ཕུ་མ་གཡུ་མཚོའི་དར་ཐོག་གི་ལུག་ཁྱུའི་ཕྲེང་རྒྱུད་འདི་ལྟད་མོ་ཆེ།
							རྩོམ་པ་པོ།:
							ཡོང་ཁུངས།:མི་དམངས་དྲ་བ།
							དུས་ཚོད།:2025-02-13 09:56:49
							ཀློག་གྲངས།:
							
							
						
						       ཉི་ཟེར་གྱི་ཐོག་མ་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི༥༠༠༠ལྷག་ཙམ་ཡོད་པའི་ཕུ་མ་གཡུ་མཚོའི་ཕྱོགས་སུ་འཕྲོ་དུས། དར་འཁྱགས་ཀྱིས་བསྡམས་པའི་མཚེའུ་ནི་རྡོ་རྗེ་ཕ་ལམ་སྔོན་པོ་ཞིག་ལྟར་འོད་ཟེར་ཆེམ་ཆེམ་དུ་སྣང་། ནམ་མཁའ་དང་ཐག་ཆེས་ཉེ་བའི་ས་ཆ་འདིར། ལོ་ངོ་སྟོང་ཕྲག་རིང་རྒྱུན་འཁྱོངས་བྱས་པའི་ཚེ་སྲོག་གི་བསྟོད་བསྔགས་ཤིག་སྟེ། དར་ཐོག་ཏུ་ལུག་འདེད་པ་དེ་རིམ་བཞིན་མགོ་ཚུགས་ཡོད།

       ཕུ་མ་གཡུ་མཚོའི་དར་ཐོག་ཏུ་ལུག་འདེད་པ་ནི་ས་གནས་དེ་གའི་འབྲོག་པ་རྣམས་ཀྱིས་མི་རབས་ནས་མི་རབས་བར་བརྒྱུད་ནས་ཡོང་བའི་བློ་གྲོས་ཤིག་རེད། ལོ་རེའི་དགུན་དུས་སུ། ཐུ་བ་གྲོང་ཚོར་ས་བབ་མཐོ་བ་དང་དབྱར་དུས་ཐུང་རྐྱེན། རྩྭ་སས་ལུག་ཁྱུ་ལ་དགུན་དུས་ཀྱི་གཟན་ཆག་འདང་ངེས་མཁོ་འདོན་བྱེད་ཐུབ་ཀྱི་མེད། དེར་བརྟེན། ལོ་རེའི་གྲང་ངར་ཆེས་ཆེ་བའི་དུས་སུ་ཐུ་བ་གྲོང་ཚོའི་འབྲོག་པ་ཚོས་ལུག་ཁྱུ་ཕུ་མ་གཡུ་མཚོའི་རྩྭ་ཆུ་འཛོམས་པོ་ཡོད་སའི་མཚོ་སྙིང་གླིང་ཕྲན་དུ་དེད་དེ། གླིང་ཕྲན་ཐོག་གི་རྩྭ་རིགས་ལ་བརྟེན་ནས་གྲང་ངར་ལྡན་པའི་དགུན་དུས་ཕར་སྐྱེལ་གྱིན་ཡོད།

       ཐུ་བ་གྲོང་ཚོའི་འབྲོག་པའི་ངོས་ནས་བརྗོད་ན། དར་ཐོག་ཏུ་ལུག་འདེད་པ་ནི་སྤྱིར་བཏང་གི་གནས་སྤོས་ཤིག་མིན། ཁོང་ཚོས་གངས་དང་འཁྱགས་པའི་ཉམས་སད་བརྒྱུད་རྗེས། ལུག་ཁྱུ་གཞི་ནས་སྔར་བས་སྟོབས་ལྡན་དུ་འགྱུར་བ་དང་། ཕྱི་ལོར་གཞི་ནས་འཕེལ་ཁ་དར་བར་ཡིད་ཆེས་བྱེད་ཀྱི་ཡོད།

       ཆུ་ཚོད་ཁ་ཤས་ལ་བསྐྱོད་རྗེས། ལུག་ཁྱུ་གཞི་ནས་བདེ་འཇགས་ངང་མཚོ་སྙིང་གླིང་ཕྲན་དུ་སླེབས་ཡོད།

						འབྲེལ་ཡོད་འོས་སྦྱོར།
						
				
				- 
							暂无相关信息roking						
 
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
							ཚ་ཤོས།
							བརྗེ་སྒྱུར།
						
						
					
							བརྙན་རིས།
						
						- 
									
										
										བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
 - 
									
										
										ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
 - 
									
										
										ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
 - 
									
										
										བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
 
							འོས་སྦྱོར།
							བརྗེ་སྒྱུར།
						
						
					
							པར་རིས་ལོངས་སྤྱོད།
						
						
					







                                        
                                        
                                        
                                        
                                        
										
青公网安备63252102000006号