-
བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོའི་འཁྲུངས་ཡུལ་ལ་དཔྱད་སྟངས་མི་འདྲ་བ་སྣ་ཚོགས་ཡོད་ཅིང་འདིར་འཁྲུངས་ས་གཙོ་བོ་ཉང་དག་ཀོང་གསུམ་གྱི་ནང་ཚན་ཉང་པོའི་ཡུལ་ཡིན་པ་དང་།ཁོང་གི་མི་ཚེ་ཧྲིལ་པོར་ཆོས་སྲིད་ཀྱི་བྱ་བ་མཛད་སའང་ས་ཆ་དེར་ངོས་འཛིན་བྱས་ཡོད་ལ།རྗེས་སུ་ལོ་ངམ་རྟ་རྫི་དང་འཁྲུགས་པ་ཤོར་ནས་ཚེ་ཡི་འཕེན་པ་རྫོགས་ས་ཡང་ཉང་ཆུའི་སྨད་ད་ལྟའི་བརྒྱད་གཅིག་གྲོང་ཁྱེར་ཉིང་ཁྲི་རྫོང་གི་ས་ཁུལ་ཀོ་རོ་ཟམ་ཁ་ཞེས་པར་ངོས་འཛིན་བྱས་ཡོད།...
2022-02-14 14:38:48 དགེ་བཤེས་རྔུལ་རྫའི་བྲག 35317 -
འདིར་རྩོམ་པ་པོས་ཡིག་རྙིང་འགའི་མ་ཕྱིའི་དགོངས་པ་གཙོ་བོར་བཞག་ནས་རང་ལུགས་འཐད་ལྡན་ལྟར་འོད་འབར་གྱི་གོ་དོན་ཅུང་ཟད་འགྲེལ་ཡོད།...
2022-02-11 08:55:47 བན་ཤུལ་དཔལ་མཁར་རྒྱལ། 35150 -
གསང་སྔགས་ཀྱིས་མཇུག་བསྡུས་པའི་བཙན་པོའི་རྒྱལ་རབས།...
2022-01-28 14:50:24 བན་ཤུལ་དཔལ་མཁར་རྒྱལ། 36182 -
[རྒྱལ་རབས་ལོ་རྒྱུས།]
༄༅། །རྒྱའི་ཡིག་ཚངས་སུ་འཁོད་པའི་ལོ་རྒྱུས་མིང་བརྡ“嗢末”ཞེས་པ་བོད་སྐད་ཀྱི་ཐ་སྙད་གང་ལས་བྱུང་བར་དཔྱད་པ།
དུས་རབས་དགུ་བའི་མཇུག་ཙམ་ལ་ཧ་སེ(河西)་ཕྱོགས་སུ་སྤུ་རྒྱལ་གྱི་དབང་ཤུགས་ཉམས་པ་དང་བསྟུན་ཡུལ་དེ་གའི་ཚོ་ཤོག་དང་རྒྱལ་ཕྲན་མང་པོ་ས་གནས་བཅད་བཟུང་གི་རྣམ་པར་གནས་མགོ་ཚུགས་ཤིང་།དེ་རྣམས་ལས་རྒྱ་ཡིག་ཏུ“嗢末”ཞེས་སུ་འབོད་པའི་མདོ་སྨད་ཀྱི་ཚོ་བའམ་རྒྱལ་ཕྲན་འདིའི་སྐོར་རྒྱའི་ལོ་རྒྱུས་ཡིག་ཚངས་ཐང་ཡིག་གསར་མ་དང་སྲིད་སྐྱོང་མེ་ལོང་སོགས་སུ་ཐེངས་མང་པོར་འཁོད་ཡོད།དུས་རབས་སྔོན་མའི་དཀྱིལ་ཙམ་ནས་རིག་གཞུང་ཞིབ་འཇུག་གི་སྡེ་རུ་ཚོ་ཤོག་གམ་རྒྱལ་ཕྲན་འདིའི་བོད་མིང་གང་ཡིན་ཐད་བོད་དམག་དང་འབངས་མི།དབོན་པོ།གཡོག་མི།མུན་མག་དང་གཡུང་མི་སོགས་ཡིན་པའི་བཞེད་པ་སྣ་ཚོགས་ཤིག་ཐོན་ཡོད་ནའང་།ད་སྔའི་བར་ད་དུང་ལྟ་ཚུལ་གཅིག་མཐུན་ཞིག་ཆགས་ཐུབ་མེད།དེ་བས་དཔྱད་རྩོམ་འདིར་ཁོ་བོས་ལོ་རྒྱུས་སྐད་བརྡ་རིག་པའི་སྒྲ་གདངས་རིག་པ་དང་ཡིག་ཆ་ཞིབ་བསྡུར་གྱི་ཞིབ་འཇུག་གི་ཐབས་ལམ་སྤྱད་དེ།ཞིབ་འཇུག་པ་སྔ་མ་དག་གིས་དོ་སྣང་མ་བྱས་པའི་རྒྱ་ཡིག་གི་ཐ་སྙད་གང་དེའི་གནའ་དུས་བར་མའི་ནུབ་བྱང་རྒྱ་སྐད་ཀྱི་སྒྲ་གདངས་དང་བསྟན་པ་ཕྱི་དར་གྱི་བོད་ཡིག་གི་ཡིག་ཆར་དབྱེ་ཞིབ་བྱས་པ་བརྒྱུད།“嗢末”ཞེས་པའི་ཚོ་ཤོག་འདིའི་བོད་མིང་དངོས་ནི་འོད་འབར་ཡིན་པར་བསྒྲུབས་ཏེ་གཏན་ལ་ཕབ་ཡོད།...
2022-01-28 09:10:25 ཚེ་རིང་བསམ་གྲུབ། 37660 -
འདིར་ཐོག་མར་ཚོང་པ་ཇི་ལྟར་ཆགས་ཚུལ་དང་།ཚོང་ལས་ཇི་ལྟར་དར་ཚུལ།ཚོང་འབྲེལ་བྱེད་སའི་ཡུལ་གྲུ།སྤྱི་གཉེར་ཚོང་ལས།སྒེར་གཉེར་ཚོང་ལས་བཅས་ཁག་ལྔའི་སྒོ་ནས་བྲིས་ཡོད།...
2022-01-18 09:19:07 ཚེ་ཆུང་། 34712 -
བཙན་པོ་མཆོག་ཡར་ལུང་གི་ཕོ་བྲང་བྱམས་སྙོམས་གླིང་དུ་ལྷུམས་སུ་ཞུགས་པ་དང་།དབུས་སྟོད་སྦྲ་སྟོད་ཚལ་དུ་སྐུ་བལྟམས་པར་སྙམ་མོ།།...
2022-01-17 16:21:36 ར་སེ་དཀོན་རྒྱམ། 30173 -
༄༅།།ཐུ་ལུ་ཧུན་(吐谷浑)ནི་རྒྱ་ཆུ་དཀར་མིག་ཡིན་པ་ལས་བོད་རིགས་འ་ཞ་མིན་པའི་ཐོག་མའི་བགྲོ་...
2022-01-12 11:14:35 ཧྲོང་བོ་ཚེ་བརྟན་རྒྱལ། 37543 -
བོད་བཙན་པོའི་བང་སོ་ནི་བོད་ཀྱི་རིག་གནས་ལོ་རྒྱུས་ཞིབ་འཇུག་ལ་ཤིན་ཏུ་མཁོ་གལ་ཆེ་ཞིང་།ཕྱི་གླིང་པའི་མཁས་པ་ཚོས་ཀྱང་འདིའི་སྐོར་ལ་ཞིབ་འཇུག་དང་ཆེད་རྩོམ་སྤེལ་མྱོང་།བོད་ཀྱི་ལོ་རྒྱུས་ཡིག་ཚངས་ཁག་ཏུ་ཡང་འདིའི་སྐོར་ཞིབ་ཙམ་བྱུང་ཡོད།...
2022-01-12 09:31:23 མི་ཉག་འཇིགས་མེད་རྡོ་རྗེ། 34799 -
དཔྱད་རྩོམ་འདིའི་ནང་དུ་བཙན་པོ་མང་སྲོང་མང་བཙན་གྱི་བཙུན་མོ་འབྲོ་བཟའ་ཁྲི་མ་ལོད་དང་དེའི་རུས་རྒྱུད་མཚམས་སྦྱོར་བྱས་པ་བརྒྱུད།ཏུན་ཧོང་ཤོག་དྲིལI.O.J750ནང་བྱུང་བའི“བཙན་མོ་ཁྲྀ་མོ་ལན་གྱྀས།སྟོན་མོ་ཆེན་པོ་གསོལད”ཅེས་པའི་ཁྲོད་ཀྱི་བཙན་མོ་ཁྲྀ་མོ་ལན་བྱ་བ་དེ“འབྲོ་བཟའ་ཁྲི་མ་ལོད”ཡིན་པར་བསྒྲུབས་ཡོད་པ་དང་།དེ་མིན“པོང་ལག་རང་དུ་བཙན་པོ་གཅེན་ལྷ་བལ་ཕོ་རྒྱལ་ས་ནས་ཕབ།”ཅེས་ལྷ་བལ་ཕོ་རྒྱལ་ས་ནས་ཕབ་དོན་ལ་སོགས་པར་དཔྱད་པ་ཅུང་ཟད་བགྱིས་ཡོད།...
2022-01-11 09:44:28 རྟ་མགྲིན་དབང་ཆེན། 35182















青公网安备63252102000006号