སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བརྒྱད་པ་སྤེལ་བའི་བརྡ་སྦྱོར།
རྩོམ་པ་པོ།:
ཡོང་ཁུངས།:ཨ་མདོ་བརྙན་འཕྲིན།
དུས་ཚོད།:2024-05-27 08:53:47
ཀློག་གྲངས།:
བརྩེ་ལྡན་གྱི་ཉན་མཁན་དང་ལྟ་མཁན་གྲོགས་པོ་ལྷན་རྒྱས།
སྒྲ་སྙན་རྡུང་ལེན་ནི་དམངས་ཁྲོད་ནས་འབུས་ཤིང་དམངས་ཁྲོད་ནས་འཚར་ལོངས་བྱུང་བའི་སྒྱུ་རྩལ་གྱི་རྣམ་པ་གལ་ཆེན་ཞིག་ཡིན་ལ། ད་ལྟ་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་སོ་སོ་ནས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་བསྒྲུབས་པའི་སྐབས་རིམ་བྱུང་གི་སྒྲ་སྙན་རྡུང་ལེན་འགྲན་སྡུར་ལ་སྤྱི་ཚོགས་ཡོངས་ཀྱིས་གདེང་འཇོག་དང་དོ་སྣང་ཆེན་པོ་བྱས་ནས། ད་ལྟ་མང་ཚོགས་ཡོངས་ཀྱིས་རེ་སྒུག་ཆེན་པོ་བྱེད་བཞིན་པའི་རིག་གནས་སྒྱུ་རྩལ་གྱི་བྱ་འགུལ་གཙོ་བོ་ཞིག་ཏུ་གྱུར་ཡོད།
ད་ལོ་ཡང་སྐབས་གོང་མ་དག་གི་རྡུང་ལེན་འགྲན་སྡུར་གྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་དར་སྤེལ་བྱེད་པ་དང་། སྤྱི་ཚོགས་སྟེང་དུ་བག་ལ་ཉལ་བའི་སྐད་དང་ངག་གི་ཆ་རྐྱེན་བཟང་ཞིང་། སྒྲ་སྙན་རྡུང་ལེན་ཐད་ལ་འཇོན་ཐང་ལྡན་པའི་སྒྱུ་རྩལ་མི་སྣ་སྔོག་འདོན་དང་སྐྱེད་སྲིང་བྱེད་པ། སྒྱུ་རྩལ་གྱི་ཕུགས་བསམ་ཡོད་པའི་གསར་སྐྱེས་གཞས་པ་གཞས་མ་ཡོངས་ལ་ཕུགས་བསམ་མངོན་འགྱུར་བྱེད་པའི་གར་སྟེགས་བཟང་བོ་འདོན་སྤྲོད་བྱེད་པ་སོགས་ཀྱི་དགོས་མཁོ་གཞིར་བཟུང་སྟེ། འབའ་ཡུལ་རྫོང་རུ་རྟགས་མའི་བོད་ཀྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བརྒྱད་པ་སྤྱི་ཟླ5པའི་ཚེས25ཉིན་ནས་དངོས་སུ་མགོ་རྩོམ་རྒྱུ་ཡིན། སྤྱིར་གླུ་གཞས་སྒྱུ་རྩལ་དང་སྒོས་སུ་སྒྲ་སྙན་རྡུང་ལེན་ཐད་ལ་དགའ་བ་དུང་བ་དང་འཇོན་ཐང་ཡོད་པའི་གཞས་པ་གཞས་མ་ཡོངས་ཀྱིས་མིང་ཐོ་འགོད་པ་དང་། སྤྱི་ཚོགས་ལས་རིགས་ཡོངས་ཀྱིས་བྱ་འགུལ་འདི་ལ་རྒྱབ་སྐྱོར་དང་དོ་སྣང་། གདེང་འཇོག་བླ་མེད་གནང་བར་བཀའ་དྲིན་ཆེ་ཞུ།
འགྲན་ཞུགས་ཐད་ནས་ངེས་པར་དུ་ཤེས་དགོས་པའི་རྩ་དོན།
དང་པོ། སྐབས་འདིའི་འགྲན་ཞུགས་ཀྱི་མི་གྲངས་ལ་ཚོད་འཛིན་བྱ་རྒྱུ་མིན་པས། རྡུང་ལེན་སྒྱུ་རྩལ་ལ་མོས་པ་ཡོད་པའི་འགྲན་ཞུགས་མི་སྣ་ཚང་མས་ཐད་ཀར་ང་ཚོའི་འབྲེལ་ཡོད་ལས་བྱེད་མི་སྣར་འབྲེལ་གཏུག་བྱ་ཆོག་ལ། སྤོབས་པ་ཆེན་པོས་རང་ཉིད་ཀྱི་སྒྱུ་རྩལ་ཕུགས་བསམ་མངོན་འགྱུར་བྱེད་པའི་ཐད་ལ་གོམ་པ་དང་པོ་སྤོ་ཆོག
གཉིས་པ། སྐབས་འདིའི་ཐོག་མའི་འགྲན་སྡུར་ཆ་ཚང་དྲ་ཐོག་ནས་སྤེལ་རྒྱུ་ཡིན་པས་འགྲན་ཞུགས་མི་སྣ་ཡོངས་ཀྱིས་ཁ་པར་གྱེན་དུ་སྐོར་ནས་བརྙན་ཕབ་བྱས་པའི་བརྙན་རིས་བརྩམས་ཆོས་དྲ་བ་བརྒྱུད་ནས་བསྐུར་དགོས། བརྩམས་ཆོས་དང་མཉམ་དུ་རང་ཉིད་ཀྱི་ཐོབ་ཐང་དཔང་ཡིག་གི་འདྲ་པར་དང་། རང་ཉིད་ཀྱི་འདྲ་པར། གླུ་ཚིག འབྲེལ་གཏུག་བྱ་ཡུལ་གྱི་ཁ་པར་ཨང་གྲངས་བཅས་སྐུར་དགོས།
གསུམ་པ། ཐོག་མའི་འགྲན་རིམ་གྱི་བར་སྐབས་སུ་གླུ་ཚིག་དང་དབྱངས་རྟ་གསར་བ་ཡིན་དགོས་པའི་ཆ་རྐྱེན་མེད་པས་བསྐྱར་ལེན་བྱས་པའི་བརྩམས་ཆོས་བསྐུར་ཀྱང་ཆོག་ལ། བསྐྱར་འགྲན་ནང་དུ་ཚུད་དུས་ཚིག་དབྱངས་སོགས་ཀྱི་ཆ་རྐྱེན་གཞུག་ཕྱོགས་ནས་གསལ་བཤད་བྱ་འོང་།
བཞི་བ། ཐོག་མའི་འགྲན་རིམ་སྐབས་སུ་ཚན་སྡེབ་དང་མི་སྒེར་གང་རུང་ཞུགས་ཆོག་ལ། བསྐྱར་འགྲན་དུ་ཚུད་པའི་ཚན་སྡེབ་ཀྱི་གྲངས་ཀ་ངེས་ཅན་ཞིག་ལ་ཐོན་ན་མི་སྒེར་དང་ཚན་སྡེབ་ཀྱི་རྣམ་གྲངས་སོ་སོར་བཀར་ནས་འགྲན་སྡུར་སྟེང་ཞུགས་ཆོག ཁྱད་ཆོས་ཧ་ཅང་འབུར་དུ་ཐོན་པའི་ཚན་སྡེབ་ཞུགས་པར་རེ་སྒུག་ཆེན་པོ་ཡོད།
ལྔ་བ། ཆེད་དུ་གསལ་བཤད་བྱེད་དགོས་པ་ཞིག་ལ། ཐེངས་འདིའི་འགྲན་སྡུར་ཁྲོད་ནས་སྐད་དང་ངག་གི་ཆ་རྐྱེན་བཟང་བོ་ལྡན་ཡང་ད་བར་དུ་གར་སྟེགས་ཆེན་པོ་འགྲིམས་པའི་སྐལ་བ་མ་ལྡན་པའི་ན་ཆུང་སྐྱེས་མའི་རྡུང་ལེན་པ་རྣམས་ལ་ཆེད་དུ་དམིགས་ནས༼ཁ་བ་ཅན་གྱི་མེ་ཏོག་ལྔ༽ཞེས་པའི་འགྲན་རིམ་རྣམ་གྲངས་ཤིག་ཀྱང་བཀོད་སྒྲིག་བྱས་ཡོད། ཁ་བ་ཅན་གྱི་མེ་ཏོག་གི་འགྲན་རིམ་ནང་དུ། རང་ཉིད་ཀྱིས་སྒྲ་རྡུང་མི་ཤེས་ཀྱང་གཞན་གྱིས་རྡུང་རོགས་བྱས་ཀྱང་ཆོག དེ་བས། གཞོན་སྐྱེས་གླུ་མ་རྣམས་ཐད་ཀར་རྣམ་གྲངས་འདིའི་ནང་དུ་ཞུགས་ནས་ཆེད་དུ༼ཁ་བ་ཅན་གྱི་མེ་ཏོག་ལྔ༽སྟེ། སེར་པོ་གསེར་གྱི་མེ་ཏོག དཀར་པོ་དངུལ་གྱི་མེ་ཏོག ཁྲ་བོ་གཟི་ཡི་མེ་ཏོག དམར་པོ་བྱུ་རུའི་མེ་ཏོག སྔོན་མོ་གཡུ་ཡི་མེ་ཏོག་གི་མཚན་སྙན་བརྩོན་ལེན་བྱས་ཀྱང་ཆོག མཇུག་མཐར་བདམས་ཐོན་བྱུང་བའི་མེ་ཏོག་ལྔ་ལ༼ཁ་བ་ཅན་གྱི་མེ་ཏོག༽ཅེས་པའི་མཚན་སྙན་དང་རྟགས་མཚན་སྩོལ་བ་དང་། དེ་མིན་ད་དུང་མཇུག་མཐའི་དགོང་ཚོགས་ཆེན་མོའི་སྟེང་དུ་གདན་འདྲེན་བྱས་ནས་ཆེད་དུ་གསར་རྩོམ་བྱས་པའི་གླུ་གཞས་མཉམ་ལེན་བྱེད་པའི་གོ་སྐབས་བཟང་བོ་འདོན་སྤྲོད་བྱེད་རྒྱུ་ཡིན།
དེ་ལྟར་ཐེངས་འདིའི་འགྲན་སྡུར་ནི་འགྲན་ཞུགས་ཀྱི་གྲངས་ཀ་ལ་ཚོད་འཛིན་མི་བྱེད་པ་དང་། དྲྭ་ལམ་བརྒྱུད་ནས་ཐད་ཀར་ཞུགས་ཆོག་པ། འགྲན་སྡུར་གྱི་རྣམ་གྲངས་གཙོ་བོའི་གཞུང་རྟ་ལ་བརྟེན་ནས་རྣམ་གྲངས་ཆུང་ཆུང་འགའ་རེ་ཟུར་དུ་བཀོད་སྒྲིག་བྱས་ཡོད་པ་སོགས་ཀྱི་ཁྱད་ཆོས་ལྡན།
འགྲན་ཞུགས་སྐབས་སུ་ངེས་པར་དུ་མཉམ་འཇོག་བྱ་དགོས་པའི་དོན་ཚན་འགའ།
དང་པོ། འགྲན་ཞུགས་པ་ཡོད་ཚད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཐོབ་ཐང་ཡོད་པའི་ཁྲིམས་མཐུན་སྤྱི་དམངས་ཡིན་དགོས།
གཉིས་པ། ཐོག་མའི་འགྲན་རིམ་གྱི་གླུ་ཚིག་ཚང་མ་གསར་བ་གསར་རྐྱང་ཡིན་དགོས་པའི་ངེས་པ་མེད་མོད། ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མཐུན་དགོས་ལ། མི་རིགས་མཐུན་སྒྲིལ་ལ་གནོད་པ་དང་། མི་རིགས་ཀྱི་རིག་གནས་དང་། ལུགས་སྲོལ། སྲོལ་རྒྱུན་དང་འགལ་བའི་གླུ་ཚིག་གཏན་ནས་ཡོད་མི་རུང་།
གསུམ་པ། གླུ་ཚིག་གི་རྒྱུ་སྤུས་ངེས་པར་དུ་དམ་འཛིན་བྱེད་དགོས་ཏེ། རང་གི་ཕ་སྐད་མ་ཡིག་གི་སྒྲིག་གཞི་དང་འགལ་བ་དང་། དག་ཆ་མེད་པ། ཡིག་ནོར་མང་བ། ཚིག་མི་སྙན་པ། ཚིག་གི་སྡེབ་སྦྱོར་མི་མཛེས་པ། ཆེད་དུ་ས་ཆ་གཅིག་དང་ས་ཆ་གཅིག་གི་རི་ཆུ་ལུང་གསུམ་སོགས་དམིགས་སུ་བཀར་ནས་འུད་བསྟོད་བྱེད་པ་སོགས་ཡོད་མི་རུང་ལ། ཡོད་ཀྱང་སྐར་མ་སྟེར་བ་ལ་ཤན་ཤུགས་ཐེབས་སྲིད།
བཞི་བ། ཐོག་མའི་འགྲན་རིམ་གྱི་བརྙན་དང་སྒྲ་གསལ་བོ་ཡིན་དགོས་ལ། སྒྲ་ལེན་ཁང་སོགས་ནས་སྒྲིག་བཟོ་དང་ཡག་ལས་སོགས་གང་ཡང་མེད་པར་ཐད་ཀར་ཡུལ་དངོས་ནས་ཐད་ལེན་བྱས་པའི་བརྙན་དང་སྒྲ་ཡིན་དགོས། གྱོན་གོས་དང་རྒྱན་ཆ། བརྙན་རིས་རྒྱབ་ལྗོངས་ཚང་མ་གཙང་མ་འགྲིག་པོ་ཡིན་དགོས།
ལྔ་བ། བརྩམས་ཆོས་སྐུར་བའི་དུས་ཡུན། སྤྱི་ཟླ5པའི་ཚེས25ཉིན་ནས་སྤྱི་ཟླ6པའི་ཚེས25ཉིན་བར་ཡིན།
མིང་ཐོ་འགོད་སྟངས་དང་འགྲན་སྡུར་ལ་ཞུགས་སྟངས་སྐོར་གྱི་སྒྲིག་ལམ་དང་རྩ་དོན་གོང་ལྟར་ཡིན་པས་རྣམ་པ་ཚོས་དེ་ལྟར་དོ་སྣང་དང་མཉམ་འཇོག་བརྩི་སྲུང་བྱེད་དགོས་ལ། དེ་མིན་གྱི་འབྲེལ་ཡོད་གནས་ཚུལ་མཐའ་དག་ཐད་ཀར་ལས་བྱེད་མི་སྣར་འབྲེལ་གཏུག་བྱས་ཀྱང་ཆོག བརྩམས་ཆོས་མཐའ་དག་གཤམ་གྱི་ས་གནས་ལ་སྐུར་དགོས།
འབྲེལ་གཏུག་བྱེད་ཡུལ།
རྡོ་གྲགས། ཁ་པར་ཨང་གྲངས། 15309787253
དཔའ་བརྟན་རྒྱལ། ཁ་པར་ཨང་གྲངས། 15110946888
སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས། 18797366383
བརྩམས་ཆོས་སྐུར་གནས།
སྐད་འཕྲིན། 610117993
སྐད་འཕྲིན། 15110946888
ཡིག་སྒམ། 821761994@qq.com
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་ནས།
སྤྱི་ལོ༢༠༢༤ལོའི་ཟླ༥པའི་ཚེས༢༤ཉིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
-
མདོ་དབུས་མཐོ་སྒང་ནས་ལོ་ངོ་དུང་ཕྱུར2.2ཟིན་པའི་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།