བོད་ཀྱི་དམངས་ཁྲོད་གཏམ་དཔེ་ལ་གཞིགས་ནས་བོད་མིའི་གནམ་གཤིས་བརྟག་ཚུལ་བཤད་པ།

རྩོམ་པ་པོ།:བླ་མ་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-12-28 10:05:00 ཀློག་གྲངས།:

  བོད་ཀྱི་དམངས་ཁྲོད་གཏམ་དཔེ་ནི་བོད་མི་དམངས་ཀྱིས་དུས་ཡུན་རིང་བོར་རང་བྱུང་ཁམས་སུ་འཚོ་གནས་དང་འཐབ་རྩོད་བྱས་པ་བརྒྱུད་རང་བྱུང་ཆོས་ཉིད་ལ་ངོས་འཛིན་དང་དཔྱད་ཞིབ་བྱས་པའི་སྡོམ་ཚིག་ལྟ་བུ་ཡིན་ལ། དེའི་ཁྲོད་ནས་བོད་མིའི་འཇིག་རྟེན་ལྟ་ཚུལ་དང༌། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་ཤེས་རྟོགས་ཐུབ་པ་མ་ཟད། ཚིག་གི་སྒྱུ་རྩལ་གྱི་ཆ་ནས་བོད་ཀྱི་གཏམ་དཔེ་ནི་ཚིག་ཉུང་ཞིང་གནད་དུ་འཁེལ་བ། གོ་བསྐོན་བློ་འགུག་སོགས་ཀྱི་ཁྱད་ཆོས་ལྡན་པས། ང་ཚོས་གཏམ་དཔེ་ལ་གཞིགས་ནས་བོད་མིའི་ཚན་རིག་དང་མཐུན་པའི་བསམ་བློ་དང་ལྟ་བ་མང་པོ་ཞིག་རྟོགས་ཐུབ། འདིར་ཁོ་བོས་བོད་ཀྱི་དམངས་ཁྲོད་གཏམ་དཔེ་ལ་གཞིགས་ནས་བོད་མིའི་གནམ་གཤིས་བརྟག་ཚུལ་ལ་དཔྱད་པ་གཏོང་ཁུལ་ཙམ་བྱས་ན།
  བོད་ལ་སྔ་མོ་ནས་གནམ་གཤིས་བརྟག་དཔྱད་འཕྲུལ་ཆས་སོགས་ཀྱི་རིགས་མེད་པས། མི་རྣམས་ཀྱིས་རྒྱུན་དུ་སྤྲིན་གྱི་རྒྱུ་ཕྱོགས་དང༌། ཁ་དོག རླུང་གི་རྒྱུ་ཕྱོགས་དང་རླུང་གཡུག་པའི་དྲག་ཞན། གཙང་བོའི་འཕེལ་འགྲིབ། སྨུག་པ་འཐིབ་སྟངས། འཇའ་ཚོན་འཆར་སྟངས་སོགས་ལ་བརྟེན་ནས་གནམ་གཤིས་གནས་ཚུལ་བརྟག་གི་ཡོད་ལ། གནམ་གཤིས་ཀྱི་གནས་ཚུལ་དང་བསྟུན་ཏེ་རུ་སྤོར་བ་དང༌། བལ་འབྲེག་པ། ཞིང་རྨོ་བ་སོགས་མདོར་ན་ཞིང་འབྲོག་གི་ལས་ཀ་གཙོ་ཆེ་བ་ཅི་ཞིག་ཡོད་པ་སྒྲུབ་ཀྱི་ཡོད།
དང་པོ།  སྤྲིན་གྱི་རྒྱུ་ཕྱོགས་ལ་བལྟས་ནས་གནམ་གཤིས་བརྟག་པ།
  བོད་ཀྱི་གཏམ་དཔེ་ལ། བྱང་སྤྲིན་ལྷོ་ལ་སོང་ན་ལྷོ་ཡི་ཙན་དན་དམར་པོ་མེ་རུ་འབར། ལྷོ་སྤྲིན་བྱང་ལ་སོང་ན་བྱང་གི་རྒྱ་མཚོ་ཆེན་པོ་དགུང་དུ་འཕྱུར་ཞེས་སྤྲིན་གྱི་རྒྱུ་ཕྱོགས་ལ་བལྟས་ནས་ཆར་བ་འབབ་མིན་ལ་ཁ་ཚོན་གཅོད་ཀྱི་ཡོད་དེ། བྱང་ཕྱོགས་ཀྱི་སྤྲིན་པ་ལྷོ་ཕྱོགས་སུ་སོང་ན་གནམ་ཐང་ཤིང་ཉི་མ་དྲོ་ངེས་པ་དང༌། ལྷོ་ཕྱོགས་ཀྱི་སྤྲིན་པ་བྱང་ཕྱོགས་སུ་རྒྱུ་བ་ན་གནམ་འཐིབ་ཏེ་ཆར་བ་འབབ་པར་ངོས་འཛིན་གྱི་ཡོད། འདིར་ཙན་དན་དམར་པོ་མེ་རུ་འབར་བ་དང་རྒྱ་མཚོ་ཆེན་པོ་དགུང་དུ་འཕྱུར་བ་གཉིས་ཉི་མ་དྲོ་བ་དང་ཆར་འབབ་པའི་དཔེར་བཞག་ཡོད་ལ། ཚ་བ་ཆེ་ན་ནགས་ཚལ་དང་རྩི་ཤིང་སོགས་ལ་གནོད་པ་ཐེབས་པ་དང་ཆར་རྒྱུན་མང་དྲགས་ན་ཆུ་བོ་རྒྱས་པ་སོགས་ཀྱི་ཆོས་ཉིད་འདི་ལ་བལྟས་ཏེ་བོད་མི་ཚོས་ཀྱང་ཚན་རིག་དང་མཐུན་པའི་གནམ་གཤིས་ཀྱི་སྡོམ་ཚིག་འདི་འདྲ་ཞིག་བཞག་ཡོད་པ་ནི་གནས་ལུགས་དང་ལྡན་པ་ཞིག་རེད། འདིའི་ཐོག་ནས་བོད་ཀྱི་དམངས་ཚོགས་དཀྱུས་མ་རྣམས་ས་ཁམས་ལའང་རྒྱུས་ལོན་ཅུང་ཟད་ཙམ་ཡོད་པ་རྟོགས་ཐུབ་སྟེ། འཛམ་གླིང་ས་ཁམས་རིག་པའི་ཐོག་ནས་བལྟས་ན། ལྷོ་ཕྱོགས་ས་ཁུལ་དུ་ནགས་མང་བ་དང༌། བྱང་ཕྱོགས་སུ་འཁྱག་རོམ་རྒྱ་མཚོས་གཙོས་པའི་མཚོ་ཆེན་དང་ཆུ་བོ་མང་བར་བཤད།
  གཞན་ཡང་སྤྲིན་མོ་ཁ་འཐབ་གནམ་ལ་དྭངས་མཐའ་མེད་ཅེས་གནམ་འཐིབས་ཏེ་སྤྲིན་པ་མང་བའི་དུས་སུ།སྤྲིན་གྱི་རྒྱུ་ཕྱོགས་གཅིག་མཚུངས་མ་ཡིན་པར་ཁ་གཏད་དུ་རྒྱུ་བའི་སྤྲིན་པ་གདོང་ཐུག་ནས་མཉམ་དུ་འདུས་པ་ན་ཆར་འབབ་པ་མ་ཟད་ཡུན་རིང་ལ་གནམ་མི་དྭངས་པའི་རྟགས་སུ་བརྩི་ཡིན་འདུག་ལ། དོན་དངོས་ཀྱི་འཚོ་བའི་ཁྲོད་དུའང་སྐབས་འགར་དངོས་གནས་དེ་འདྲ་ཡིན་པས། བདེན་པ་དང་གནས་ལུགས་ཡོད་མིན་འཚོ་བ་དངོས་ཀྱི་ཁྲོད་དུ་ཐུགས་ཉམས་དེ་ཙམ་བཞག་དང་ཤེས་ངེས་ལགས།
གཉིས་པ། སྤྲིན་དམར་བྱུང་བའི་དུས་ཚོད་ལ་བལྟས་ནས་་གནམ་གཤིས་བརྟག་པ།
  ནངས་སྔ་མོའི་སྤྲིན་དམར་ཆུ་ཡིན། ། དགུང་ཕྱི་དྲོའི་སྤྲིན་དམར་མེ་ཡིན་ཞེས་ནམ་མཁར་སྤྲིན་དམར་འབྱུང་བའི་དུས་ཚོད་ལ་བརྟེན་ནས་གནམ་གཤིས་བརྟག་གིན་ཡོད་དེ། སྔ་དྲོའི་དུས་སུ་སྤྲིན་དམར་བྱུང་ན་མི་རིང་བར་ཆར་འབབ་པའམ་ཡང་ན་གནམ་འཐིབ་ཤིང་རླུང་གཡུག་ངེས་པ་དང༌། ཕྱི་དྲོའི་དུས་སུ་སྤྲིན་དམར་བྱུང་ན་ཕྱི་ཉིན་གནམ་དྭངས་བར་ངོས་འཛིན་གྱི་ཡོད་པས། དབྱར་དུས་འབྲོག་པ་ཚོ་ཕྱུགས་རྫིར་འགྲོ་བའམ་གཞན་ལས་ཀ་ཅི་ཞིག་བྱེད་སྐབས། ནངས་སྔ་མོར་གནམ་མཁར་སྤྲིན་དམར་ཡོད་མེད་ལ་བལྟས་ཏེ་དེར་བསྟུན་གྱི་ཆར་གོས་སོགས་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང༌། ཕྱི་དྲོ་སྤྲིན་དམར་ཡོད་ན་ཕྱི་ཉིན་གནམ་ཐང་ངེས་པས་དེ་དང་བསྟུན་ནས་ལས་ཀ་ཅི་ཞིག་བྱེད་པར་འཆར་གཞི་འགོད་ཀྱི་ཡོད་པ་རེད། དེ་མ་ཟད། སྤྲིན་དམར་གྱི་འགྱུར་ལྡོག་ལའང་བལྟ་སྟེ། ཕྱི་དྲོའི་སྤྲིན་དམར་དེ་རིམ་བཞིན་ཡལ་བར་གྱུར་ན་ཕྱི་ཉིན་སྔར་བཞིན་གནམ་ཐང་བར་ཐེ་ཚོམ་མེད་པ་དང༌། ཕྱི་དྲོའི་སྤྲིན་དམར་དེ་རིམ་བཞིན་སྤྲིན་ནག་ཏུ་འགྱུར་ན་ཆར་འབབ་པའི་རྟགས་སུ་སྙམ་གྱི་ཡོད།
གསུམ་པ། སྤྲིན་གྱི་འཕང་ཚད་སོགས་ལ་བལྟས་ནས་གནམ་གཤིས་བརྟག་པ།
  གཞན་ཡང་སྤྲིན་གྱི་འཕང་ཚད་དེ། སྤྲིན་དང་ས་ངོས་ཀྱི་བར་ཐག་མཐོ་དམའ་ལ་བལྟས་ཏེ་གནམ་གཤིས་བརྟག་ཚུལ་ཡོད་དེ། སྤྲིན་དང་ས་ངོས་ཀྱི་བར་ཐག་ཐུང་ན་སྔར་བཞིན་ཆར་སོགས་མུ་མཐུད་དུ་འབབ་པ་དང༌། སྤྲིན་འཕང་མཐོ་ན་ཆར་རྒྱུན་ཆད་དེ་གནམ་གཤིས་དྭངས་བར་འགྱུར་ངེས་ཞེས་བཤད་སྲོལ་ཡོད། དེ་མིན། བོད་ཀྱི་གཏམ་དཔེར། སྤྲིན་མགོ་སྦས་ན་ཉི་མགོ་ཡོང་ཞེས་བཤད་སྲོལ་ཞིག་ཡོད་དེ། དེ་ནི་དཔེར་ན། ནངས་སྔ་མོར་གནམ་ངོ་ཡོངས་སྤྲིན་གྱིས་བཀང་ཤིང་ཉི་མ་སྒྲིབ་ཏེ་དུས་ལྟར་མ་ཤར་ན། དུས་ཡུན་ཅུང་ཙམ་འགོར་རྗེས་སྤྲིན་པ་རིམ་བཞིན་ཡལ་ཏེ་ཉི་མ་ད་གཟོད་སྤྲིན་གྱི་གསེང་བརྟོལ་ཏེ་འཆར་འོངས་བ་དེ་ལ་ཟེར།
བཞི་བ། འབྲུག་སྒྲར་བརྟེན་ནས་གནམ་གཤིས་བརྟག་པ།
  དགྲ་ཁ་བཙན་ཆེ་ན་འགྲིག་རྟགས། ། འབྲུག་ངར་སྐད་ཆེ་ན་དྭངས་རྟགས་ཞེས་འབྲུག་གི་ངར་སྐད་ཆེ་ན་ཆར་ཤ་ཙམ་རེ་ཡོང་བ་མ་གཏོགས་ཆར་བ་ཆེན་པོ་མི་འབབ་པར་གནམ་དྭངས་བར་བཤད།
ལྔ་བ། སྨུག་པར་བརྟེན་ནས་གནམ་གཤིས་བརྟག་པ།
  སྔ་དྲོ་སྨུག་ནག་ཐང་ལ་ལྷུང་ན། ། ཕྱི་དྲོ་ཆུ་ནག་ཙད་ཀྱིས་གདུ་ཞེས་སྔ་དྲོ་སྨུག་པ་སྟུག་པོ་འཐིབ་ན་ཕྱི་དྲོ་ཚ་གདུག་ཡོང་བ་དང༌། གཞན་ཡང་རྫ་མགོར་སྨུག་པ་རྒྱུ་ཤུགས་དྲག་ན་གནམ་འཐིབ་པ་དང་ཆར་འབབ་པའི་རྟགས་སུ་སྙམ་སྟེ། སྟོན་དུས་དང་དབྱར་དུས་སུ་གནམ་འཐིབ་ཤིང་ཆར་འབབ་པའི་སྐབས་སུ། རི་མགོའི་སྨུག་པ་ཀྱང་གཅིག་གིས་གཅིག་བདས་ཏེ་འགྲོ་བ་ལྟར་བར་མཚམས་མེད་པར་རྒྱུག་བཞིན་པའི་སྣང་ཚུལ་དེ་ཡང་ཆར་གྱི་འབབ་རྒྱུན་མི་ཆད་པའི་རྟགས་སུ་བཤད་ལ། ཡུལ་མི་ཚོས། དེ་རིང་ཡང་རི་མགོར་སྨུག་པ་རྒྱུགས་བཞིན་ཡོད་པས་གནམ་མི་དྭངས་བ་འདྲ་ཞེས་བཤད་སྲོལ་ཡོད།
དྲུག་པ༌། སྤྲིན་གྱི་ཡལ་སྟངས་སོགས་ལ་བལྟས་ནས་གནམ་གཤིས་བརྟག་པ།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།