ངོས་དང་པོ > སྐབས་དོན། > པར་རིས་གསར་འགྱུར། > ཁྱུང་སེང་མདའ་བ་རུ་ཁག་གིས་རྒྱལ་སྤྱིའི་འགྲན་སྡུར་སྟེང་ཨང་དང་པོའི་བྱ་དགའ་བླངས།
ཁྱུང་སེང་མདའ་བ་རུ་ཁག་གིས་རྒྱལ་སྤྱིའི་འགྲན་སྡུར་སྟེང་ཨང་དང་པོའི་བྱ་དགའ་བླངས།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-06-30 14:36:13
ཀློག་གྲངས།:
2023ལོའི“གཡང་མདའ”རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་གདན་ཞུའི་འགྲན་སྡུར་སྐབས་བདུན་པ་དང་མདའ་སྟོན་རིག་གནས་བྱ་འགུལ་དེ་ཟླ6ཚེས25ཉིན་ནས་ཚེས29ཉིན་བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་དུ་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་འགྲན་སྡུར་ནང་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་འཐུས་ཚབ་རུ་ཁག115ཡི་ལུས་རྩལ་པ1589ཞུགས་ཡོད་ལ། སྲོལ་རྒྱུན་གྱི་ར་གཞུ་དང་། གཞུ་འཁོར་ལོ་མ། གཞུ་ལེབ། སྲོལ་རྒྱུན་གཞུ་མོ་བཅས་རྣམ་གྲངས་བཞི་ཡོད།
ཐེངས་འདིའི་འགྲན་སྡུར་ལ་ཞུགས་པའི་མཚོ་ལྷོའི་མདའ་བའི་རུ་ཁག་དག
ཐེངས་འདིའི་འགྲན་སྡུར་ནང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་ཁྱུང་སེང་མདའ་བ་རུ་ཁག་ཀྱང་ཞུགས་རྒྱུའི་གོ་སྐབས་རེག་ཡོད་ལ། ཁོ་ཚོས་གོ་སྐབས་ལེགས་པོ་འདི་དམ་འཛིན་བྱས་ཏེ“མཛའ་བརྩེ་དང་པོ་དང་འགྲན་སྡུར་གཉིས་པ”ཡིན་པའི་རྩ་དོན་རྒྱུན་འཁྱོངས་ཀྱིས་རང་གི་མཐེབ་རྩལ་སྐྱེན་པོ་ཡུལ་དངོས་ཀྱི་ལྟད་མོ་བ་དང་འགྲན་ཡ་དག་གི་མིག་མདུན་དུ་མངོན་པར་བསྟར་ཞིང་། ཉིན་བདུན་ལྷག་གི་ཛ་དྲག་གི་འགྲན་སྡུར་རབ་དང་རིམ་པ་བརྒྱུད་གཞུ་འཁོར་ལོ་མའི་རྣམ་གྲངས་ལས་ཨང་དང་པོའི་བྱ་དགའ་རེག
རྒྱལ་ཁའི་གཟེངས་རྟགས་བླངས་རྗེས་ཀྱི་མཉམ་པར།
འགྲན་སྡུར་མཇུག་གྲུབ་རྗེས་ཁོ་ཚོས་གདོང་ལ་རྒྱལ་ཁའི་མཛུམ་མདངས་མངོན་ཞིང་དཔའ་བའི་གདེང་གིས་ཕྱུག་ནས། རྒྱལ་ཁ་འདི་དང་གྲུབ་འབྲས་འདི་ནི་ང་ཚོ་ཐུན་མོང་གིས་འབད་པ་བྱས་པའི་འབྲས་བུ་ཡིན་ལ། མུ་ནས་མདུན་དུ་སྐྱོད་པའི་དཔུང་རོགས་དང་སེམས་ཤུགས་ཡིན་པར་མ་ཟད། ཕ་ཡུལ་མི་དམངས་ཀྱིས་བསྩལ་པའི་སྙིང་སྟོབས་ཀྱང་ཡིན། དེ་བས་གྲུབ་འབྲས་འདི་ཕྱིར་ཕ་ཡུལ་ལ་ཕུལ་བ་ཡིན་ཞིང་ལྷག་པར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་སྐྱེས་སུ་ཕུལ་བའང་ཡིན་ཟེར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།