ཚོགས་ཆེན20པའི་གསར་འགྱུར་ལྟེ་གནས་ཟླ10པའི་ཚེས12ཉིན་བཀོལ་རྒྱུ་རེད།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཚགས་པར། དུས་ཚོད།:2022-10-15 11:41:55 ཀློག་གྲངས།:
ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་ཟླ10པའི་ཚེས12ཉིན་བཀོལ་མགོ་བརྩམ་རྒྱུ་ཡིན་པར་མ་ཟད་ཕྱི་ཕྱོགས་སྣེ་ལེན་གྱི་ཞབས་འདེགས་ཞུ་རྒྱུ་རེད།
གསར་འགྱུར་ལྟེ་གནས་དྲ་ཚིགས་ཟླ10པའི་ཚེས10ཉིན་ཤར་གཏོང་བྱེད་རྒྱུ།
        གསར་འགོད་པས་འབྲེལ་ཡོད་ཕྱོགས་ནས་ཤེས་གསལ་ལྟར་ན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གསར་འགྱུར་ལྟེ་གནས་ཟླ10པའི་ཚེས12ཉིན་བཀོལ་མགོ་བརྩམ་རྒྱུ་ཡིན་པར་མ་ཟད་ཕྱི་ཕྱོགས་སྣེ་ལེན་གྱི་ཞབས་འདེགས་ཞུ་རྒྱུ་རེད། གསར་འགྱུར་ལྟེ་གནས་ཀྱི་གསར་འགོད་པ་སྣེ་ལེན་བྱེད་པའི་ཞབས་ཞུ་ཁུལ་དེ་པེ་ཅིན་གྲོང་ཁྱེར་དུས་རབས་གསར་པའི་ཉི་ཧོང་མཁའ་སྐྱོད་གསོལ་མགྲོན་ཁང་དུ་བཙུགས་ཡོད།
        གསར་འགྱུར་ལྟེ་གནས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བཅར་འདྲི་བྱེད་དུ་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ། ཐའེ་ཝན་ས་ཁུལ་བཅས་ཀྱི་གསར་འགོད་པ་དང་། ཕྱི་རྒྱལ་སྨྱན་བྱད་ཀྱི་གསར་འགོད་པས་བཅར་འདྲི་བྱེད་པའི་དཔང་ཡིག་ལེན་པ་དང་བཅར་འདྲི་རེ་ཞུ་དང་ལེན་བྱེད་པ་བཅས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ་ཡིན་ལ། ཚོགས་ཆེན་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་དང་གསར་འགོད་པ་སྣེ་ལེན་ཚོགས་འདུ་རྩ་འཛུགས་བྱེད་པ་དང་། གསར་འགོད་པ་རྣམས་ཚོགས་ཆེན་གྱི་བཅར་འདྲི་བྱ་འགུལ་དུ་ཞུགས་པར་བཀོད་སྒྲིག་བྱེད་རྒྱུ་རེད།
        གསར་འགྱུར་ལྟེ་གནས་དྲ་ཚིགསདང་འབྲེལ་ཡོད་ཀྱི་འཕྲིན་སྟེགས(སྐད་འཕྲིན་སྤྱི་སྟེགས། ཞིན་ལང་པོད་ཕྲན་སྤྱི་སྟེགས། དེ་རིང་གི་གསར་འགྱུར་གཙོ་གནད་སྤྱི་སྟེགས)ཟླ10པའི་ཚེས10ཉིན་གྱི་ནམ་གུང་གི་དུས་ཚོད0གི་སྟེང་ཤར་གཏོང་བྱེད་རྒྱུ་རེད། དེའི་སྟེང་ཚོགས་ཆེན་གྱི་ཆ་འཕྲིན་དུས་ལྟར་ཁྱབ་སྒྲོག་བྱེད་པ་དང་། གསར་འགྱུར་ལྟེ་གནས་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་དང་གསར་འགོད་པས་བཅར་འདྲི་བྱེད་པའི་བྱ་འགུལ་གྱི་སྤྱི་བསྒྲགས་སོགས་དུས་ཐོག་ཏུ་འགོད་རྒྱུ་རེད། དྲ་ཚིགས་སྟེང“གསར་འགོད་པའི་ཆེད་གནས”བཀོད་སྒྲིག་བྱས་ཡོད་ལ། ཐོ་འགོད་བྱས་ཡོད་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཆ་འཕྲིན་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ།
        གསར་འགྱུར་ལྟེ་གནས་ཀྱི་མངའ་ཁོངས་ནང་ཁུལ་གྱི་གསར་འགོད་པ་སྣེ་ལེན་ཚན་ཆུང་གི་འབྲེལ་གཏུག་ཁ་པར་ཨང་གྲངས། 68356200དང68356300ཡིན། བརྙན་སྐྱེལ་ཨང་གྲངས། 68356700དང68356800ཡིན།
        ཀང་ཨའོ་ཐའེ་གསུམ་གྱི་གསར་འགོད་པ་སྣེ་ལེན་ཚན་ཆུང་གི་འབྲེལ་གཏུག་ཁ་པར་ཨང་གྲངས། 68350700དང68350800ཡིན། བརྙན་སྐྱེལ་ཨང་གྲངས། 68350900དང68351900ཡིན།
        ཕྱི་རྒྱལ་གསར་འགོད་པ་སྣེ་ལེན་ཚན་ཆུང་གི་འབྲེལ་གཏུག་ཁ་པར་ཨང་གྲངས། 68350100དང68350200ཡིན། བརྙན་སྐྱེལ་ཨང་གྲངས68350400དང68350500ཡིན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།