད་མཐོའི་དོ་ཁུར་བྱེད་སྲིད་པས། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་སྤུས་ལེགས་ལས་གྲྭའི་འདུ་ཤེས་འཛུགས་པ་དང་འཛུགས་སྐྲུན་ཇུས་གཞི་ལེགས་སུ་གཏོང་བ། བཤིག་སྤོའི་ཤུལ་ལུས་གནད་དོན་མགྱོགས་མོར་ཐག་གཅོད་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་ལ་འགན་ལེན་བྱེད་དགོས་པ་བསྟན།
        ཀྲུང་གོ་གློག་སྐྲུན་སྒྲིག་ཆས་ཚོགས་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ནུས་རྒྱུ་གསར་པའི་བཟོ་སྐྲུན་ཐོན་ལས་རྟེན་གཞིའི་ལས་གཞི་ཡི་་ཨར་ལས་བྱ་ཡུལ་དུ་ཕེབས་དུས། ཡུལ་དངོས་སུ་གཞུང་དོན་སྒྲུབ་པ་དང་མཐུན་སྦྱོར་བྱས་ནས་འཛུགས་སྐྲུན་གྱི་མྱུར་ཚད་ལ་ཤུགས་རྐྱེན་བཟོ་བའི་ཞིབ་ཕྲའི་གནད་དོན་ཐག་གཅོད་དགོས་པ་དང་། ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་རླུང་གློག་འོད་ཤུགས་ཀྱི་རྟེན་གཞི་ཆེ་གྲས་དང་མཚོ་སྔོན་གྱི་ཆེས་མཐོའི་མཐོ་གནོན་ཐད་རྒྱུག་ཕྱི་སྐྱེལ་བགྲོད་ལམ་གཉིས་པ་འཛུགས་སྐྲུན་བྱས་པ་ལས་བྱུང་བའི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ། ནུས་ཤུགས་ཡོད་རྒུས་མགྱོགས་མྱུར་ངང་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ལོ་འདིའི་ནང་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་བསྟན།
        མཚོ་སྔོན་ལུང་ཅི་ལིག་ཡེ་འོད་ཤུགས་ཚན་རྩལ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས་ཁེ་ལས་ཀྱི་ལས་མིའི་མི་གྲངས་དང་ཐོན་རྫས་ཐོན་སྐྱེད། མངགས་ཉོའི་འཚོང་ལམ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། ཁོང་ཚོའི་ཐེག་རྩོལ་རན་པའི་ཐོན་སྐྱེད་ཀྱི་རྨང་གཞིའི་སྟེང་ཐོན་ནུས་མྱུར་ཚད་ཆེ་རུ་བཏང་སྟེ། མཚོ་ལྷོ་ཁུལ་གྱིས་ནུས་རྒྱུ་གཙང་མའི་ཐོན་ལས་སྦྲེལ་ཐག་གཏོད་པའི“སྣེ་ཁྲིད་པ”རུ་གྱུར་ནས་ནུས་རྒྱུ་གཙང་མའི་སྒྲིག་ཆས་མང་པོ་ཁེ་ལས་ཁང་དུ་འདྲེན་རྒྱུར་སྐུལ་ཁྲིད་བྱས་ཏེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པར་བྱས་རྗེས་འཇོག་དགོས། དེ་དང་ཆབས་ཅིག་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་དང་གླིང་ཁུལ་དོ་དམ་ཨུ་ལྷན་གྱིས་སྔར་རྒྱུན་བཞིན་ཁེ་ལས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་། ཁེ་ལས་ཀྱི་ལས་མི་བཀོལ་བའི་དགོས་མཁོ་ལྟར་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དེ་ཁེ་ལས་ལས་བཟོ་པ་གསོ་སྐྱོང་དང་སྐྱེལ་འདྲེན་རྟེན་གཞི་ཞིག་ཡིན་པས་ངོས་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་ལས་གཞིར་བརྟེན། མངགས་ཐོ་རྣམ་པས་གདན་ཞུ་དང་གསོ་སྦྱོང་བྱས་ནས། མང་ཚོགས་མང་པོ་ས་གནས་དེ་གར་ལས་ཞུགས་ཐུབ་པ་དང་ཁེ་ལས་ཀྱིས་ལས་མི་སྤྱོད་རྒྱུར་འགན་ལེན་བྱེད་པའི“གཉིས་ཕན”གྱི་རྣམ་པ་ཞིག་ཆགས་པར་འབད་བརྩོན་བྱ་དགོས་པ་བསྟན།
        ཅང་སུའུ་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་གཙོ་གནད་ལས་གཞི། མཚོ་ལྷོ་ཁུལ་བོད་སྨན་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞིའི་འཛུགས་སྐྲུན་བྱ་ཡུལ་དུ་ལིས་ཀང་གིས་ཅང་སུའུ་ཞིང་ཆེན་དང་ཞིང་ཨུད། ཞིང་ཆེན་སྲིད་གཞུང་གི་རེ་བ་ཆུད་ཟོས་སུ་མི་གཏོང་བ་དང་། མཚོ་ལྷོ་ས་ཁུལ་གྱི་འབུར་ཐོན་ཁྱད་ཆོས་དག་ཅང་སུའུ་ཡི་རོགས་ལས་གྲུབ་རྒྱུ་དང་མཉམ་འདྲེས་ཐུབ་པ་བྱས་ཏེ་འཛུགས་སྐྲུན་གྱི་འགག་སྒོ་རེ་རེ་བཞིན་ཡག་པོ་སྲུང་བ་དང“ཅང་སུའུ་མཚོ་སྔོན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མཚོན་བྱེད་རང་བཞིན་འཛུགས་སྐྲུན་བྱེད་ཐུབ་དགོས་ཞེས་བསྟན།
        ཝང་ཁའེ་དང་ཀྲང་ཧྥིན། ལའེ་ཝེ། དགེ་འདུན་རྒྱལ་བཅས་ཀྱིས་འགྲོ་རོགས་བྱས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།