ནང་བསྟན་ཆོས་ལུགས་ཀྱི་རིན་ཐང་གླེང་བ།
རྩོམ་པ་པོ།:མཁན་པོ་བསོད་ནམས་དར་རྒྱས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-02-18 09:52:00
ཀློག་གྲངས།:
གཉིས་པ། ནང་ཆོས་ཀྱི་རིན་ཐང་སྐོར།
1 བློ་གཟུ་བོར་གནས་བའི་སྒོ་ནས་བདེན་དོན་འཚོལ་བ། རྣམ་པ་ཚོས་ནང་ཆོས་ཀྱི་རིན་ཐང་དེ་གོ་དགོས་ན། དེ་ལས་སླ་བ་ཞིག་གི་ཐོག་ནས་གོ་ཐུབ་རྒྱུ་མ་རེད། ང་ཚོས་རང་དགར་གྱི་བྱ་བ་དང་དངོས་པོ་གང་དང་གང་གི་རིན་ཐང་སོགས་གོ་དགོས་ན་དེ་ཧ་ཅང་དཀའ་མོ་ཡིན། དེ་བས་ནང་ཆོས་ཀྱི་རིན་ཐང་འདི་ཤེས་འདོད་ན། ཐོག་མར་དྲང་བདེན་ལ་ཁོང་བཅོལ་དགོས། དེ་ཡང་ང་ཚོ་ནི་ནང་བ་སངས་རྒྱས་པའི་ཆོས་ལུགས་པ་ཡིན་པས་འདི་དག་ནི་དངོས་གཙོ་སྨྲ་བ་དང་གྲུབ་མཐའ་གཞན་པ་བ་ཡིན་ཞེས་སོགས་མི་ཟེར་བར། དྲང་བདེན་གྱི་ལམ་ནས་དཔྱད་པ་བཏང་སྟེ་གནས་ལུགས་འཚོལ་བ་ཞིག་བྱེད་དགོས། དེ་ནི་ནང་ཆོས་ཀྱི་འགག་རྩ་ཡིན་ལ་དེའི་ཁ་ཕྱོགས་བཟུང་བའང་ཡིན་ཏེ། ལྷ་ལས་ཕུལ་བྱུང་ལས། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང་། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་བདག་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཕྱོགས་འཛིན་པ་དང་། ཕྱི་རོལ་མུ་སྟེགས་པ་སེར་སྐྱ་ལ་སོགས་པར་སྡང་སེམས་ཀྱི་སྒོ་ནས་དེ་ལ་དགག་པ་ཡང་མི་གཏོང་སྟེ། གང་སུ་ཞིག་གི་གྲུབ་མཐར་གནས་ལུགས་ཡང་དག་པ་ལྡན་ན། དེ་བདག་གི་སྟོན་པ་ཉིད་དུ་འཛིན་པར་གསུངས་ན། ང་ཚོ་ཡང་དེ་བཞིན་ཡིན་ཏེ། རྒྱ་དང་བོད། ཨ་མེ་རི་ཀ་དང་འཇར་པན། འཇར་མན་སོགས་ས་ཆ་གང་དང་གང་གི་མི་སུ་དང་སུ་ཡིན་རུང་། ཚན་རིག་པ་དང་དངོས་གཙོ་པ་སོགས་སུའི་གསུང་ལ་གནས་ལུགས་དང་ལྡན་ན། དེ་སྟོན་པ་དང་དགེ་རྒན་དུ་ཡང་འཛིན་ཞིང་། དེའི་གསུང་ལ་ཡང་ཉན་པར་བྱ། གལ་ཏེ་གནས་ལུགས་དང་མི་ལྡན་པ་ཞིག་ཡིན་ན། དེ་ལ་ང་ཚོས་ཡང་དག་པ་ཞིག་རེད་ཅེས་ཟེར་ནས་བཀུར་བར་མི་བྱ་བ་དེ་ལ་བདེན་འཚོལ་ཟེར་བ་ཡིན། བདེན་འཚོལ་ནི་ང་ཚོ་ནང་བ་སངས་རྒྱས་པའི་ཁྱད་ཆོས་གཙོ་བོ་ཡིན་པས་དེས་སྒོ་ནས་དཔྱད་པ་གཏོང་དགོས། དེའང་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ལ་ཡང་དཔྱད་ཆོག་རྗེས་འཇུག་གི་མགོན་པོ་ཀླུ་སྒྲུབ་དང་དཔལ་ལྡན་ཟླ་བ་གྲགས་པ་ལ་སོགས་པའི་གསུང་ལ་ཡང་དཔྱད་པ་བྱེད་ཆོག དཔྱད་པ་བྱེད་རྒྱུ་དེ་ནི་བཅོམ་ལྡན་འདས་ཀྱི་མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་རབ་བྱུང་བ་དང་མཁས་པ་སུ་ཡིན་ནའང་ཐོག་མར་བརྟག་དཔྱད་ཀྱིས་ཞིབ་ཐར་བཅད་དེ་གཟོད་ཉམས་སུ་བླངས་བར་གསུངས། དེ་བཞིན་འཇམ་མགོན་ས་པཎ་གྱིས་ཀྱང་། མཁས་པ་རྩད་ཅིང་མ་དྲིས་པ། །དེ་ཡི་བར་དུ་གཏིང་མི་དཔོག །ཞེས་གཞུང་སོ་སོར་རིམ་པ་བཞིན་དུ་བརྟག་དཔྱད་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བས། སློབ་མ་རྣམས་ལ་དུས་ཡུན་ཐུང་ཐུང་གི་རིང་ལ་དེ་ལྟར་བྱེད་རྒྱུའི་གོ་སྐབས་ཡོད་མེད་མི་ཤེས་ཀྱང་དགེ་རྒན་ཚོས་ངེས་པར་དུ་བརྟག་དཔྱད་བྱེད་དགོས་རྒྱུ་རེད་མ་གཏོགས། སློབ་མ་མང་པོ་ཞིག་གི་མ་འོངས་པའི་མདུན་ལམ་ནི་ཁོང་ཚོ་ལ་རག་ལས་ཡོད། དེ་ལྟ་ནའང་དེང་སང་དགེ་རྒན་དང་སློབ་མ་ཕལ་ཆེ་བ་ཞིག་གི་བློ་རྩེ་ཕྱི་དངོས་པོའི་དཔལ་འབྱོར་གྱི་ཐོག་ལ་གཏད་ཡོད་དེ། དེང་སྐབས་ཀྱི་སྤྱི་ཚོགས་འདི་རིག་གནས་ཀྱི་སྤྱི་ཚོགས་མ་ཡིན་ལ། འདི་ཆབ་སྲིད་དང་དཔལ་འབྱོར་གྱི་སྤྱི་ཚོགས་ཤིག་ཏུ་སོང་ཡོད། ཆབ་སྲིད་ཀྱི་གོ་གནས་ཅུང་མཐོན་པོ་ཅན་ཞིག་ཡིན་ན། མི་དེ་རིག་གནས་མེད་ཅིང་སྐྱོན་ཅན་ཞིག་ཡིན་ཡང་ཚང་མས་དེ་ལ་བརྩི་བཀུར་བྱེད་ངེས། ཡོན་ཏན་གཞན་མེད་ཀྱང་མི་ཕྱུག་པོ་ཞིག་ཡིན་ན་དེ་ལ་ཡང་ཚང་མས་བརྩི་བཀུར་བྱེད་སྲིད། དེ་བཞིན་དུ་སློབ་མ་ཕལ་ཆེ་བའི་མ་འོངས་པའི་ཁ་ཕྱོགས་ཡང་། ངས་མི་དམངས་དང་སེམས་ཅན་སྤྱི་ལ་ཕན་པ་ཐོགས་དགོས་སྙམ་པ་ཆེར་མེད་པར། ང་ལ་མ་འོངས་པར་གོ་གནས་སོགས་ཅི་འདྲ་ཞིག་ཐོབ་འོང་ན་བསམ་པ་ལས་གཞན་ཅི་ཡང་མེད། ཉེ་ཆར་སློབ་གྲྭ་ཞིག་གི་སྡོམ་རྩིས་ལྟར་ན་སློབ་གྲྭ་ཆེ་ཁག་གི་སློབ་མ་ཐམས་ཅད་ནི་རི་བོ་ཆེན་པོ་གསུམ་གྱི་གནོན་ཡོད་པ་སྟེ། ཕོ་མོའི་བར་གྱི་བརྩེ་དུང་གི་རི་བོ་དང་། མི་དང་མིའི་བར་གྱི་འབྲེལ་བའི་རི་བོ། མ་འོངས་པར་རང་གི་གོ་གནས་ལོན་མི་ལོན་དུ་དོགས་པའི་རི་བོ་དང་གསུམ་མོ། །དེ་དག་ལས་སྔ་མ་ནི་བརྒྱ་ཆའི32བར་མ་དེ་བརྒྱ་ཆའི27། མཐའ་མ་དེ་བརྒྱ་ཆའི25སྟེ། དེ་མ་ཡིན་པ་ནི་གནོན་ཤུགས་གཞན་ཡིན་པར་བཤད། ཉེ་སྔོན་ང་རྒྱ་ནག་གི་དགེ་ཐོན་སློབ་གྲྭ་ཞིག་ལ་སོང་བ་ཡིན། རྒྱ་རིགས་ཚོས་དྲི་བ་བཀོད་ན་ཕལ་ཆེ་བ་ཞིག་གིས་ངས་མ་འོངས་བའི་གནས་སྐབས་ན་གོ་གནས་ཅི་འདྲ་ཞིག་ཐོབ་ཅེས་དང་། ངས་ཁང་པ་དང་རླངས་འཁོར་ཡག་པོ་ཉོ་ཐུབ་མིན་སོགས། རྒྱུན་དུ་སེམས་ནང་ན་ཡོད་པའི་དོགས་པ་རྣམས་དྲི་བཞིན་ཡོད། དེས་ན་དངོས་གནས་དེང་སང་གི་སྤྱི་ཚོགས་ནི། དཔལ་འབྱོར་གྱི་སྤྱི་ཚོགས་ཤིག་ཏུ་ཆགས་ཡོད་ཟེར་ཆོག་ཆོག་རེད། ཡིན་ན་ཡང་ཇི་སྐད་དུ། ས་འདི་མ་རབས་ཀྱིས་གང་ཡང་། །རང་ཉིད་ཡ་རབས་སྤྱོད་པ་བྱ། །ཞེས་པ་ལྟར་རང་ཉིད་ཡ་རབས་སམ་ལེགས་པའི་ཕྱོགས་སུ་འགྲོ་ཨེ་ཐུབ་བལྟ་དགོས། དེ་ཡང་གོང་དུ་ངས་བཤད་པ་ལྟར། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ནང་པ་སངས་རྒྱས་པའི་ཆོས་འདི་ལ་བརྟག་དཔྱད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། བརྟག་དཔྱད་བྱེད་ཚུལ་ཡང་གཞུང་གཞན་དང་སངས་རྒྱས་ཀྱི་ཆོས་གཉིས་དཔྱད་བསྡུར་བྱས་ན་གོ་རྒྱུ་ལྷག་པོ་ཡོད་དེ། ཁྱད་པར་འཕགས་བསྟོད་ལས། མུ་སྟེགས་ཅན་གྱི་གཞུང་ལུགས་ལ། །ཇི་ལྟ་ཇི་ལྟར་རྣམ་བསམ་པ། །དེ་ལྟ་དེ་ལྟར་མགོན་ཁྱོད་ལ། །བདག་གི་ཡིད་ནི་ལྷག་པར་དད། །ཅེས་ཕྱི་རོལ་མུ་སྟེགས་པ་ལ་སོགས་པའི་གཞུང་ལ་ཇི་ལྟ་ཇི་ལྟར་དུ་བརྟག་ཅིང་དཔྱད་ན། དེ་ལྟ་དེ་ལྟར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཞུང་དེ་ལ་ཁྱད་ཆོས་ཡོད་པར་གོ་ཐུབ་ཅེས་གསུངས་ཡོད། ང་རང་ཉིད་ལ་མཚོན་ན་སྔོན་སློབ་གྲྭ་ནས་སེམས་ཁམས་རིག་པ་དང་དངོས་ལུགས་ཀྱི་ཚད་རྡུལ་སྐོར་སོགས་ལ་སྦྱང་སྐབས་དོགས་པ་ཡོད་པའི་གནས་རྣམས་ཕྱིས་སུ་ནང་ཆོས་ལ་སློབ་སྦྱོང་བྱས་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཁྱད་ཆོས་དང་ལྡན་པའི་སྒོ་ནས་དེ་དག་གི་རྣམ་བཞག་རྒྱས་པར་གཏན་ལ་ཕབ་པར་བརྟེན་རང་ཉིད་ལ་ཡིད་ཆེས་དང་དད་པ་བླ་ལྷག་ཏུ་སྐྱེས།
2 ཆོས་ཐམས་ཅད་སྟོང་ཉིད་དུ་གཏན་ལ་དབབ་པའི་རིགས་པས་ནང་ཆོས་ཚད་མར་སྒྲུབ་པ། ཡང་སངས་རྒྱས་ཀྱི་ཆོས་འདི་བདེན་དང་མི་བདེན་སོགས་ཟེར་བ་ལ། དེས་དོགས་སེལ་དུ་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་པ་སོགས་བརྒྱུད་རིམ་མང་པོ་ཞིག་ཡོད་ཀྱང་། ངས་བལྟས་ན་དེའི་ནང་ནས་ཀྱང་། གཙོ་བོ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གསུངས་པ་རྒྱུ་མཚན་དུ་བྱས་ཏེ་སངས་རྒྱས་ཀྱི་ཆོས་འདི་ཚད་མར་སྒྲུབ་ཤེས་ན་ཆེས་ལེགས་པ་སྟེ། སློབ་དཔོན་ཨརྱ་དེ་ཝའི་དབུ་མ་བཞི་བརྒྱ་པ་ལས། སངས་རྒྱས་ཀྱིས་གསུང་ལྐོག་གྱུར་ལ། །གང་ཞིག་ཐེ་ཚོམ་སྐྱེ་གྱུར་བ། །དེ་ཡིས་སྟོང་པ་ཉིད་བརྟེན་ཏེ། །འདི་ཉིད་ཁོ་ན་ཡིད་ཆེས་བྱ། །ཞེས་སངས་རྒྱས་ཀྱི་གསུངས་བའི་ལྐོག་གྱུར་གྱི་ཆོས་དཔེར་ན། ཚེ་འདི་ཕྱི་དང་ལས་རྒྱུ་འབྲས། སེམས་ཀྱི་གསང་བ་དང་འཇིག་རྟེན་གྱི་ཆགས་ཚུལ་སོགས་མང་པོ་ཞིག་ཨེ་བདེན་མི་བདེན་བསམ་ན་ཁྱོད་ཀྱིས་ཐོག་མར་སྟོང་པ་ཉིད་ཀྱི་དོན་དེ་ལ་བརྟག་དཔྱད་གྱིས་ཤིག་དང་། འདི་ལྟ་བུའི་ཕྲ་ལ་ཞིབ་པའི་རིག་པ་ལེགས་པོ་ཞིག་སངས་རྒྱས་འཕགས་པ་མ་གཏོགས་གཞན་རང་གར་སོ་སོའི་སྐྱེ་བོ་ཞིག་གིས་ནམ་ཡང་བཤད་མི་ཐུབ་པར་ཤེས་ན། རིམ་གྱིས་ཁྱོད་ལ་ཡང་ཡིད་ཆེས་མི་སྐྱེ་ཐབས་མེད་ཡིན་ཏེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས། ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་བ། །དེ་བཞིན་མཁས་པའི་ཚིག་ནི་ལྐུགས་འགྱུར་བས། །རང་བཞིན་ཉིད་ཀྱིས་ཕྲ་བའི་ཆོས་རྣམས་ཀུན། །སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པར་བཤད། །ཅེས་ཇི་ལྟར་དངོས་པོའི་གནས་ལུགས་ལ་ཇེ་ཉེར་སོང་བ་ན། དེ་ལྟར་མཁས་པ་ཐམས་ཅད་ཀྱིས་ཀྱང་བརྗོད་ཐབས་བྲལ་བར་འགྱུར་ཏེ་ཆོས་ཐམས་ཅད་ཀྱི་གནས་ལུགས་ནི། སྨྲ་བསམ་བརྗོད་པ་ལས་འདས་པས་སོ། །དཔེར་ན་སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པའི་མདོ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་གསུང་པ་ལྟ་བུའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་བསམ་བརྗོད་དང་བྲལ་བའི་དོན་དེ་ཡང་། ང་ཚོའི་དགེ་རྒན་དང་སློབ་མ་སུས་ཉམས་སུ་བླང་ན་ཡང་གོ་ཐུབ་རྒྱུ་རེད། དེང་སང་རྒྱ་ནག་གི་ཤེས་ཡོན་པ་མང་པོ་ཞིག་གིས་དབུ་མའི་དོན་དང་བྱང་ཆུབ་ཀྱི་སེམས་སོགས་སྒོམ་ཐུབ་ཀྱིན་ཡོད། འདིའི་གནས་ལུགས་ཤེས་པ་ལ་སློབ་སྦྱོང་བྱེད་དགོས། སློབ་སྦྱོང་བྱེད་སའི་དཔེ་ཆ་གཙོ་བོ་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ལྟ་བུ་ནི་ཆེས་ལེགས་པ་ཡིན། སྔོན་ཆད་ཨུ་རུ་སུ་ཚན་རིག་སློབ་གླིང་གི་སློབ་དཔོན་ཆེན་པོ་ཆིས་འར་པ་སུ་ཇིས་ཡིས་མགོན་པོ་ཀླུ་སྒྲུབ་ཀྱི་ལྟོས་གྲུབ་དབུ་མའི་ལྟ་བ་དང་ཧེ་ཀེ་ཨར་གྱི་གཙོ་གྲུབ་སྨྲ་བའི་རིག་པ་གཉིས་ཕལ་ཆེར་གཅིག་ཡིན་ཞེས་བཤད་མྱོང་། རྗེས་སུ་ངས་ཧེ་ཀེ་ཨར་གྱིས་ཡག་པོ་གསུངས་ཡོད་ལས་ཆེ་སྙམ་དུ་ཁོང་གི་གཞུང་ལུགས་མང་པོ་བཀླགས་ཀྱང་། དེས་ནི་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་ཕྱོགས་ཙམ་ཡང་རྟོགས་མི་འདུག མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་བ་ནི་དབུ་མ་རྩ་བ་ཤེས་རབ་དེ་ཉིད་དུ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་ཚིག་བཞི་དེ་གཉིས་ཀྱི་དོན་ལྟར་གཞུང་དེའི་ནང་དབུ་མའི་རྟེན་འབྲེལ་ཆེན་པོའི་གཏན་ཚིགས་ཞིབ་རྒྱས་སུ་གསུངས་ཡོད། སྤྱིར་ཆོས་ཐམས་ཅད་སྟོང་ཉིད་དུ་གཏན་ལ་འབེབས་པར་བྱེད་པ་ལ། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ། ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་ཆེན་མོ་སོགས་ཡོད། དེ་ལས་གཅིག་དུ་བྲལ་གྱི་གཏན་ཚིགས་ནི། བོད་གངས་རིའི་ལྗོངས་ལ། བཀའ་དྲིན་འགྲན་ཟླ་དང་བྲལ་བའི་མཁན་ཆེན་ཞི་བ་མཚོའི་དབུ་མ་རྒྱན་ལས། བདག་དང་གཞན་སྨྲས་དངོས་འདི་དག ཡང་དག་དུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་འཁོར་འདས་སྣང་བཏགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་ཏེ། གཅིག་དང་དུ་མ་གང་གི་ཚུལ་དུ་ཡང་མ་གྲུབ་པ། དཔེར་ན་གཟུགས་བརྙན་བཞིན་ཞེས་གཏན་ཚིག་གི་ལམ་ནས་སྟོང་པ་ཉིད་དུ་གཏན་ལ་དབབ་ཡོད། དེ་དག་ཐམས་ཅད་ཀྱི་དོན་ལ་བསམ་བློ་བཏང་ན། ཚན་རིག་པས་ཀྱང་དེ་ཙམ་ཤེས་ཐུབ་མེད་དེ། དེང་སང་ཨེ་དབྱིན་སི་ཐན་དང་ཉོས་ཏུན་ལ་སོགས་ཀྱིས་ཚད་རྡུལ་རིག་པའི་སྐོར་མང་པོ་བཤད་ཅིང་ཁོང་ཚོ་འཛམ་གླིང་གི་མི་ཐམས་ཅད་ཀྱི་ནང་ན་མཁས་པར་ཧ་ཅང་གྲགས་ཆེ་བ་ཡིན་ནའང་། ཁོང་ཚོས་ཀྱང་འདི་འདྲའི་ནང་དོན་ཟབ་མོ་དག་ཇི་བཞིན་རྟོགས་དཀའ་བར་འདུག་སྙམ་སྟེ། དཔེར་ན། ལོ་སྔ་མར་དབྱིན་ཇིའི་ཅན་ཆ་སློབ་གྲྭ་ཆེན་མོའི་དགེ་རྒན་ཧོ་ཅེན་ཞེས་པ། ཨེ་དབྱིན་སི་ཐན་གཉིས་པར་གྲགས་པ་ཞིག་ཡིན་ན། དེས་ཆིན་ཧྭ་སློབ་ཆེན་དུ་ཚད་རྡུལ་རིག་པའི་སྐོར་བཤད་ནས་ཅུང་ཙམ་འགོར་རྗེས། དེས་སློབ་མ་དང་དགེ་རྒན་མང་པོ་ཞིག་གཉིད་དུ་ཤོར་སོང་བ་རེད། སྐབས་དེར་དགེ་རྒན་ཧོ་ཅེན་ཧ་ཅང་ཡིད་ཕམ་ངང་། ཀྲུང་གོའི་སྐད་གྲགས་ཅན་གྱི་སློབ་གྲྭ་འདི་ནས་ཀྱང་ངས་ཚད་རྡུལ་རིག་པའི་ཐུན་མོང་མ་ཡིན་པའི་གསང་ཚིག་མང་པོ་བཤད་པར་གོ་བ་མ་ལོན་པར་མ་ཟད། མང་ཆེ་བ་ཞིག་གཉིད་དུ་ཡུར་སོང་ཟེར་ནས་ཁོང་གིས་སྐྱོ་ཚུལ་མཛད་པ་ལྟ་བུ་རེད། དེ་བཞིན་དུ་བོད་ཀྱི་སློབ་ཆེན་སློབ་མ་ཚོར་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྟེན་འབྲེལ་དང་གཅིག་དུ་བྲལ་གྱི་རིག་པའི་དོན་བཤད་ན་མགོ་བོ་འཐོམས་ནས་ཅི་ཡང་མི་གོ་བར་དཀའ་སྣང་དང་སུན་སྣང་སྐྱེས་ཤིང་། རང་འགར་གྱི་སྐར་ཆེན་ཏེ་གླུ་བ་དང་བྲོ་བ་གྲགས་ཆེན་དག་རིག་ན་སྐར་བསྙེག་མཁན་ལྟར་སྤྲོ་སྣང་གི་རྣམ་པ་སྟོན་མཁན་ཡང་ཅི་རིགས་པ་ཡོད་འདུག རྒྱུ་ལ་དཔྱོད་པའི་གཏན་ཚིགས་ནི། དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པའི་ནང་དོན་ལྟར། ཇི་སྐད་དུ། གལ་ཏེ་བདག་ལས་བདག་སྐྱེ་ན། །སྐྱེ་བ་དོན་མེད་ཐུག་མེད་འགྱུར། །གལ་ཏེ་གཞན་ལས་གཞན་སྐྱེ་ན། །ཀུན་ལས་ཀུན་ཀྱང་འབྱུང་བར་འགྱུར། །གཉིས་ཀ་ལས་ནི་སྐྱེ་བ་ལ། །ཕྱོགས་གཉིས་བརྗོད་པའི་སྐྱོན་གྱིས་གནོད། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་པ་ལ་སོགས་པའི་གཏན་ཚིག་གི་སྒོ་ནས་གཏན་ལ་ཕབ་ཡོད་པ་དག་ལས་བསམ་བློ་བཏང་ན། ཧ་ཅང་གི་གོ་བ་ཟབ་མོ་ལེན་རྒྱུ་ཡོད། དེ་མིན་གཞན་ལེགས་བཤད་ལྗོན་དབང་དང་དཀའ་གནད་གསལ་བའི་མེ་ལོང་། དག་ཡིག་དང་སྙན་ངག་དེ་སོགས་ནི་བོད་རིག་པའི་ཆ་རྐྱེན་ཆུང་ཆུང་ཙམ་ཞིག་ཡིན། འདི་ཙམ་ཤེས་ནས་བོད་རིག་པ་ཤེས་པར་རློམ་ན་དེ་ནི་ནོར་འཁྲུལ་ཡིན། ཐེངས་གཅིག་ང་ལ་སློབ་ཆེན་གྱི་སློབ་མ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རྒྱུ་དེ་ཡག་པོ་མི་འདུག་ཟབ་མདོའི་ནང་ན། མིག་མེད་སྣ་མེད་ལྕེ་མེད་ཟེར་ན་ཡང་ང་ཚོར་མིག་དང་སྣ་སོགས་ཚང་མ་ཡོད་འདུག་ཟེར། ངས་དེར་ད་དུང་སློབ་སྦྱོང་བྱས་ན་གོ་རྒྱུ་རེད། ཅེས་པ་ལས་ལན་གཞན་མ་བཏབ་པ་ཡིན། དེས་རྒྱུ་མཚན་ནི་ཁོ་ལ་དོན་དམ་པར་མེད་ཀྱང་ཀུན་རྫོབ་དུ་ཡོད་ཅེས་བཤད་ན། ཁོས་དེ་བས་ཀྱང་དོན་དམ་དང་ཀུན་རྫོབ་ཟེར་བའི་ནང་དོན་སྐོར་ཧ་མི་གོ་བས་མ་བཤད་པ་ཡིན། ཁོས་བསམས་ན་བཅོམ་ལྡན་འདས་ལ་ཡང་། དེང་སང་གི་དགེ་རྒན་དང་སློབ་མ་ཞིག་གི་ཤེས་རིག་ཙམ་ལས་མེད་སྣང་ཤར་གི་ཡོད། དེས་ན་ཕར་གཞན་ལ་བརྟག་དགོས་ན་རང་ལའང་ཤེས་རབ་ཅུང་ཟད་ཡོད་དགོས་མ་གཏོགས་ཇི་སྐད་དུ། བརྟག་ཅིང་དཔྱོད་པའི་རྟོག་གེ་པ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང་། །ཞེས་པ་ལྟར་མི་ལ་ལའི་ཤེས་རབ་ནི་རང་ལ་གནོད་བྱེད་དུ་འགྲོ་ཉེན་ཆེ། ང་ཚོ་བོད་པའི་མི་འགའ་རེས། རྐུ་འཕྲོག་བྱེད་ཐབས་སོགས་བསླབ་ནས་རིག་གནས་བཙོག་པོར་ཆགས་བཞིན་ཡོད། སྔོན་གུང་ཐང་འཇམ་པའི་དབྱངས་ཀྱིས། ཤེས་རབ་ཀྱི་རལ་གྲི་སོ་གཉིས་མ། ཤེས་བྱའི་ཆོས་ལ་གདང་ཆེ་ན། རང་མགོ་བོ་མེད་པ་ཨ་ཙ་མ། །ཞེས་པ་ལྟར་ང་ཚོར་ཤེས་རིག་གིས་ཕན་པ་ཡང་ཐོགས་ཀྱང་། དེ་བེད་སྤྱོད་ཡག་པོ་བྱེད་མ་ཤེས་ན་རང་ལ་ཚུར་གནོད་པ་ཡང་ཆེན་པོ་སྐྱེལ་བའི་ཉེན་ཁ་ཡོད། མདོར་ན་འདིར་བཞུགས་པའི་དགེ་སློབ་ཚང་མས་ཟབ་མོ་སྟོང་བ་ཉིད་ཀྱི་དོན་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་རྒྱུ་དེ་གལ་ཆེ།
3 ནང་ཆོས་ཀྱིས་ནང་སེམས་ཀྱི་ཞི་བདེ་སྐྲུན་པའི་ཐོག་ནས་འཕྲལ་ཕུགས་ཀྱི་སྡུག་བསྔལ་རིམ་བཞིན་སེལ་ཐུབ། དེ་ཡང་འཕགས་ཡུལ་གྱི་སངས་རྒྱས་བཅོམ་ལྡན་འདས་རྗེས་འབྲངས་དང་བཅས་པའི་གསུང་དང་། དེ་བཞིན་དུ་བོད་གངས་ཅན་ལྗོངས་སུ་ས་དགེ་རྙིང་གསུམ། བཀའ་འབྲུག་དྭགས་གསུམ་སོགས་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་གསུང་པོ་ཏི་རི་བོ་བརྩིགས་འདྲའི་མང་པོ་ཞིག་བཞུགས་ཡོད་པ་དེར། སྙིགས་མའི་ཚེ་ཐུང་ནད་མང་བ་སོགས། འགལ་རྐྱེན་སྣ་ཚོགས་ཡོད་པའི་དུས་སྐབས་འདིར་སྦྱང་བ་མཐར་ཕྱིན་པ་ཞིག་དཀའ་ཡང་། རང་ཉིད་འཆི་ཁར་མི་འགྱོད་པའི་ཆོས་ཤིག་འགྲུབ་པའམ་མིན་ཡང་ཚེ་འདིར་ཕན་པའི་ལེགས་བཤད་འགའ་རེ་ཤེས་ན་དགོས་པ་ཆེན་པོ་ཡོད། དེ་ལྟ་ནའང་མི་སྐྱ་ཕོ་མོ་དག་ལ་ཕྱི་དང་ནང་གི་སྡུག་བསྔལ། ལུས་དང་སེམས་ཀྱི་སྡུག་བསྔལ་མང་པོ་ཞིག་གི་དབང་གིས། དེ་དག་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཧ་ཅང་དཀོན་པར་ཡང་སྣང་སྟེ། སློབ་དཔོན་ཨརྱ་དེ་ཝས། མཆོག་ལ་སེམས་ཀྱི་སྡུག་བསྔལ་དེ། །དམན་པ་རྣམས་ལ་ལུས་ཀྱི་འོ། །སྡུག་བསྔལ་གཉིས་ཀྱི་འཇིག་རྟེན་འདི། །ཉིན་རེ་བཞིན་དུ་འཇོམས་པར་བྱེད། །ཅེས་མཐོན་པོ་དང་ཐོབ་གོ་ས་བཟང་བའི་མི་ཐམས་ཅད་ལ་ནི་སེམས་སྟེང་གི་སྡུག་བསྔལ་ཞིག་ཡོད་ཅིང་། ཞིང་པ་དང་འབྲོག་པ་སོགས་དམན་པ་དག་ལ་ནི་ལུས་ཀྱི་སྡུག་བསྔལ་གྱིས་ནོན་ཡོད་པས་མདོར་ན་མི་སུ་དང་སུ་ཡིན་ནའང་རང་རང་སོ་སོའི་དྲུང་ན་སྡུག་བསྔལ་མང་པོ་ཞིག་ཡོད་པར་གསུངས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཕྱུག་པོ་ཕྱུག་པོའི་ས་ནས་སྨྲེ་སྔགས་འདོན། ཞེས་གསུངས་པ་བཞིན་ནོ། །དེ་ལ་སྤྱིར་ནང་ཆོས་ཉམས་སུ་ལེན་རྒྱུ་དང་། ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་ཀྱི་དོན་སྒོམ་དགོས། དེ་ཡང་དང་པོ་དགོན་པའི་བླ་མ་དང་དགེ་བཤེས་དག་གི་མདུན་ནས་ཆོས་ཁྲིད་རེ་ཞུས་ནས་དེ་རང་གི་ཤེས་རྗེས་གཞན་ལའང་ཁྲིད་དེ་ཕན་ཐོགས་བྱུང་ན་ཧ་ཅང་བཟང་འདུག སྤྱིར་བོད་པ་ཚང་མའི་སེམས་ལ། ཆུང་དུས་ནས་མཆོག་གསུམ་ལ་དད་པ་ཞིག་ཡོད་ཀྱང་དེང་སང་སློབ་མ་ན་གཞོན་སྐོར་ཅིག་ལ་འདིའི་ཐད་ནས་ཞན་ཆ་ཅུང་ཟད་འདུག དཔེར་ན་ཁྱོད་ཚོ་མཚོ་སྔོན་ཕྱོགས་ནས་བཤད་ན་བོད་ཀྱི་རིག་གནས་ཐད་ལ། སེམས་ཁུར་དང་དུངས་ཞེན་ཆེ་ན་ཡང་ཆོས་ལུགས་ཕྱོགས་ནས་ད་དུང་ཡང་འབད་བརྩོན་ཞིག་དགོས་པའི་ཚོར་སྣང་བྱུང་། ཁམས་པ་དང་ལྷ་སའི་ཕྱོགས་སུ་ཡིན་ན། ཆོས་ཀྱི་ཐད་ལ་དད་པ་ཡག་པོ་ཞིག་ཡོད་ཀྱང་མི་རིགས་ཀྱི་རིག་གནས་ཐད་ལ་ཧུར་བརྩོན་གྱི་བསམ་པ་ཅུང་ཞན་པར་སྣང་། ང་ཚོ་ཚང་མར་སྤྱི་མཐུན་གྱིས་སངས་རྒྱས་ཆོས་ལུགས་འདི་ཡག་པོ་ཞིག་ཡིན་སྙམ་པའི་བསམ་པ་ཞིག་ཡོད་ཀྱང་། ཇི་ལྟ་བུའི་སྒོ་ནས་ཉམས་སུ་ལེན་ཚུལ་ཚུལ་མཐུན་ཞིག་གོ་ཐུབ་གི་ཡོད་པ་མ་རེད། རང་ཉིད་ལ་ཕན་པའི་ཆེད་དུ་ཡང་ཆོས་འདི་ཉམས་སུ་ལེན་རྒྱུ་དེ་ཧ་ཅང་གལ་ཆེ་སྟེ། དེང་སང་ཨ་རིའི་སློབ་གྲྭ་ཆེན་པོ་མང་པོ་ཞིག་ན་སྒོམ་རྒྱག་རྒྱུ་དེར་མཐོང་ཆེན་བྱེད་བཞིན་ཡོད། དཔེར་ན་ལུས་སེམས་ལ་བརྟག་དཔྱད་བྱེད་སྐབས་ཉིན་བདུན་ཙམ་གྱི་རིང་ལ་བྱམས་སྙིང་རྗེ་དང་བསམ་གཏན་སོགས་སྒོམ་པ་དང་། དེ་མ་ཡིན་པའི་གནས་སྐབས་གཉིས་ཀྱི་བརྟགས་འབྲས་གཤིབ་བསྡུར་བྱས་དུས་ཆེས་མངོན་གསལ་གྱིས་ཉམས་ལེན་བྱས་པའི་གཤིས་ཀ་དེ་སྔོན་ལས་འཇམ་པོར་གྱུར་ཅིང་སེམས་སྐྱིད་པོ་དང་ལུས་སེམས་ལ་ནད་མེད་པར་འགྲོ་བ་སོགས་བཟང་ཆ་མང་པོ་ཞིག་ངང་གིས་འབྱུང་བར་བཤད། དེང་སང་རྒྱ་ནག་དང་གཞན་པ་ཐམས་ཅད་ཀྱིས། བོད་བརྒྱུད་ནང་བསྟན་དེ་ཧ་ཅང་གི་རིན་ཐང་ཆེན་པོ་ཞིག་དང་རྩ་ཆེན་ཞིག་དུ་བརྩི་བའི་རྒྱུ་མཚན་ནི། ཁོང་རྣམ་པའི་ལུས་སེམས་ལ་ཕན་ཐོགས་ཡོད་པས་ཡིན་མ་གཏོགས་ཕན་པ་ཅི་ཡང་མི་ཐོབ་པ་ཞིག་ཡིན་ན་ཁོང་ཚོ་ཡང་རིག་པ་སྤྱང་པོ་ཡིན་པས་དེ་ལྟར་བྱེད་རྒྱུ་མི་སྲིད་བསམ། དེས་ན་བོད་ཆོལ་ཁ་གསུམ་མམ་མདོ་དབུས་ཁམས་གསུམ་གྱི་བན་སྐྱ་སེར་མེད་པར། ཚང་མས་མཉམ་རུབ་བྱས་ན་མི་མང་པོས་བཀྱགས་ན་སྡོང་མ་ཡང་། ཞེས་པའི་དཔེ་ལྟར་ཀུན་གྱིས་ཧུར་བརྩོན་བྱས་ན་ཕན་འབྲས་ལེགས་པོ་ཐོབ་འོང་། དེ་བཞིན་དུ་མ་འོངས་པར་བོད་ཀྱི་ནང་བསྟན་གཙོ་བོར་བྱས་པའི་རིག་གནས་དག་སྲུང་སྐྱོབ་ཡག་པོ་ཞིག་དགོས་ཏེ། མཁན་རིན་པོ་ཆེ་འཇིགས་མེད་ཕུན་ཚོགས་ཀྱིས། ནོར་བུ་རང་ལ་ཡོད་དུས། །ནོར་བུས་བྱ་བ་བྱེད་དགོས། །ནོར་བུ་དགྲ་ལག་ཤོར་ཚེ། །འགྱོད་ཀྱང་བཅོས་ཐབས་མི་འདུག །ཅེས་དང་། དེ་བཞིན་རྒྱལ་བ་ཚངས་དབྱངས་རྒྱ་མཚོས། ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ཉམས་ཆོད་དགོས། །ནོར་བུ་གཞན་ལ་ཤོར་དུས། །སྙིང་རླུང་སྟོད་ལ་འཚང་ཡོང་། །ཞེས་གསུངས་པ་དེ་དག་དུས་སུ་བབས་པའི་སྐད་ཆ་ཞིག་ཏུ་སོང་ཡོད། ང་ཚོ་བོད་པ་ཐམས་ཅད་ཀྱིས་རང་གི་རིག་གནས་དེ་ལ་སློབ་སྦྱོང་བྱས་ནས་ངེས་ཤེས་བསྐྱེད་དགོས། རང་གར་དུ་ཁ་ཙམ་གྱི་སྒོ་ནས་སྲུང་སྐྱོབ་དགོས་ཞེས་པ་ཙམ་གྱིས་མི་འགྲིག་ལ། རིན་པོ་ཆེའི་རིན་ཐང་མ་ཤེས་ན་གཞན་ལ་བཙོང་བའི་ཉེན་ཁ་ཧ་ཅང་ཆེ་བ་ལྟར། རིན་ཐང་ཤེས་པའི་སྒོ་ནས་དེ་ལ་དོ་སྣང་བྱེད་རྒྱུ་དེ་ནི་ངས་ནང་ཆོས་རིན་ཐང་གི་སྐོར་ཅུང་ཟད་གླེང་བ་ཙམ་ཡིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།