ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > མཚོ་ལྷོ་ཁུལ་གྱིས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།
མཚོ་ལྷོ་ཁུལ་གྱིས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-08-18 18:35:11
ཀློག་གྲངས།:
མཚོ་ལྷོ་ཁུལ་གྱིས་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་བཏང་།
མཚོ་ལྷོ་ཁུལ་ལ་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་བསྐྲུན་རྒྱུའི་ཆོག་མཆན་ཐོབ་པ་ནས་བཟུང་རང་ཁུལ་གྱིས“གཙང་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཀྱི་བརྗོད་བྱ་གཙོ་བོར་དམིགས་ནས། རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་རེད།

གསར་འགོད་པས་ཁུལ་ཚན་རིག་ལག་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟ་ཞིང་ཆེན་དང་ཁུལ་གྱི་མཉམ་འབྲེལ་མགོ་ཁྲིད་ཚན་ཆུང་དང་བྱ་བའི་ཆེད་དོན་འཛིན་གྲྭ10བཙུགས་ནས། སྔ་རྗེས་སུ«མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཚན་རྩལ་གསར་གཏོད་ལས་སྟེགས་ཆེ་གྲས་བཅུ་སྐྱེད་སྲིང་འཛུགས་སྐྲུན་བྱ་བའི་ཇུས་གཞི»དང«གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་འགའ»བཟོས་ཏེ། གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་བ་ཁྱོན་ཡོངས་ནས་སྤེལ་མགོ་རྩོམ་རྒྱུར་རྩ་འཛུགས་ཀྱི་འགན་ལེན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ཡོད་པ་རེད། སྔོན་ཐོན་ས་ཁུལ་གྱི་བྱེད་སྟངས་དང་ཉམས་མྱོང་དཔྱད་གཞིར་བཟུང་ནས“ཁང་གཉིས་ཀྱི་མགོ་གཙོ”དང་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་བཅས60ལས་གྲུབ་པའི་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་བཙུགས་ཏེ། གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་ཐབས་ཇུས་ཀྱི་འདེགས་སྐྱོར་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱས་པ་དང་། ཐོན་སློབ་སྤྱོད་གསུམ་གཙོ་ཁྲིད་དུ་བཟུང་ནས་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང5དང་མཉམ་འབྲེལ་བྱས་ཏེ། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གོ་གནས་ལ་ཤུགས་སྣོན་དང་། ཁྱད་ལྡན་ཐོན་ལས་ཀྱི་སྣེ་ཁྲིད་དེ་གསར་གཏོད་རྣམ་པའི་ཁེ་ལས་འཕེལ་རྒྱས་སུ་གཏོང་བ། ནུས་རྒྱུ་གསར་བ་དང་སྐྱེ་ཁམས་ཞིང་ཕྱུགས་ལས། གཞི་གྲངས་ཆེན་མོ་སོགས་ཁྱབ་ཁོངས་ཀྱི་ལས་གཞི་རྩ་འཛུགས་དང་ལག་བསྟར་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་ཞབས་ཞུའི་ནུས་བ་སྔར་ལས་ཆེ་རུ་བཏང་ཡོད།
རི་ཆུ་ནགས་གསུམ། ཞིང་དང་མཚེའུ། རྩྭ་ཐང་དང་བྱེ་མ། འཁྱགས་རོམ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་སྐུལ་འདེད་དང་། གཙང་ཆུ་དཔོན་དང་ནགས་རྩྭ་དཔོན་ལམ་ལུགས་ཁྱབ་སྤེལ་གཏིང་ཟབ་ཏུ་བཏང་སྟེ། སྤྱི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་བློ་ཡིད་ཚིམ་ཚད92%ཡན་ཟིན་ཡོད་པ་དང་། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད97.6%ཟིན། རྨ་ཆུ་རྒྱལ་ཁོངས་ལས་ཐོན་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིམ་པⅡརིགས་ཡན་དུ་རྒྱུན་འཁྱོངས་ཐུབ་ཡོད། འཛམ་གླིང་སྟེང་གི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆེ་ཤོས་ཀྱི་འོད་ཤུགས་གློག་འདོན་གླིང་ཁུལ་དང་ཆུ་འོད་གསབ་རེས་གློག་འདོན་ས་ཚིགས་བསྐྲུན་ཏེ། འཛམ་གླིང་གི་ནུས་ཁུངས་གཙང་མའི་བགྲོད་ལམ་ཆེན་པོ་ཐོག་མ་ཤར་གཏོང་ཐུབ་པར་མ་ཟད། ནུས་ཁུངས་གཙང་མ་ཕྱིར་སྐྱེལ་བའི་བགྲོད་ལམ་གཉིས་པར་ཆོག་མཆན་ཐོབ་ཡོད། ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆན་ཝ་ཁྲི4314ཟིན་པ་དང་དྲ་སྦྲེལ་གློག་འདོན་ཚད་ཆན་ཝ་ཁྲི2094མངོན་འགྱུར་བྱུང་ཡོད། འབྲི་གཡག་དང་བོད་ལུག་ཐོག་མའི་ཐོན་ཡུལ་གྱི་ཁུངས་འདེད་ཆོག་པའི་མ་ལག་ཁྱོན་ཡོངས་ལ་ཁྱབ་པ་དང་ས་མཐོའི“དྲི་ཞིམ་ཕྱོགས་བཞིར་མཆེད”ཅེས་པའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འཕེལ་རྒྱས་དང་སྐྱེ་ཁམས་ཡུལ་སྐོར་གྱི་ཁྱམས་ལམ་རིམ་སྤོར་བྱས། “དག་གཙང་མཚོ་ལྷོའི”སྤུས་རྟགས་ཀྱི་ཕན་འབྲས་མུ་མཐུད་དུ་ཇེ་ཆེར་གཏོང་བཞིན་ཡོད།རྒྱལ་སྲིད་སྤྱི་ཁྱབ་ཁང་གི«མཆན་འགོད་བཀའ་ལན»གྱི་དགོངས་དོན་ལ་དམིགས་ནས་རང་ཁུལ་གྱིས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་ལེགས་པ་དང་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས། དམངས་ཚིས་མངོན་གསལ་གྱིས་ཇེ་ལེགས་སུ་གཏོང་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དཔེ་མཚོན་ཞིག་ཏུ་བསྐྲུན་ནས། མཚོ་བོད་མཐོ་སྒང་དང་ཐ་ན་འཛམ་གླིང་གི་རིགས་གཅིག་པའི་ས་ཁུལ་ལ་འདྲ་བཟོ་བྱ་ཆོག་པ་དང་ཁྱབ་གདལ་བཏང་ཆོག་པ། དཔྱད་གཞིར་བཟུང་ཆོག་པའི་མཚོ་ལྷོའི་དཔེ་དབྱིབས་དང་མཚོ་སྔོན་གྱི་ཉམས་མྱོང་མཁོ་འདོན་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།