གནའ་ཉམས་ཀྱི་ཕྱུག་པའི་ལྷ་མོ། གངས་ལྗོངས་རིག་གནས་ཀྱི་ཉམས་འགྱུར།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2025-08-28 08:31:54 ཀློག་གྲངས།:
       བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བའི་དགའ་སྤྲོའི་རྣམ་པའི་སྟེང་ལ་ལོ་རེར་ཐེངས་རེར་རོལ་བཞིན་པའི་ཞོ་སྟོན་ཤར་བས་སྤྲོ་སྣང་སྔར་ལས་ལྷག་པར་རྒྱས་ཡོད། འབྲས་སྤུངས་དགོན་དང་སེ་ར་དགོན་དུ་གུས་སྐུ་བཤམས་པ་དང་བསྟུན་ནས་ལོ་ངོ300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཞོ་སྟོན་ཟླ8པའི་ཚེས23ཉིན་འགོ་ཚུགས་ཤིང་། དུས་ཆེན་ནང་ལྷ་མོ་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། རྟ་རྒྱུག་སོགས་ཀྱི་བྱེད་སྒོ་བསྟུད་མར་སྤེལ་བའི་ནང་དུ། སྲོལ་རྒྱུན་གྱི་ལྷ་མོ་ནི་ལྷ་སའི་གྲོང་མི་ཚོས་ལྟ་འདོད་ཉན་སྤྲོ་ལ་དགའ་ཤོས་བྱེད་སའི་བྱེད་སྒོའི་གྲས་ཤིག་རེད།
ཟླ8པའི་ཚེས24ཉིན་ཞོ་སྟོན་རིང་ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ལྷ་མོ་འཁྲབ་བཞིན་པ།
       ཟླ8པའི་ཚེས24ཉིན། ཕོ་བྲང་པོ་ཏ་ལའི་གཤམ་དུ་ཡོད་པའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ཧ་ཅང་འཁྲུག་ཆ་དོད་ཅིང་། ཐང་ཆེན་དུ་སྐྱོད་སྐབས་སྟོད་ལུང་དགའ་སྟོང་ལྷ་མོ་རུ་ཁག་གིས«གཟུགས་ཀྱི་ཉི་མ»འཁྲབ་བཞིན་འདུག གར་སྟེགས་ཐོག་འཁྲབ་སྟོན་པ་ཚོས་ཚོན་སྣ་བཀྲ་བའི་ལྷ་མོ་འཁྲབ་ཆས་གྱོན་ཏེ་བུ་དང་བུ་མོའི་སྐད་སྣོལ་མའི་ཐོག་ནས་སྐད་གསང་མཐོན་པོས་ལྷ་མོའི་འགྱུར་ཁུག་ལེན་བཞིན་ཡོད་པའམ་ཡང་ན་མཐོ་དམའ་མི་འདྲ་བའི་སྟངས་སྟབས་སྣ་ཚོགས་ཀྱིས་ལྷ་མོ་འཁྲབ་བཞིན་ལྟད་མོ་བ་ཚོ་གཟུགས་ཀྱི་ཉི་མའི་ངོ་མཚར་གཏམ་རྒྱུད་ཁྲོད་ཁྲིད་བཞིན་ཡོད།
ཟླ8པའི་ཚེས24ཉིན་ཞོ་སྟོན་རིང་ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ལྷ་མོ་འཁྲབ་བཞིན་པ།
       དེར་མ་ཟད། ནོར་བུ་གླིང་ཁར་ཡང་མི་ཚོགས་ཀྱིས་ཁེངས་ཡོད་ལ། འདི་གར་ལྷ་མོའི་དགའ་མོས་པ་ཚོས་སྔ་ས་ནས་གར་སྟེགས་ཀྱི་མདུན་དུ་རྐུབ་སྟེགས་བཞག་ཡོད་པ་མ་ཟད། ཐ་ན་ཚགས་ཤ་དང་ཇ་མངར་མོ་ཁྱེར་ནས་སོས་དལ་དང་སྤྲོ་སྣང་ལྡན་པའི་གུང་གསེང་ལ་རོལ་རྩིས་བྱེད་ཀྱི་ཡོད། ཞོལ་དམངས་ཁྲོད་ལྷ་མོ་རུ་ཁག་གིས་འཁྲབ་སྟོན་བྱས་པའི«སྣང་ས་འོད་འབུམ»ཁྲོད་མི་སྣའི་དབར་གྱི་འགལ་བ་རྙོག་འཛིང་ཆེ་ལ་མི་སྣའི་གཟུགས་བརྙན་གསོན་ཉམས་དོད་པོ་ཞིག་ཡོད་པས་གང་སར་ལྟད་མོ་བའི་དགའ་བསུ་དང་དགོད་སྒྲས་ཁེངས་ཡོད།
ཟླ8པའི་ཚེས24ཉིན་ཞོ་སྟོན་རིང་ལྷ་སའི་ནོར་བུ་གླིང་ཁར་ལྷ་མོ་འཁྲབ་བཞིན་པ།
ཟླ8པའི་ཚེས24ཉིན་ཞོ་སྟོན་རིང་ལྷ་སའི་ནོར་བུ་གླིང་ཁར་ལྷ་མོ་འཁྲབ་བཞིན་པ།
ཟླ8པའི་ཚེས24ཉིན་ཞོ་སྟོན་རིང་ལྷ་སའི་ནོར་བུ་གླིང་ཁར་ལྷ་མོ་འཁྲབ་བཞིན་པ།
       རྒྱུས་ལོན་བྱུང་བར་གཞིགས་ན། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ལྷ་སའི་ཕུལ་བྱུང་ལྷ་མོ་འཁྲབ་སྟོན་བྱེད་སྒོ་ཟླ8པའི་ཚེས23ནས27ཉིན་བར་རྒྱུན་མཐུད་རྒྱུ་ཡིན་པ་དང་། ནོར་བུ་གླིང་ཁར་འཁྲབ་སྟོན་བྱེད་པའི་དུས་ཚོད་ནི་ཚེས23ནས25ཉིན་བར་རེད། གོང་གསལ་གྱི་འཁྲབ་ཚན་ཕུད། ད་དུང«པད་མ་འོད་འབར»དང«འགྲོ་བ་བཟང་མོ»སོགས་ཀྱང་འཁྲབ་སྟོན་བྱ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།