མཚོ་སྔོན་གཅན་ཚར་སྲོལ་རྒྱུན་མདའ་རྩེད་བྱེད་སྒོ་ཆེན་པོ་གཉེར་བ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན།
དུས་ཚོད།:2025-09-09 09:03:43
ཀློག་གྲངས།:
ཟླ9པའི་ཚེས5ཉིན2025ལོའི་གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་བསྡུར་དང་མདའ་སྟོན་རིག་གནས་བྱེད་སྒོ་སྐབས་བརྒྱད་པ་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་གཡང་མདའ་ལུས་རྩལ་ཐང་དུ་འགོ་ཚུགས་ཡོད་པ་རེད།

ཐེངས་འདིའི་བྱེད་སྒོ་དེ་ཟླ9པའི་ཚེས9ཉིན་བར་རྒྱུན་མཐུད་བྱ་རྒྱུ་དང་། རྒྱལ་ཁབ་དང་ས་ཁུལ25དང་དེ་བཞིན་ཞིང་ཆེན་ཕྱི་ནང་གི་འགྲན་བསྡུར་རུ་ཁག145ཡི་ལུས་རྩལ་པ2300གཅན་ཚར་མཉམ་འཛོམས་བྱུང་ཡོད། འགྲན་བསྡུར་པ་ཚོས་སྲོལ་རྒྱུན་གྱི་རྭ་གཞུ་དང་གཞུ་ལེབ། གཞུ་འཁོར་ལོ་མ། སྲོལ་རྒྱུན་གྱི་གཞུ་བཅས་རྣམ་གྲངས་ཆེན་པོ་བཞིའི་ཁྲོད་འགྲན་རྩོད་ཛ་དྲག་བྱས་ཡོད་པ་རེད། འགྲན་བསྡུར་རིང་གཅན་ཚ་རྫོང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས་མདའ་སྟོན་དང་དེ་བཞིན་ཁྲོམ་གཞུང་སྐོར་སྐྱོད་འཁྲབ་སྟོན། གཡང་མདའ་རོལ་དབྱངས་དུས་ཆེན། སྣམ་བུའི་ཤོམ་ལྭ། ལ་གཞས་འགྲན་བསྡུར། གཅན་ཚའི་སྐོར་བྲོ་སོགས་ཁྱད་ལྡན་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད་པ་རེད།

མདའ་རྩེད།
གཅན་ཚ་རྫོང་ནི་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་ལུས་རྩལ་གྱི་ཕ་ས་དང་གཡང་མདའ་ཞེས་པའི་རིག་གནས་སྒྱུ་རྩལ་གྱི་འབྱུང་གནས་ཡིན། 2007ལོར་འགྲན་བསྡུར་སྐབས་དང་པོ་གཉེར་བ་ནས་ལོ18རིང་འཕེལ་རྒྱས་གཏིང་ཟབ་བཏང་བ་བརྒྱུད། འགྲན་བསྡུར་དེ་ནི་མི་རིགས་རིག་གནས་རྒྱུན་འཛིན་དང་ལུས་རྩལ་སྙིང་སྟོབས་དར་སྤེལ། སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་རིམ་འཕར་བྱུང་སྟེ། གཅན་ཚའི་མིང་དོན་མཚུངས་པའི་གསེར་གྱི་མིང་བྱང་དང་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ལྟ་བུ་ཞིག་ཏུ་གྱུར་ཡོད།

མདའ་རྩེད།
ཐེངས་འདིའི་བྱེད་སྒོ་འདིས་མདའ་རྩེད་བརྒྱུད་དེ་གཅན་ཚ་རྫོང་གྱིས་རིག་གནས་དང་ལུས་རྩལ། ཞིང་ལས། ཡུལ་སྐོར། ཚོང་ལས་བཅས་ལས་རིགས་ལྔ་མཉམ་འདྲེས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་རོགས་རམ་བྱས་ཏེ་རྨ་ཆུའི་འབྱུང་ཁམས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་དང་ས་མཐོའི་བདེ་ཐང་གསོ་སྐྱོང་རྟེན་གཞི་ནུས་ཤུགས་ཡོད་རྒུས་བསྐྲུན་ནས“རྒྱུད་གཅིག་ཡུལ་ལྔའི”རྣམ་པ་གསར་པ་འཛུགས་རྒྱུ་རེད།

མདའ་སྟོན།
བྱེད་སྒོ་འདི་ནི་གཅན་ཚ་རྫོང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་ཡིན་པ་དང་། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་རྨ་ལྷོ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།དེང་རབས་ཅན་གྱི་རྨ་ལྷོ་གསར་པ་ཧུར་བརྩོན་ཆེན་པོས་འཛུགས་སྐྲུན་བྱེད་པའི་འགྱུར་མེད་ཆོད་སེམས་དང་བློ་སྟོབས་ཆེན་པོ་གང་ལེགས་མཚོན་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།