སྐབས་བཅུ་གཉིས་པའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཁྲེང་ཏུའུ་རུ་རྒྱལ་ཁའི་ངང་མཇུག་སྒྲིལ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2025-08-20 08:39:24 ཀློག་གྲངས།:
       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་གཉིས་པའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད།
འདི་ནི་ཟླ8པའི་ཚེས17ཉིན་པར་བླངས་པའི་མཇུག་སྒྲིལ་མཛད་སྒོའི་སྟེང་གི་འཁྲབ་སྟོན་རེད།
       འདས་པའི་ཉིན11ནང་། རྒྱལ་ཁབ་དང་ས་ཁུལ116ནས་ཡོང་བའི་ལུས་རྩལ་པ4000ཙམ་གྱིས་རྔུལ་ཆུ་ལ་བརྟེན་ནས་ཕུགས་འདུན་དོན་གཉེར་བྱས་ཏེ། ཁྲེང་ཏུའུ་རུ་ཐུན་མོང་ཐོག“ལུས་རྩལ་གྱི་རྣམ་པར་ཚད་བཀག་མེད”ཞེས་པའི་ངོ་མཚར་ཆེ་བའི་ལེའུ་ཞིག་བརྩམས་ཡོད། གཙོ་སྒྲུབ་ཕྱོགས་ཀྱིས“ལྗང་མདོག་དང་མཉམ་སྤྱོད། སྒོ་འབྱེད། སྤྱོད་གཙང”བཅས་ཀྱི་འགྲན་བསྡུར་གཉེར་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། ཚན་རིག་དང་མཐུན་པའི་འཆར་འགོད་དང་སྒྲིག་འཛུགས་ཞིབ་ཚགས་བྱས་པས། རྒྱལ་སྤྱིའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་མཐུན་ཚོགས་ཀྱི་ཁྱིམ་ཚང་ཆེན་པོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་འཇོག་རྒྱ་ཁྱབ་ཐོབ་པ་རེད།
       ཀྲུང་གོའི་ལུས་རྩལ་འཐུས་ཚོགས་ཀྱིས་སྐབས་འདིའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ36དང་། དངུལ་གྱི་རྟགས་མ17། ཟངས་ཀྱི་རྟགས་མ11བཅས་བསྡོམས་པས་རྟགས་མ64ཐོབ་པ་དང་། གསེར་གྱི་རྟགས་མ་དང་རྟགས་མའི་བསྡོམས་འབོར་ཚང་མས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་དེ། གསེར་གྱི་རྟགས་མ་དང་བྱ་དགའི་རྟགས་མས་ཆེས་ཐོག་མར་ཨང་རིམ་དང་པོར་སླེབས་ནས། རང་རྒྱལ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ནང་ཞུགས་པའི་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་དེ་བཏོད། །
འདི་ནི་ཟླ8པའི་ཚེས17ཉིན་ཀྲུང་གོའི་ལུས་རྩལ་འཐུས་ཚོགས་མཇུག་སྒྲིལ་མཛད་སྒོའི་སྟེང་ཚོགས་རར་ཞུགས་བཞིན་པའི་ཚུལ་རེད།
འདི་ནི་ཟླ8པའི་ཚེས17ཉིན་པར་བླངས་པའི་མཇུག་སྒྲིལ་མཛད་སྒོའི་ཡུལ་དངོས་རེད།
འདི་ནི་ཟླ8པའི་ཚེས17ཉིན་པར་བླངས་པའི་མཇུག་སྒྲིལ་མཛད་སྒོའི་སྟེང་གི་རིག་རྩལ་འཁྲབ་སྟོན་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།