མཚོ་ལྷོ་ཁུལ་གྱིས་རིག་ལྡན་ལོ་རྒྱུས་ཡིག་ཚགས་ཁང་ཐོག་མ་སྤྱོད་མགོ་བརྩམས་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2025-09-12 09:22:35 ཀློག་གྲངས།:
མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་རིག་ལྡན་གྲངས་ཀའི་ལོ་རྒྱུས་ཡིག་ཆ་ཉར་ཚགས་ཁང་ཐོག་མ་བཙུགས་ནས་ཚོད་ལྟའི་བཀོལ་སྤྱོད་བྱེད་མགོ་བརྩམས།
 
       ཟླ9པའི་ཚེས9ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་ལྡན་གྲངས་ཀའི་ལོ་རྒྱུས་ཡིག་ཆ་ཉར་ཚགས་ཁངམཚོ་ལྷོའི་ས་གནས་ལོ་རྒྱུས་ཡིག་ཚགས་ལྟེ་གནསདེ་ཁུལ་དཔེ་མཛོད་ཁང་དུ་སྒོ་འབྱེད་བྱས་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་རིག་ལྡན་གྲངས་ཀའི་ལོ་རྒྱུས་ཡིག་ཆ་ཉར་ཚགས་ཁང་ཐོག་མ་ཡིན་པ་མ་ཟད། ད་ལྟ་དངོས་སུ་ཚོད་ལྟའི་དུས་རིམ་ལ་སླེབས་ཡོད།
       མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་ལྡན་གྲངས་ཀའི་ལོ་རྒྱུས་ཡིག་ཆ་ཉར་ཚགས་ཁངམཚོ་ལྷོའི་ས་གནས་ལོ་རྒྱུས་ཡིག་ཚགས་ལྟེ་གནསཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ190ཡོད་པ་དང་། ཤོག་བུའི་ཡིག་ཚགས་ཁང་ནས་དྲ་རྒྱའི་ཡིག་ཚགས་ཁང་བར་མཉམ་འདྲེས་ཡོང་བའི་མཚོ་ལྷོ་ཁུལ་གྱི་ས་གནས་ལོ་རྒྱུས་ཡིག་ཚགས་སྟེགས་བུ་བསྐྲུན་པ་དེ་ནི་མཚོ་ལྷོ་ཁུལ་གྱི་ལོ་རྒྱུས་དེབ་ཐེར་ཀྱི་གྲངས་ཀའི་རིག་གནས་བརྒྱུད་སྒྲོག་དང་ས་གནས་ལོ་རྒྱུས་ཐོན་ཁུངས་སྔོག་འདོན། དེ་མིན་ཁུལ་གྱི་ལོ་རྒྱུས་སློབ་གསོ་སོགས་ས་གནས་ཤིག་གི་རིག་གནས་ཀྱི་བང་མཛོད་དུ་གྱུར་ཡོད།
       མིག་སྔར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་ལྡན་གྲངས་ཀའི་ལོ་རྒྱུས་ཡིག་ཆ་ཉར་ཚགས་ཁང་དུ་ཏང་གི་ལོ་རྒྱུས་དང་ས་གནས་ལོ་རྒྱུས་ཀྱི་དུས་དེབ། ལོ་རྒྱུས་མེ་ལོང་། ས་གནས་ལོ་རྒྱུས་སོགས་ཀྱི་དཔེ་དེབ་རིགས་མི་འདྲ་བ5000ལྷག་ཉར་ཡོད་ལ། དྲ་རྒྱའི་མ་ལག་ཏུ་ཡི་གེ་ཁྲི8043.2དང་ཤེས་བྱའི་དཀར་ཆག་ཁྲི33.19། པར་རིས་རྩ་ཆེན་ཁྲི1.88བཅས་ནང་འཇུག་བྱས་ཡོད། ཁུལ་དང་རྫོང་ལྔས་པར་སྐྲུན་འགྲེམ་སྤེལ་བྱས་ཟིན་པའི་ཁུལ་དང་རྫོང་གི་ལོ་རྒྱུས་དང་ལོ་རྒྱུས་མེ་ལོང་སོགས་ཁྱོན་བསྡོམས་ཁག74དྲ་རྒྱའི་མ་ལག་ཏུ་ནང་འཇུག་བྱས་ཡོད་པས། དཔེ་དེབ་ཡོད་ཚད་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་ལྡན་གྲངས་ཀའི་ལོ་རྒྱུས་ཡིག་ཆ་ཉར་ཚགས་ཁང་གི་དྲ་ངོས་སུ་ཀློག་འདོན་བྱེད་པར་སྟབས་བདེ་བསྐྲུན་ཡོད།
       མཚོ་ལྷོ་ཁུལ་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ལིག་ཝུན་ཁའེ་ཡིས་བཤད་རྒྱུར། ཅང་སུའུ་ཡི་རིག་ལྡན་གྲངས་ཀའི་ལོ་རྒྱུས་ཁང་གི་སྤུས་ལེགས་ཐོན་ཁུངས་ལ་བརྟེན་ནས། ལོ་རྒྱུས་དེབ་ཐེར་རིག་གནས་དེ་སྒོ་གཏན་རྣམ་པ་ནས་སྒོ་འབྱེད་རིག་ནུས་སྟེགས་བུར་རིམ་བསྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་ཀྱིས་ཁུལ་གྱི་ལོ་རྒྱུས་ཀློག་པ་དང་བཀོལ་སྤྱོད་བྱེད་པར་བརྟེན་ནས་སློབ་གསོ་མྱོང་བར་གྲངས་འཛིན་ཅན་གྱི་སྟེགས་བུ་གསར་བ་ཞིག་བསྐྲུན་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།