​ལིས་ཀང་གིས་ལས་གནས་དང་པོའི་ལས་དོན་མི་སྣར་འཚམ་འདྲི་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2023-01-09 09:03:47 ཀློག་གྲངས།:
       ཟླ1པོའི་ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་ཁུལ་སྤྱི་བདེ་ཅུའུ་དང93932དཔུང་ཁག ཁུལ་མེ་འགོག་མྱུར་སྐྱོབ་ཡན་ལག་རུ་ཁག་བཅས་སུ་བསྐྱོད་དེ། ལས་གནས་དང་པོ་རུ་འབད་བརྩོན་ལྷོད་མེད་གནང་ཀྱིན་པའི་གནས་སྡོད་དཔུང་ཁག་དང་དམིགས་གསལ་ཉེན་རྟོག་པ། མེ་འགོག་མི་སྣ་བཅས་ལ་འཚམ་འདྲི་བྱས།
       བྱ་འགུལ་སྤེལ་བའི་སྐབས་སུ། ལིས་ཀང་གིས་མེ་འགོག་མྱུར་སྐྱོབ་རུ་ཁག་དང93932དཔུང་ཁག ཁུལ་སྤྱི་བདེ་ཅུའུ་ཡི་དམིགས་གསལ་ཉེན་རྟོག་རུ་ཁག་གི་སྐུལ་འདེད་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་བར་མ་ཟད། ཁོ་ཚོའི་ཁྱིམ་མིར་དུས་ཆེན་གྱི་འཚམ་འདྲི་གནང་བ་རེད། མཱ་ཅན་ཧུང་། ཡོན་ཡུས་ལུང་། ཆན་ཀའོ་ཆིན། ཟི་ཅིས་ཧྲིན་བཅས་ཐེངས་འདིའི་བྱ་འགུལ་ལ་ཞུགས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།