མཚོ་སྔོན་ཐུན་ཏེའི་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་གདན་ཞུའི་སྐོར་བྲོ་འགྲན་བསྡུར་སྐབས་དང་པོ་མགོ་རྩོམ་ལ་ཉེ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2025-07-25 06:51:52 ཀློག་གྲངས།:
       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ནས་ཞིང་སྡེ་དང་ལུས་རྩལ། རིག་གནས་ཡུལ་སྐོར། ཚོང་ལས་བཅས་གཏིང་ཟབ་ཏུ་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་ཆེད། སྲིད་གཞུང་གིས་ཁྲིད་སྟོན་དང་། རིག་གནས་ཡུལ་སྐོར་གྱི་སྟེགས་བུ་བསྐྲུན་པ། དཔལ་འབྱོར་ཡོང་སྒོ་འཕར་སྣོན་བཅས་ཀྱི་འཕེལ་རྒྱས་རྣམ་པ་གསར་པ་ཞིག་བཏོད་ནས། ཐུན་ཏེ་རྫོང་གིས་མི་འགྱངས་པར་རིག་གནས་དང་ལུས་རྩལ་གྱི་དགའ་སྟོན་ཆེན་པོ་སྟེ། མཚོ་སྔོན་ཐུན་ཏེའི་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་གདན་ཞུའི་སྐོར་བྲོ་འགྲན་བསྡུར་སྐབས་དང་པོ་མགོ་རྩོམ་ལ་ཉེ། ཐེངས་འདིའི་བྱེད་སྒོ་དེ་ཟླ7པའི་ཚེས28ཉིན་ནས་ཚེས29ཉིན་བར་འབའ་ཡུལ་རྩྭ་ཐང་དུ་གཟབ་རྒྱས་ངང་སྤེལ་རྒྱུ་རེད།
       མིག་སྔར་ཐུན་ཏེ་རྫོང་གི་ཤང་གྲོང5ཡིས་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱས་ནས་བྱེད་སྒོ་ཁག་གི་གྲ་སྒྲིག་ལས་དོན་ཚགས་སུ་ཆུད་ཡོད་པ་དང་བོད་འབྲེལ་ས་ཁུལ་གྱི་འགྲན་ཞུགས་རུ་ཁག་ཁག་ལས་ཐོན་པའི་ལྟད་མོ་ཆེ་བའི་སྐོར་བྲོའི་འགྲན་བསྡུར་དང་ཐུན་ཏེ་རྫོང་གི་ཤང་གྲོང་ཁག་གིས་གྲ་སྒྲིག་བྱས་པའི་སྣ་མང་ཕུན་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་གྲ་སྒྲིག་བྱེད་སྒང་ཡིན། དམངས་གླུ་འགྲན་བསྡུར་བརྒྱུད་ནས་ཐུན་ཏེའི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་ཀྱི་རོལ་མོའི་ཡིད་དབང་འཕྲོག་ཤུགས་ཕྱིར་མངོན་པར་བྱ་རྒྱུ་དང་། སྒྲ་སྙན་དཀྲོལ་ལེན། དེང་རབས་གླུ་གཞས་སོགས་སྙན་འགྱུར་ངག་གི་མཆོད་པ་འབུལ་རྒྱུ་ཡིན་པ་མ་ཟད། ཨ་རྩེད་དང་དེང་རབས་ཞབས་བྲོ་སོགས་གར་གྱི་སྟངས་སྟབས་དང་ཉམས་འགྱུར་གྱིས་ཕྱུག་པའི་མི་རིགས་རིག་གནས་ཕུན་སུམ་ཚོགས་པ་ཞིག་ལྟད་མོ་ངོམ་རྒྱུ་རེད།
       དུས་མཚུངས་སུ་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་གྱི་ཐོག་མའི་གྲ་སྒྲིག་བྱ་བ་ཚགས་སུ་ཆུད་ཡོད་ལ། རྟ་རྒྱུག་འགྲན་རའི་སྟེང་། འགྲན་ཞུགས་རྟ་མཆོག་རྣམས་ཀྱིས་སྦྱོང་བརྡར་གྱི་རྒྱུག་རྩལ་བྱས་ཏེ་བྱ་འཕུར་བ་ལྟར་རྒྱུག་ནས་རྟ་རྒྱུག་ཉིན་མོར་གྲུབ་འབྲས་ཡིད་ཚིམ་པ་ཞིག་ལེན་པར་སྔོན་བསུ་བྱེད་བཞིན་འདུག གཞན་ཡང་མི་རིགས་ཀྱི་སྲོལ་རྒྱུན་འཇུ་རེས་སོགས་རྣམ་གྲངས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་སྒོས་ཕྱིར་མངོན་ཐུབ་པ་མ་ཟད། སྟོབས་ཤུགས་ཀྱི་འགྲན་རྩལ་འདི་དག་བརྒྱུད་ནས་མི་རིགས་རིག་གནས་རྒྱུན་འཛིན་དང་ལྟད་མོ་བའི་ཡིད་དབང་ཅིག་ཅར་འཕྲོག་ཐུབ་པས་ལྟད་མོ་བས་ཧ་ཅང་རེ་སྒུག་བྱེད་བཞིན་འདུག
       ཐེངས་འདིའི་གདན་ཞུའི་འགྲན་བསྡུར་ཁྲོད་ཀྱི་ཆེས་འོད་དུ་འཚེར་བ་ནི་གནས་མཆོག་རྫོང་རུའི་ཤུལ་རྟེན། ལྡེམ་མྱུར་སྐོར་བྲོའི་མགོ་ཁུངས་ཞེས་པ་བརྗོད་དོན་ཡིན་པའི་བོད་འབྲེལ་ས་ཁུལ་གྱི་སི་ཁྲོན་དང་། བོད་ལྗོངས། ཀན་སུའུ། ཡུན་ནན། མཚོ་སྔོན་སོགས་ཀྱི་འགྲན་ཞུགས་རུ་ཁག30སྐོར་བྲོའི་འཐུས་ཚབ་རུ་ཁག་གདན་ཞུས་བྱས་ཡོད་ལ། འགྲན་བསྡུར་ཁྲོད། འགྲན་ཞུགས་འཐུས་ཚབ་རུ་ཁག་སོ་སོས་བོད་ཀྱི་སྐོར་བྲོའི་ཉམས་འགྱུར་གཙོ་བོར་བཟུང་ནས། རང་གིས་གསར་རྩོམ་བྱེད་པའམ་ཡང་ན་གདམས་སྒྲིག་བྱས་པའི་ངོ་མཚར་བའི་སྐོར་བྲོ་འཁྲབ་སྟོན་བྱེད་རྒྱུ་རེད། བྱེད་སྒོའི་ནང་སྐོར་བྲོའི་དབྱངས་དང་བྲོ་ཡི་ཉམས་ལ་གཞིག་ནས་བྱ་དགའ་གྱ་ནོམ་པ་སྟེར་རྒྱུ་ཡིན་ཏེ། ཨང་དང་པོ་ཐོབ་མཁན་གཅིག་བདམས་ནས་བྱ་དགའི་སྒོར་མོ་ཁྲི་གསུམ་སྟེར་རྒྱུ་དང་། ཨང་གཉིས་པ་གཉིས་བདམས་ནས་བྱ་དགའི་སྒོར་མོ་ཁྲི་གཉིས་རེ་སྟེར་རྒྱུ། དེ་བཞིན་ཨང་གསུམ་པ་གསུམ་དང་ཕུལ་བྱུང་རྩ་འཛུགས་རུ་ཁག་བཞི་བདམས་ནས་ཚང་མར་བྱ་བའི་དངུལ་དང་གཟེངས་རྟགས་སྟེར་རྒྱུ་རེད།
       ཉེ་བའི་ལོ་འགའི་རིང་ལ། ཐུན་ཏེ་རྫོང་གིས་རྫོང་རུའི་རིག་གནས་དང་། གཙང་ཁའི་མཚལ་ལྗོངས། འབའ་ཡུལ་རྩ་ཐང་། རྨ་ཆུའི་གྲོག་རོང་སོགས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། རིག་གནས་ལུས་རྩལ་བྱེད་སྒོའི་སྤུས་རྟགས་རབ་དང་རིམ་པ་བཟོས་ཡོད་ལ། ཐེངས་འདིའི་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་གདན་ཞུའི་སྐོར་བྲོ་འགྲན་བསྡུར་སྐབས་དང་པོ་སྤེལ་བ་བརྒྱུད་མི་རིགས་ཀྱི་རིག་གནས་དང་རྫོང་རུ་རིག་གནས་སྔར་བས་དར་སྤེལ་དུ་གཏོང་རྒྱུ་དང་། མི་སྔར་ལས་མང་པོ་ཞིག་གིས་རྫོང་རུ་རིག་གནས་ལ་དོ་ཁུར་དང་ལྗོངས་རྒྱུ། མཉམ་འཇོག་བྱེད་པར་སྐུལ་འདེད་བཏང་སྟེ། ཐུན་ཏེ་རྫོང་གི་རིག་གནས་ཡུལ་སྐོར་ལས་རིགས་ལ་གསོན་ཤུགས་གསར་བ་ཞིག་སྩོལ་བར་འབད་པ་བྱ་རྒྱུ་ཡིན་པ་མ་ཟད། ང་ཚོས་ཐུན་མོང་གིས་རྩྭ་ཐང་གི་དགྱེས་འཛོམས་ཆེན་མོ་འདི་ལ་རེ་སྒུག་བྱས་ནས་བོད་འབྲེལ་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཉིང་བཅུད་ལ་རོལ་མྱོང་བྱ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།