མི་ཉག་བང་སོའི་ཤུལ་བཞག་རེ་ཞུ་བྱས་རྗེས་འགྲེམ་སྟོན་ཐོག་མ་བྱས།
རྩོམ་པ་པོ།:
ཡོང་ཁུངས།:ཁམས་པའི་བརྙན་འཕྲིན།
དུས་ཚོད།:2025-10-04 22:13:41
ཀློག་གྲངས།:
མི་ཉག་བང་སོའི་རིག་གནས་ཤུལ་བཞག་རེ་ཞུ་ལེགས་འགྲུབ་བྱུང་རྗེས་རྒྱལ་སའི་དངོས་མང་བཤམས་སྟོན་ཁང་དུ་འགྲེམ་སྟོན་ཐོག་མ་བྱས།

མི་ཉག་བང་སོའི་ཤུལ་བཞག་རེ་ཞུ་ལེགས་གྲུབ་བྱུང་རྗེས་ཀྱི་མི་ཉག་རིག་གནས་ཆེད་དོན་འགྲེམས་སྟོན་ཐོག་མ་ཡིན་པའི་ཆ་ནས། ཧོ་ལན་རི་འདབས་ཀྱི་ཁམ་བུའི་མེ་ཏོག་གི་རྡོ་ཞེས་པ་སྟེ་མི་ཉག་རིག་དངོས་སྤུས་ལེགས་འགྲེམས་སྟོན་ཐོག་རིག་དངོས་བརྒྱ་དང་བཅུ་མེད་གསུམ་ཉེ་ཆར་པེ་ཅིན་གྱི་རྒྱལ་སའི་དངོས་མང་བཤམས་སྟོན་ཁང་དུ་འགྲེམས་སྟོན་བྱས་པ་དང་། འགྲེམས་སྟོན་བྱས་པའི་འགྲེམས་དངོས་མང་ཆེ་བ་མི་ཉག་བང་སོའི་སྐོར་གྱི་རིག་དངོས་རེད།

འགྲེམ་སྟོན་དེ་ཀྲུང་གོའི་གཅིག་གྱུར་སྒྲིག་གཞི་མཉམ་དུ་བསྐྲུན་ཞེས་པ་དང་ཀྲུང་གོའི་དར་རྒྱས་མཉམ་དུ་རོལ་ཞེས་པ། ཀྲུང་གོའི་མཛེས་སྡུག་མཉམ་དུ་གཏོད་ཅེས་པ། ཀྲུང་གོའི་བང་སོ་ལམ་ལུགས་མཉམ་དུ་བརྩི་སྲུང་བྱེད་ཅེས་པ་སོགས་ཚན་པ་བཞིར་དབྱེ་ཡོད་པ་རེད། འགྲེམ་སྟོན་བྱས་པའི་རིག་དངོས་ཁྲོད་རིམ་པ་དང་པོའི་རིག་དངོས་སུམ་ཅུ་ལྷག་ཙམ་ཡོད་པ་དང་། དེའི་ནང་དཀར་ཡོལ་དང་གསེར་དངུལ་ཡོ་བྱད། རྡོ་རིང་བརྐོས་མ། འཇིམ་སྐུ། བཟོ་བཀོད་ཞིག་རོ་སོགས་རིགས་སྣ་ཚོགས་ཚུད་ཡོད་པ་དང་། མི་ཉག་རྒྱལ་རབས་སྐབས་ཀྱི་ཆབ་སྲིད་ལམ་ལུགས་དང་། འཚོ་བ་སྐྱེལ་སྟངས། ཆོས་ལུགས་དད་པ། སྒྱུ་རྩལ་རྣམ་པ་སོགས་མངོན་པས། མི་ཉག་གིས་ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་གཞི་གཅིག་གི་སྒྲིག་གཞི་དང་། གཅིག་གྱུར་དང་མི་རིགས་མང་བའི་རྒྱལ་ཁབ་ཆགས་པ་དང་འཕེལ་རྒྱས་ཁྲོད་བྱས་རྗེས་གལ་ཆེན་བཞག་པར་བདེན་དཔང་བྱས།

འགྲེམ་སྟོན་ནི་རྒྱལ་སའི་དངོས་མང་བཤམས་སྟོན་ཁང་དང་། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དངོས་མང་བཤམས་སྟོན་ཁང་། དབྱིན་ཁྲོན་མི་ཉག་བང་སོ་ཁུལ་དོ་དམ་ཁྲུའུ་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། འགྲེམ་སྟོན་དེ༢༠༢༥ལོའི་ཟླ༡༢ཚེས༡༤ཉིན་གྱི་བར་དུ་གཉེར་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།