ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་སྔོན་པོར་རྟོག་ཞིབ་གནང་།
ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་སྔོན་པོར་རྟོག་ཞིབ་གནང་།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2022-09-16 09:05:30
ཀློག་གྲངས།:
ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་སྔོན་པོ་རུ་རྟོག་ཞིབ་གནང་སྐབས་ལངས་གནས་མཐོན་པོ་དང་ཚད་གཞི་མཐོན་པོའི་སྒོ་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།
ཟླ9པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་སྔོན་པོར་རྟོག་ཞིབ་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི“རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་མ་ལག་འཛུགས་སྐྲུན་སྟེང་སྔོན་དུ་སྐྱོད་དགོས་པའི”བླང་བྱ་གལ་ཆེན་ལག་བསྟར་དངོས་འབེབས་ཟབ་མོ་བྱེད་པ་དང་། དམིགས་འབེན་ཕྱོགས་སྟོན་རྒྱུན་འཁྱོངས་བྱེད་པ། འཆར་འགོད་སྣེ་ཁྲིད་འབུར་དུ་དོད་པ། ལམ་སྲོལ་གསར་སྐྲུན་ལ་མཐོང་ཆེན་བྱེད་པ། མཚོ་ནང་དང་མཚོ་འགྲམ། ཆུ་མགོ་དང་ཆུ་རྒྱུན་བཅས་ལ་སྤྱི་འདོམས་བྱས་ཏེ། ལངས་གནས་མཐོན་པོ་དང་ཚད་གཞི་མཐོན་པོའི་སྒོ་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།
ཉིན་དེར། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཡུལ་དངོས་སུ་ཕེབས་ཏེ། མཚོ་སྔོན་པོའི་གླང་ཆེན་སྣ་ཞགས་ཆུ་རྙོག་ཐག་གཅོད་བཟོ་གྲྭ་དང་རྟ་ནག་མའི་སྲུང་སྐྱོང་ས་ཚིགས། བྱེ་མ་ལ་བདུན། ཁྱོན་རྒྱས་ཆུ་བོ། བྱ་གླིང་སྲུང་སྐྱོང་ཁུལ་སོགས་སུ་རྟོག་ཞིབ་གནང་བ་དང་། མཚོ་སྔོན་པོའི་ཆུའི་སྐྱེ་ཁམས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་བྱ་བར་རྒྱུས་ལོན་ཞིབ་མོ་གནང་སྟེ། མཚོ་སྔོན་པོ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། མིག་ཟུང་ལ་སྲུང་སྐྱོང་བྱེད་པ་བཞིན་དུ“མཐོ་སྒང་གི་མུ་ཏིག”ལྟ་བུའི་མཚོ་སྔོན་པོ་ལ་སྲུང་སྐྱོང་ལེགས་པོ་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་མ། འཁྱག་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་པོའི་ཀླུང་རྒྱ་ཐེངས་དྲུག་པ་བསྡམས་པ་དངོས་འབེབས་ལེགས་པོ་བྱས་ཏེ། མཚོ་སྔོན་པོའི་ཆུའི་འཕེལ་ཚུལ་དང་ཆུས་བསྣུབས་པའི་རྩྭ་རའི་ཁ་གསབ་སོགས་ཀྱི་བྱ་བར་ཞིབ་འཇུག་བྱེད་དགོས་ཞེས་བསྟན། མཚོ་སྔོན་པོའི་ནུབ་མཚོ་ཐང་དང་གླང་ཆེན་སྣ་ཞགས་མཛེས་ལྗོངས་ཁུལ། འ་ཞའི་མཁར་ཤུལ་བཅས་སུ། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཡུལ་དངོས་སུ་ཡུལ་སྐོར་དོ་དམ་སོགས་ཀྱི་གནས་ཚུལ་དང་སྐབས་འཕྲལ་རླངས་འཁོར་འདུག་སའི་ཡུལ་སྐོར་ཁྲོམ་རའི་ལྟ་རྟོག་སྣེ་ཁྲིད་བྱ་བའི་སྙན་ཞུར་གསན་ཏེ། འབྲེལ་ཡོད་སྡེ་ཁག་དང་ཁོངས་གཏོགས་ས་ཁུལ་གྱིས་མཐུན་སྦྱོར་དོ་དམ་ཡུན་ཕན་ལམ་སྲོལ་འཛུགས་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ཡུལ་གནས་སྐྲུན་པར་དམིགས་ནས། རང་འགུལ་གྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། རང་འགུལ་གྱིས་གནད་དོན་རྟོགས་ཤིང་གནད་དོན་ཐག་གཅོད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱེད་པའི་སྔོན་འགྲོའི་ཐོག་ཡུལ་སྐོར་འཕེལ་རྒྱས་གཏོང་བ། ཡུལ་སྐོར་གྱི་ཁྲོད་དུ་སྐྱེ་ཁམས་སྲུང་སྐྱོང་སློབ་གསོ་ལ་ཤུགས་བསྣན་ཏེ། མཚོ་སྔོན་པོའི་རང་བྱུང་མཛེས་སྡུག་དང་སྐྱེ་ཁམས་མཛེས་སྡུག མི་ཆོས་མཛེས་སྡུག་བཅས་ངེས་པ་དོན་གྱིས་ཡུལ་སྐོར་པར་ཉམས་སུ་མྱོང་དུ་འཇུག་དགོས་ཞེས་བསྟན།
ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས། མཚོ་སྔོན་པོ་ནི་རྒྱལ་སྤྱིའི་དུས་བསྟུན་བྱ་རིགས་ཀྱི་གནས་སྤོ་བརྒྱུད་ལམ་དང་རྒྱལ་སྤྱིའི་རླན་ས་གལ་ཆེན་ཡིན་པས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དམིགས་འབེན་དུ་འཛིན་པ་དང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་པ་འཇུག་སྒོར་བྱེད་པ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱས་པའི་ཉམས་མྱོང་ལ་དཔེ་ལྟ་ལེགས་པོ་བྱེད་པ། མཚོ་སྔོན་པོའི་ཆུ་ལག་གི་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་དོན་དངོས་ལ་རྐང་འཛུགས་པ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ལག་བསྟར་ཇུས་གཞི་འཐུས་ཚང་ལེགས་སྒྱུར་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་མཐའ་མཚམས་དང་ཁུལ་དབྱེ་དགར་བ། སྲུང་སྐྱོང་ཁྱབ་ཁོངས་ཀྱི་གནས་དང་ཐིག ངོས་བཅས་ཟུང་དུ་སྡེབ་པ། དོ་དམ་ལས་ཁུངས་དང་མཚོ་སྐོར་ས་ཁུལ། མང་ཚོགས་ཀྱི་སྟོབས་ཤུགས་བཅས་གཅིག་ཏུ་བསྡུས་པ། ལམ་ལུགས་ཀྱི་ཞན་ཆ་གསར་སྐྲུན་ཁ་གསབ་བརྒྱུད་དེ། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་སྐྱེད་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་བཅས་གཅིག་ལ་གཅིག་ཕན་ཡོང་བར་བྱེད་དགོས། མཁར་ཤང་འཆར་འགོད་དང་མཚོ་སྔོན་པོའི་ཉེ་འགྲམ་གྱི་མིས་བཟོས་ཁང་པ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་དང་མཐུན་སྦྱོར་ཡོང་བར་བྱེད་པ་དང་། མཚོ་སྐོར་ས་ཁུལ་གྱི་གྲོང་དང་གྲོང་རྡལ་སྐུལ་ཁྲིད་ཚོད་ལྟའི་གནས་དང་སྡེ་བའི་ཕྱིའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་བྱ་བར་སྐུལ་འདེད་གཏོང་དགོས། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་དང་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་པོའི་ས་གནས་ཀྱི་སྒྲིག་ཁྲིམས་འཛུགས་པ་དང་བཟོ་བཅོས། རྩིས་མེད་གཏོང་བ་བཅས་ཀྱི་བྱ་བ་ལེགས་པར་སྒྲུབ་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་མགོ་ཁྲིད་ཀྲུའུ་ཞང་ཧྥུན་དང་ལིའུ་ཐའོ་རྟོག་ཞིབ་ལ་མཉམ་དུ་བསྐྱོད་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཀྲུང་གོའི་རྒྱལ་དམངས་གསར་བརྗེ་ཏང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན་གཙོ་བོ་ལིའུ་ཐུང་ཏེ་གདན་དྲངས་པ་ལྟར་རྟོག་ཞིབ་ལ་ཞུགས། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།