-
འཁྲབ་སྟོན་འདིས་དེང་རབས་གར་སྟེགས་ཀྱི་ལེགས་ཆ་དང་བོད་ཀྱི་སྲོལ་རྒྱུན་ཟློས་གར་གྱི་མཛེས་དཔྱོད་གར་ཉམས་མཐུན་སྦྱོར་བྱས་པ་བརྒྱུད།གྱིམ་ཤིང་ཀོང་ཇོའི་སྡུག་བཟོད་ཁུར་ལྕི་དང་སྙིང་རྗེ་ཕུགས་ཡངས་སོགས་དཀའ་སྡུག་གི་མི་ཚེ་ཧྲིལ་པོའི་སྐྱིད་སྡུག་རི་མོར་བཀོད་ཡོད་ལ།བསྐལ་བརྒྱར་མཚར་དུ་རྨད་པའི་མཆོག་གི་སྣང་བརྙན་གསལ་དུ་བརྐོས་པར་མ་ཟད།མེས་རྒྱལ་གཅིག་གྱུར་གྱི་ལོ་རྒྱུས་བརྒྱུད་རིམ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས།མི་རིགས་མཐུན་སྒྲིལ་སྲ་བརྟན་བཅས་ཀྱི་ཐད་མཛད་རྗེས་བླ་ན་མཐོ་བའི་གཏམ་རྒྱུད་མཚར་དུ་མངའོ།།...
2024-04-01 14:41:28 མཚོ་སྔོན་པོ་དྲ་བ། 26584 -
ཟླ3ཚེས26ཉིན་པེ་ཅིང་དུ་གཉེར་བའི་ཀྲུང་གོ་རྒྱལ་སྤྱིའི་གྱོན་ཆས་གཟའ་འཁོར་བྱེད་སྒོའི་ཐོགབོད་ཀྱི་གཞི་རྒྱུ་འདུས་པའི་གྱོན་ཆས་ཀྱིས་སྐྱེ་བོའི་མིག་དབང་འཕྲོག་པར་བྱས་ཡོད།ད་ཐེངས་གར་སྟེགས་ཐོག་བཏོན་པའི་གྱོན་ཆས་མང་ཆེ་བ་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་སྣམ་བུ་རྒྱུ་ཆ་གཙོ་བོར་བྱས་ཏེ་ཇུས་འགོད་ཀྱི་འདུ་ཤེས་གསར་པར་བརྟེན་ནས་བཟོ་ལྟ་དཔེ་གསར་བཟོས་པ་བརྒྱུད།བོད་རིགས་ཀྱི་སྲོལ་རྒྱུན་དང་དེང་རབས་ཀྱི་དར་སྲོལ་གསར་པ་མཉམ་འདྲེས་ཡག་པོ་བྱས་པ་ཞིག་ཡིན་ཞིང་།དེས་བོད་ལྗོངས་ཀྱི་སྲོལ་རྒྱུན་གྱོན་ཆས་ཐོན་ལས་དེ་ཁྱད་ལྡན་ཅན་དང་དར་སྲོལ་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད།...
2024-03-29 14:29:50 མཚོ་སྔོན་པོ་དྲ་བ། 27189 -
དཔྱད་རྩོམ་འདིར་མིའི་རིགས་རིག་པའི་ཡུལ་དངོས་རྟོག་ཞིབ་ཀྱི་ཐབས་ལམ་དང་བཅར་འདྲིའི་ཐབས་ལམ་སྤྱད་དེ།མཚོ་སྔོན་པོ་རྐང་ཚའི་ཡུལ་གྱི་གེ་སར་རིག་གནས་དང་འབྲེལ་བའི་ངག་རྒྱུན་སྣ་ཚོགས་དང་རིག་གནས་ཀྱི་རྗེས་ཤུལ་དག་འཚོལ་ཞིབ་བྱས་པ་བརྒྱུད།ངག་རྒྱུན་དེ་དག་ལོ་རྒྱུས་དངོས་ལ་འབྲེལ་བ་ཡོད་མེད་དང་།དེའི་རིན་ཐང་ཐད་ལ་དཔྱད་པ་བྱས་ཡོད།...
2024-03-15 09:18:37 བསྟན་པ་ཡར་འཕེལ 24556 -
ཤོང་དཀར་རྩེ་མོ་ཞེས་པ་ནི།གནའ་བོའི་དུས་ཀྱི་བཏུང་བའི་རིག་གནས་ལས།ཇ་ཡི་ནང་ཚན་དུ་གྱུར་པའི་ཤོང་འགར་རམ།ཤོང་དཀར་ཞེས་པ་དེ་ཉིད་ཡིན་ཞིང་།རྩེ་མོ་ནི་ཤོང་དཀར་ནང་གི་རྩེ་དྲ་ལ་གོ་གི་ཡོད་པར་སྣང་སྙམ།ཇ་རིགས་འདི་ཉིད་སྔོན་དུས་བོད་ཡུལ་དུ་དར་ཞིང་།སྐབས་དེར་དར་བའི་ཇའི་རིགས་ལས་མཆོག་ཏུ་བརྩི་བའི་སྲོལ་ཡང་བྱུང་ཡོད་འདུག་སྟེ།དེའི་ཁུངས་ལྟ་བུ་ནི་སྨན་པའི་རྒྱལ་པོ་གཡུ་ཐོག་མགོན་པོས་སློབ་མའི་ཐུ་བོ་སུམ་སྟོན་ཡེ་ཤེས་གཟུངས་ལ་རྗེས་སུ་གནང་བར་གྲགས་པ།བོད་ཀྱི་གསོ་དཔྱད་ཀྱི་གཞུང་བཟང་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས།རྒྱུད་ཕྱི་མར།སྐོམ་གྱི་མཆོག་ཏུ་ཤོང་དཀར་རྩེ་མོ་མཆོག།ཅེས་གསལ་པོར་གསུངས་ཡོད་པས།ཇ་ཤོང་དཀར་ནི་མཐོ་སྒང་གི་ཡུལ།སྒང་པ་བོད་ཀྱི་ཡུལ་དུ་དར་སྔ་ཞིང་།ཇ་གཞན་ལས་ཁྱད་པར་འཕགས་པ་ཅིག་ཡིན་པའི་གདེང་འཇོག་བྱ་གི་ཡོད་པ་གསལ་པོར་མངོན་ཡོད་པས།བོད་ཡུལ་དུ་དར་བའི་ཇ་ཡི་རིག་གནས་ཞིབ་འཇུག་ལ་ཁུངས་སྣེ་གསལ་པོར་བསྟན་ཡོད།...
2024-02-23 08:57:56 ར་སེ་དཀོན་མཆོག་རྒྱ་མཚོ། 24457 -
ཁང་པ་གསར་རྒྱག་གི་ཐོག་བཀབ་པའི་ཐོག་གསོལ་དང་།ཁང་པ་ཡོངས་སུ་གྲུབ་ཏེ་དངོས་སུ་སྤོ་སྡོད་བྱས་ནས་ཐབ་ལ་མེ་གཏོང་བའི་ཉིན་མོ་ཐབ་ཁ་བྲོའམ་ཁང་གསོལ་བཅས་ལ་རྟེན་འབྲེལ་བྱེད་པའི་སྐབས་ཤོག་ཆག་གི་ཁ་ཡིག་ཏུ“གཟིམ་ཤག་གསར་བཞེངས་ཀྱི་ཞལ་བྲོའི་རྟེན་མཚོན་སྒོར”ཞེས་པའམ་ཡང“གསོལ་འབྲས་དོད”ཅེས་ཀྱང་བྲིས་ཆོགམདོར་ན་བཀྲ་ཤིས་པའི་བྱ་བ་ཡིན་ཕྱིན“རྟེན་འབྲེལ་མཚོན་བྱེད”ཅེས་པ་ཀུན་ལ་བྲིས་ཀྱང་མ་འགྲིག་པ་མེད།...
2023-11-30 15:00:53 མཚོ་སྔོན་པོ་དྲ་བ། 21443 -
གོང་མོ་ནམ་རྒྱུན་མཚོ་འཕགས་ལ་སྨི2000ནས4500ཡོད་པའི་རྫ་རི་མཐོ་ས་དང་ན་སྤང་།རྡོ་ཧྲུག་ཐང་སོགས་སུ་འཚོ་སྡོད་བྱེད་ལ།ས་མཐོའི་སྲོག་ཆགས་ཀྱི་མཚོན་བྱེད་རིགས་ཤིག་ཡིན།ཁོ་ཚོ་རྟག་པར་བྲག་ངོས་དང་རྡོ་ཧྲུག་ཐང་སོགས་སུ་འཚོ་སྡོད་བྱེད་ཀྱིན་པས།སྡེར་མོའི་ཞབས་མཐུག་ལ་སྲ་མཁྲེགས་ལྡན་པ་དང་།རང་བྱུང་ཆ་རྐྱེན་ལ་བསྟུན་པའི་ནུས་པ་དྲགས་པོ་ཡོད་པས།གངས་འཁྱགས་ཁྲོད་དུ་གཉན་དང་གནའ་བ་སོགས་ས་མཐོའི་རྨིག་ལྡན་སྲོག་ཆགས་དང་འགྲོགས་ནས་འཚོ་བ་རོལ་ཐུབ།...
2023-11-13 08:51:16 མཚོ་སྔོན་པོ་དྲ་བ། 21399 -
ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་།ཅི་ནན་གྲོང་ཁྱེར་མི་དམངས་སྲིད་གཞུང་།ཀྲུང་གོ་ཞབས་བྲོ་མཁས་ཅན་མཐུན་ཚོགས།ཧྲན་ཏུང་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་།ཀྲུང་གུང་ཅི་ནན་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་ཧྲན་ཏུང་ཞིང་ཆེན་ཞབས་བྲོ་མཁས་ཅན་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བའི་སྐབས་བཅུ་བཞི་པའི་ཀྲུང་གོའི་ཞབས་བྲོའི“མེ་ཏོག་པད་མའི་བྱ་དགའི”མི་རིགས་དམངས་ཁྲོད་ཞབས་བྲོའི་བྱ་དགའ་དེ2023ལོའི་ཟླ10ཚེས26ཉིན་ནས་ཚེས28ཉིན་བར་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་གཉེར་བ་དང་།ཟླ10ཚེས27ཉིན་ནི་འགྲན་བསྡུར་ཉིན་མོ་གཉིས་པ་ཡིན་ཞིང་།འགྲན་བསྡུར་ནང་ཞུགས་པའི་ལེ་ཚན་ཕུན་སུམ་ཚོགས་ལ་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད།...
2023-11-03 11:35:13 མཚོ་སྔོན་པོ་དྲ་བ། 21256 -
སྔོན་ཨ་རིག་གི་རྒན་པོ་ཞིག་ལྷ་སར་མཇལ་སྐོར་དུ་སོང་།ཁོ་ལྷ་ཁང་ལ་འགྲོ་སྐབས་ལག་རྟེན་ལ་ཁེན་ནས་སོང་ཞིང་།མཆོད་མཇལ་བྱེད་སྐབས་ལག་རྟེན་འཕྲེད་དུ་སྐེད་ལ་དྲངས།ཕྱིར་འབུད་དུས་ལག་རྟེན་སྒོར་ཐོགས་ནས་ཐར་མ་ཐུབ་པས།ཁོས་གཡོན་ཕྱོགས་སུ་ཡོད་པའི་ལྷ་སྐུ་དེར་ཁྱོད་ཀྱིས་ང་འགྲོ་རུ་ཆུགས་ཞེས་བཤད་ཞོར་ཡང་ཡང་འཐེན་མོད་འགྲོ་མ་ཐུབ།ཁོ་རང་ཐབས་ཟད་དེ་སྐག་གི་བེར་ག་བླངས་ནས་ད་དུང་འགྲོ་རུ་མི་འཇུག་ན་དབྱུག་པས་གཞུ་དགོས་པ་འུ་རེད་ཟེར་བཞིན་ལག་རྟེན་གྱིས་གྲབས་པས།ལྷ་སྐུ་དེས་ཨ་ཚ་ཞེས་ཕྱག་གིས་དབུ་བསྐྱོར།དེ་ནས་སྐུ་དེར་ཇོ་བོ་ཨ་ཚ་མ་ཞེས་ཐོགས་སོ།།...
2023-11-02 09:22:02 མཚོ་སྔོན་པོ་དྲ་བ། 19948 -
སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ།།ཕོ་རབ་གཅིག་གི་བསྡད་ཤུལ་རུ།།ཤོག་རོ་སྨྱུག་རོ་ཐུལ་ལེ་ཡོད།།ཕོ་འབྲིང་གཅིག་གི་བསྡད་ཤུལ་རུ།།གོས་རོ་ལྷན་རོ་ཐུལ་ལེ་ཡོད།།ཕོ་ཐ་མ་གཅིག་གི་བསྡད་ཤུལ་རུ།།སྐྱག་རོ་རྨྱང་རོ་ཐུལ་ལེ་ཡོད།།...
2023-10-25 16:48:27 མཚོ་སྔོན་པོ་དྲ་བ། 20090 -
དེ་ཡང་བོད་ཀྱི་བཅུ་ཕྲག་རིག་པའི་གནས་ཀྱི་ཡ་གྱལ་སྐར་རྩིས་རིག་པ་འདི་ནི་སྤྱི་ལོ་མ་ཚུགས་པའི་ཡར་སྔོན་དུ་གནའ་རབས་རྒན་པོ་དག་གིས་ཡུན་རིང་འཚོ་བའི་ཉམས་མྱོང་སོགས་ཀྱི་རྨང་གཞི་བྱས་པའི་མྱོང་རྩིས་དང་།བལ་མོ་ཟླ་རྩིས།ཞང་ཞུང་རྒན་པོའི་ངག་རྩིས།བྱ་དང་ཤིང་ལ་བརྟག་པ་ལྷོ་སྨོན་གྱི་རྩིས།ཉི་མའི་འགྲོ་ལམ་བརྟག་པ་བོན་ཞང་གི་རྩིས།རི་ཕྱུགས་མཚོ་ལ་བརྟག་པ་གམ་འབྲོག་གི་རྩིས།སྐར་མ་དང་རླུང་ལ་བརྟག་པ་བྱང་བའི་རྩིས་སོགས་དང་།རྒྱ་གར་འཕགས་ཡུལ་ནས་དར་བའི་དཔལ་དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་གྱི་རྩིས།རྒྱ་ནག་ཙི་ནའི་ཡུལ་དུ་དར་བའི་རྩིས་ཀྱི་བསྟན་བཅོས་དང་གནམ་རིག་སྐར་རྩིས་པའི་ཉི་ཟླ་གཟའ་སྐར་སོགས་ཀྱི་རྩིས་ཕྲན་དག་ཚུར་བླངས་ནས་རྩིས་ཀྱི་གཞུང་ལུགས་དར་རྒྱས་སུ་བཏང་བར་མ་ཟད།བོད་རང་གི་སྔོན་བྱོན་རྩིས་པ་མཁས་པའི་དབང་པོ་དག་གིས་ཀྱང་།སྨན་རྩིས་ཀྱི་ཕྱག་རྒྱུན་འཁྲུལ་མེད་སྐྱེ་བོ་གཞན་གྱིས་བསྒྲུན་མི་ནུས་པ་དགོས་འདོད་ཀུན་འབྱུང་དཔག་བསམ་གྱི་ལྗོན་པ་ལྟ་བུ་འདི།རང་རེ་བྷོ་ཊའི་ལྗོངས་འདིའི་སྐར་རྩིས་རིག་གནས་རྒྱ་ཆེར་དར་བ་བདེ་བླག་ཏུ་རྟོགས་པའི་སླད་ཚིག་ཉུང་གོ་སླའི་ཁྱད་ཆོས་དང་ལྡན་པའི་དུས་ཀྱི་འཁོར་ལོའི་དགོངས་བཅུད་ལེགས་བཤད་རྨད་བྱུང་སྐར་རྩིས་ཀྱི་ལོ་ཐོ་ལ་འཇུག་པའི་རྩིས་ཀྱི་རྣམ་གཞག་རྒྱ་ཆེར་བསྟན་ཡོད།...
2023-10-25 08:59:50 མཚོ་སྔོན་པོ་དྲ་བ། 19785



















青公网安备63252102000006号