མཱར་ཁུ་ཟིའི་བཅར་འདྲིའི་གླེང་མོལ།
རྩོམ་པ་པོ།: འབྲོང་ཕྲུག་གིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-05-08 10:48:00
ཀློག་གྲངས།:
མིན་ཏའོ་སཱ།དེ་ན། 《ལོ་བརྒྱའི་ཁེར་ཧྲེང་》ནི་སྣང་བརྙན་ཅི་འདྲ་ཞིག་ལ་གཞི་བཅོལ་བ་ཡིན།
མཱར་ཁུའེ་སི།དེ་ནི་རྒད་པོ་ཞིག་གིས་བྱིས་པ་ཞིག་ཁྲིད་ནས་ཆབ་རོམ་ལ་ལྟ་རུ་སོང་བ་དེ་ཡིན། སྐབས་དེར། དུད་འགྲོའི་སྒྱུ་རྩལ་ཚོགས་པས་ཆབ་རོམ་ནི་ཧ་ཅང་དཀོན་པའི་ནོར་བུ་ཞིག་གི་ཟོལ་གྱིས་བཤམས་སྟོན་བྱེད་པ་རེད།
མིན་ཏའོ་སཱ།ཁྱེད་ཀྱི་སྤོ་པོ་དམག་དཔོན་མཱར་ཁུའེ་སི་ཡིན་ནམ།
མཱར་ཁུའེ་སི། ཡིན།
མིན་ཏའོ་སཱ།དེ་ལྟར་བཤད་ན། ཁྱེད་ཀྱིས་དངོས་ཡོད་ཀྱི་འཚོ་བའི་ཁྲོད་ནས་སྒྲུང་གཏམ་གྱི་རྒྱུ་ཆ་འཚོལ་སྡུད་བྱེད་ཀྱིན་ཡོད་དམ།
མཱར་ཁུའེ་སི། ཐད་ཀར་དུ་དངོས་ཡོད་ཁྲོད་བླངས་པ་མིན་པར། དེའི་ཁྲོད་ནས་བློ་སྒོ་ཕྱེས་པ་དང་ཚོར་བའི་ཀློང་རྡོལ་བ་ཡིན། ང་ཚོ་ཨའར་ཁཱ་ཐྲ་ཁཱ་རུ་གནས་བཅའ་དུས་སུ། ང་རང་ལོ་ན་ད་དུང་ཆུང་། ཐེངས་ཤིག སྤོ་བོས་ང་རང་ཁྲིད་ནས་དུད་འགྲོའི་སྒྱུ་རྩལ་འཁྲབ་སྟོན་ཚོགས་པའི་རྔ་ནོག་གཅིག་ཅན་གྱི་རྔ་མོང་ལ་ལྟ་རུ་སོང་མྱོང་། ཡང་ཉིན་ཞིག་ལ། ངས་ངའི་སྤོ་བོར་ངས་ད་དུང་ཆབ་རོམ་རིག་མ་མྱོང་ཞེས་བཤད་པ་ན། ཁོས་ང་རང་ངང་ལག་བཟོ་གྲྭའི་མཛོད་ཁང་དུ་ཁྲིད་ཅིང་། མི་ཞིག་ལ་འཁྱགས་སྒམ་གྱི་སྒོ་འབྱེད་དུ་བཅུག་སྟེ། ངའི་ལག་པས་ཆབ་རོམ་ལ་རེག་ཏུ་བཅུག་མྱོང་། 《ལོ་བརྒྱའི་ཁེར་ཧྲེང་》ནི་རྣམ་པ་འདིས་འགོ་བརྩམས་པ་ཡིན།
མིན་ཏའོ་སཱ།ཁྱེད་ཀྱིས་དོན་དག་འདི་གཉིས་ཀ་སྒྲུང་གཏམ་འདིའི་འགོ་རྩོམ་པའི་ཚན་པ་རུ་བྲིས་པ་རེད། གསལ་བོར་བཤད་ན། ཁྱེད་ཀྱིས་ཇི་ལྟར་བྲིས་པ་ཡིན།
མཱར་ཁུའེ་སི། "ལོ་མང་པོ་འགོར་བའི་རྗེས་སུ། དམག་དཔོན་ཨོ་རོས་ལིའང་ནོའུ·སྤོ་འུན་སྦྲིས་ཡཱ་ཉེས་ཉེས་གཅོད་མེ་མདའ་རུ་ཁག་གི་ཁ་གཏད་དུ་ལངས་པ་ན། ཁོའི་ཕ་རྒན་གྱིས་ཁོ་རང་ཁྲིད་ནས་ཆབ་རོམ་ལ་ལྟ་རུ་སོང་བའི་རྒྱང་རིང་གི་ཕྱི་དྲོ་དེ་དྲན་ཡོང་།"
མིན་ཏའོ་སཱ། སྤྱིར་བཏང་དུ་བཤད་ན། ཁྱེད་ཀྱིས་དཔེ་ཆ་ཞིག་གི་འགོ་མའི་སྐད་ཆ་དེ་ལ་མཐོང་ཆེན་བྱེད་ཀྱིན་འདུག ཁྱེད་ཀྱིས་ང་ལ་བཤད་མྱོང་། རྣམ་ཀུན་སྐད་ཆ་འགོ་མ་དཔེ་ཆ་ཧྲིལ་བོའི་ནང་དོན་འཕྲོ་མ་དག་ལས་འབྲི་དཀའ་བ་དང་། དུས་ཚོད་བརླག་འགྲོ་ཟེར། དེ་ཅི་རྒྱུ་རྐྱེན་ཅི་ཞིག་གིས་ཡིན་ནམ།
མཱར་ཁུའེ་སི། རྒྱུ་མཚན་ནི། སྐད་ཆ་འགོ་མ་ནི་དཔེ་ཆ་གྲུབ་པའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཚོད་བགམ་ཞིག་ཏུ་འགྱུར་བས་རེད། དེས་དཔེ་ཆ་ཧྲིལ་བོའི་ཁྱད་ཆོས་དང་གྲུབ་ཚུལ། ཐ་ན་ནང་དོན་ཧྲིལ་བོ་ཐག་གིས་གཅོད་པ་ཡིན།
མིན་ཏའོ་སཱ། སྒྲུང་རིང་ཞིག་བྲིས་ཚར་དགོས་ན། ཁྱེད་ཀྱིས་དུས་ཚོད་རིང་བོ་ཞིག་བཀོལ་དགོས་སམ།
མཱར་ཁུའེ་སི།འབྲི་བ་ཁོ་ནར་དུས་ཚོད་རིང་བོ་ཞིག་མི་དགོས་པར་ཧ་ཅང་མགྱོགས་པོ་འདུག 《ལོ་བརྒྱའི་ཁེར་ཧྲེང་》ནི་ངས་ལོ་གཉིས་མ་འགོར་བས་བྲིས་ཚར་སོང་། འོན་ཀྱང་། ཡིག་གཏགས་འཕྲུལ་ཆས་ཀྱི་གམ་དུ་བསྡད་དེ་ལག་པ་མ་འགུལ་ཡར་སྔོན་ལ། ངས་མི་ལོ་བཅོ་ལྔ་བཅུ་དྲུག་ཙམ་གྱི་དུས་ཚོད་སྤྱད་ནས་སྒྲུང་གཏམ་འདི་བློས་བསླངས་བྱས་པ་ཡིན།
མིན་ཏའོ་སཱ། 《ཁྱིམ་བདག་གི་ཉམས་རྒུད་》ཀྱང་འདི་འདྲའི་དུས་ཚོད་རིང་བོ་ཞིག་ལ་གྲབས་གཤོམ་བྱས་པ་ཡིན་ནམ། དེ་ན། ཁྱེད་ཀྱིས་ལོ་ངོ་ག་ཚོད་སྤྱད་ནས་《སྔུན་ལ་ཁྲོམ་བསྒྲགས་བྱས་ཟིན་པའི་མི་གསད་དོན་རྐྱེན་ཞིག་》ཞེས་པ་དེ་བྲིས་ཚར་བ་ཡིན།
མཱར་ཁུའེ་སི།ལོ་ངོ་སུམ་བཅུ།
མིན་ཏའོ་སཱ།ཅིའི་ཕྱིར་དུས་ཚོད་འདི་འདྲ་རིང་བོ་ཞིག་བཀོལ་དགོས་སོང་བ་རེད།
མཱར་ཁུའེ་སི།སྒྲུང་གཏམ་དུ་ཞིབ་འབྲི་བྱས་པའི་དོན་དག་དེ་ནི༡༩༥༡ལོར་བྱུང་བ་རེད། དེ་དུས། ངས་དེ་ནི་སྒྲུང་རིང་ཞིག་གི་རྒྱུ་ཆར་མི་འོས་པར། གསར་འགྱུར་སྒྲོག་སྤེལ་ཞིག་ཏུ་བྲིས་པས་ཆོག་སྙམ་བྱུང་། ཡིན་ནའང་། དུས་སྐབས་དེར། ཀུ་ལོའན་སྦིས་ཡཱ་རུ་གསར་འགྱུར་སྒྲོག་སྤེལ་གྱི་རྩོམ་ལུགས་འདི་དར་ཁྱབ་མི་ཆེ་བ་དང་། ངའང་ས་གནས་ཤིག་གི་ཚགས་པར་གྱི་གསར་འགོད་པ་ཡིན་ལ། ཚགས་པར་ཁང་གིས་དོན་དག་འདིའི་རིགས་ལ་དགའ་མོས་ཆེན་པོ་མི་བྱེད་པ་རེད། ལོ་མང་པོ་འགོར་བའི་རྗེས་སུ། ངས་ད་གཟོད་རྩོམ་རིག་གི་ངོས་ནས་དོན་དག་འདིར་འདང་བརྒྱབ་པ་ཡིན། འོན་ཀྱང་། ངའི་ཨ་མ་འདི་འདྲའི་གྲོགས་པོ་མང་པོ་ཞིག་གམ། ཡང་ན། གཉེན་ཉེ་རེ་འགའ་རང་གི་ཞི་ལིས་བྲིས་པའི་དཔེ་ཆའི་ནང་དུ་ཚུད་པར་མི་དགའ་བ་སྐྱེས་སྲིད་པས། ངས་ཀྱང་བློ་ཉིས་འགལ་འདི་ཐག་གིས་གཅོད་མ་ཐུབ་པར་ལུས་སོང་། ཡིན་ནའང་། སྐད་ཆ་དྲང་མོར་བཤད་ན། བརྗོད་བྱ་འདི་ནི་ངས་ལོ་མང་པོའི་རིང་ལ་བསམ་གཞིགས་བྱས་པ་བརྒྱུད། གནད་དོན་གྱི་གནད་འགག་རྙེད་ཅིང་། དེས་ནི་ང་ལ་འགུག་ཤུགས་ཆེན་པོ་ཞིག་སྦྱིན་པ་རེད། གནད་དོན་གྱི་གནད་འགག་ནི་ལག་དམར་གཉིས་ཀར་མི་གསོད་ཀྱི་བསམ་ཚུལ་མེད་པ་མ་ཟད། ཐ་ན། ཁོ་གཉིས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་མི་གཞན་དག་སྔུན་དུ་བུད་ནས་ཁོ་གཉིས་ཀྱི་ཉེས་དོན་ལ་བཀག་འགོག་བྱེད་པའི་རེ་བ་ཆེ་མོད། མཇུག་འབྲས་ཏན་ཏན་གོ་ལྡོག་ཐེབས་པ་རེད། འདི་ནི་སུས་ཀྱང་ལྡོག་ཐབས་མེད་པ་ཞིག་ཡིན་པས། སྐྱོ་གར་འདིའི་འབྱུང་རྩར་གྱུར་བ་རེད། སྐྱོ་གར་འདི་རིགས་ལཱ་ཏིང་མེ་ཀྲུའུ་ཡུལ་དུ་ཧ་ཅང་རྒྱུན་ལྡན་ཡིན་པ་རེད། རྗེས་སུ། སྒྲུང་གཏམ་གྱི་སྒྲིག་གཞིའི་ཕྱོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ངས་ཡུན་རིང་བོར་འབྲི་འགོ་རྩོམ་མ་ཐུབ། དོན་དངོས་སུ། སྒྲུང་གཏམ་དུ་ཞིབ་འབྲི་བྱས་པའི་གཏམ་རྒྱུད་ནི་དོན་རྐྱེན་བྱུང་རྗེས་ཀྱི་ལོ་ཉེར་ལྔའི་རིང་ཞིབ་ཕྲའི་སྒོ་ནས་གྲུབ་པ་ཡིན། སྐབས་དེར། ཁྱོ་ཀས་སྔོན་ཆད་དོར་བའི་ཆུང་མ་ཁྲིད་ནས་ཕྱིར་གྲོང་བརྡལ་དུ་འབྱོར་བ་རེད། ཡིན་ནའང་། ངས་སྒྲུང་གཏམ་གྱི་མཇུག་ནི་ངེས་པར་དུ་ཉེས་དོན་བཟོ་བའི་བྱ་སྤྱོད་ཞིབ་འབྲི་བྱེད་དགོས་པ་དེ་ཡིན་པར་སེམས། དེ་ཐག་གཅོད་པའི་ཐབས་ཤེས་ནི་གཏམ་རྒྱུད་བཤད་མཁན་གྱི་མི་སྣ་རང་ཉིད་བརྩམས་ཆོས་ལས་སྒོར་འབུད་དགོས་པ་(དེ་ནི་ང་རང་ཐེངས་དང་པོར་སྒྲུང་གཏམ་གྱི་སྒོ་ཕྱིར་བུད་པ་ཡིན)དེ་རེད། ཁོས་སྒྲུང་གཏམ་གྱི་དུས་ཚོད་ཀྱི་སྒྲིག་གཞིའི་ཁྲོད་སྣང་བ་རང་ཡན་སྒོས་སྨྱུག་ཁ་ཐོགས་མེད་དུ་བསྐོར་ཆོག་པ་རེད། འདི་ལྟར་དོན་དག་བྱུང་ནས་ལོ་ངོ་སུམ་ཅུའི་རྗེས་སུ། ངས་ཐོག་མར་དེ་ནི་ང་ཚོ་སྒྲུང་གཏམ་པ་དག་གིས་སྣང་མེད་དུ་ལུས་པའི་དོན་དག་ཅིག་ཡིན་པར་གོ་བ་ལོན་སོང་ཞེས་བཤད་ཆོག དེའི་བདེན་པ་ནི་རྩོམ་རིག་གི་ཆེས་ལེགས་པའི་མ་དཔེ་དེ་རེད།
མིན་ཏའོ་སཱ། ཧའེ་མིན་བེ་ཡིས་བརྗོད་བྱ་ཞིག་ལ་འཚབ་འཚུབ་ངང་སྨྱུ་གུ་འགུལ་མི་རུང་ལ། དུས་ཡུན་རིང་བོའང་འགོར་མི་རུང་། གཏམ་རྒྱུད་ཅིག་ལ་ཀླད་པའི་ནང་གསོག་སྟེ་མི་ལོ་དེ་འདྲའི་མང་པོར་ཞིག་འགོར་རུང་། ད་དུང་མ་བྲིས་ཚེ། ཁྱེད་རང་བྲེལ་བ་མི་ལངས་སམ།
མཱར་ཁུའེ་སི། དྲང་མོར་བཤད་ན། གལ་ཏེ། དྲན་ཚུལ་ཞིག་ལོ་མང་པོའི་རིང་མ་བོར་མ་དོར་བར་འདུག་མ་ཐུབ་ཚེ། དེ་ནི་ང་རང་དེ་ལ་དགའ་མོས་མེད་པས་ཡིན། གལ་ཏེ། དྲན་ཚུལ་འདི་རིགས་ངེས་པ་དོན་གྱིས་ཚོད་བགམ་ལེན་ཐུབ་ཚེ། ངས་ལོ་ངོ་བཅོ་ལྔར་དྲན་པའི་《ལོ་བརྒྱའི་ཁེར་ཧྲེང་》དང་ལོ་ངོ་བཅུ་དྲུག་ལ་དྲན་པའི་《ཁྱིམ་བདག་གི་ཉམས་རྒུད།》 མི་ལོ་སུམ་ཅུར་དྲན་པའི་《སྔུན་ལ་ཁྲོམ་བསྒྲགས་ཟིན་པའི་ཉེས་དོན་ཞིག་》ཅེས་པ་ལྟ་བུ་རེད། སྐབས་དེར། འབྲས་བུ་སྨིན་ནས་ཐང་ལ་ལྷུང་བ་ནང་བཞིན། ངས་དེ་མུར་བྲིས་ཚར་སོང་།
མིན་ཏའོ་སཱ།ཁྱེད་ཀྱིས་དག་བཅོས་བྱས་པ་མང་ངམ།
མཱར་ཁུའེ་སི།འདིའི་ཕྱོགས་ནས། ངའི་བྱ་བར་འགྱུར་བ་ཆེན་པོ་ཞིག་ཐེབས་ཡོད། ང་རང་ལོ་ན་གཞོན་དུས་སུ། ངས་འབྲི་ཐེངས་གཅིག་གིས་བྲིས་ཚར་རྗེས། ད་གཟོད་མ་ཕྱི་གཅིག་ཚར་འགའ་དཔར་ཏེ་དག་བཅོས་བྱས་པ་ཡིན། ད་ལྟ། ངས་འབྲི་ཞོར་དང་བཅོ་ཞོར་བྱེད་ཀྱིན་ཡོད། འདི་ལྟར་ཉིན་གཅིག་ལ་བྲིས་ཀྱང་ངའི་འབྲི་ཤོག་ངོས་སུ་བཟོ་བཅོས་དང་ནག་ནོག་མེད་པར་གཙང་མ་གཙང་རྐྱང་ཡིན་པས། ཐད་ཀར་དཔར་སྐྲུན་ཁང་ལ་བསྐྱལ་ཀྱང་ཆོག་གོ །
མིན་ཏའོ་སཱ།ཁྱེད་ཀྱིས་འབྲི་ཤོག་མང་པོ་བརླག་མྱོང་ངམ།
མཱར་ཁུའེ་སི།དེ་ལ་བརྩིས་ནས་གྲངས་ཀ་ཞིག་མི་འདུག ངས་ཐོག་མར་འབྲི་ཤོག་ལེབ་གཅིག་ཡིག་གཏགས་འཕྲུལ་ཆས་སུ་བཅུག་པ་ཡིན།
མིན་ཏའོ་སཱ། ཁྱེད་ཀྱིས་ནམ་རྒྱུན་ཡི་གེ་གཏགས་པ་ཡིན་ནམ།
མཱར་ཁུའེ་སི།ཡིན། ངས་གློག་སྒུལ་ཡིག་གཏགས་འཕྲུལ་ཆས་བཀོལ་བ་ཡིན། གལ་ཏེ། ནོར་འཆུག་བྱུང་སྟེ། གཏགས་པའི་ཡི་གེ་ལ་ཡིད་མི་ཚིམ་པའམ། ཡང་ན། གཏགས་ནོར་བྱུང་བ་ཡིན་ཚེ། ངའི་གོམས་གཤིས་ངན་པ་ཡིན་ན་འདྲ་ལ། ལོབས་ཕྱོགས་ཡིན་ནའང་འདྲ། ད་དུང་ཚད་ལས་བརྒལ་བའི་སེམས་ཆུང་གིས་ཡིན་ནའང་འདྲ། གང་ལྟར། ངས་འབྲི་ཤོག་བླངས་ནས་གསར་བ་ཞིག་ཏུ་བརྗེ་བ་ཡིན། དེ་བས། ཤོག་གྲངས་བཅུ་གཉིས་ཅན་གྱི་སྒྲུང་ཐུང་ཞིག་ལའང་། ངས་འབྲི་ཤོག་ལྔ་བརྒྱ་ལྷག་བརླག་པའི་སྐབས་ཀྱང་ཡོད། འདི་ནི་ང་ལ་གཤིས་ཀ་གྱོང་བོ་ཞིག་ཡོད་པས་རེད་དེ། ངས་ནམ་ཡང་ཡི་གེ་གཏགས་འཆུག་བྱུང་བ་ནི་གསར་རྩོམ་གྱི་ནོར་འཆུག་དང་གཅིག་མཚུངས་ཡིན་པར་སེམས་ཀྱིན་ཡོད། སྐྱོན་ཆ་འདི་ངས་བསྒྱུར་ཐབས་མི་འདུག
མིན་ཏའོ་སཱ།རྩོམ་པ་པོ་མང་པོ་ཞིག་གློག་སྒུལ་ཡིག་གཏགས་འཕྲུལ་ཆས་ལ་ལོབས་ཀྱིན་མི་འདུག ཁྱེད་ལ་གནས་ཚུལ་འདི་འདྲ་བྱུང་མྱོང་ངམ།
མཱར་ཁུའེ་སི།ང་ལ་བྱུང་མ་མྱོང་། ང་དང་གློག་སྒུལ་ཡིག་གཏགས་འཕྲུལ་ཆས་བར་དུ་འབྲལ་ཐབས་མེད་པའི་ལས་འབྲེལ་ཞིག་ཆགས་ཡོད། འདི་ལྟ་བུའི་ཡིག་གཏགས་འཕྲུལ་ཆས་མ་བཀོལ་ཚེ། ངས་གསར་རྩོམ་བྱེད་ཐབས་མི་འདུག ངའི་བསམ་པར། སྤྱིར་བཏང་དུ་བཤད་ན། བག་ཕེབས་དང་སྣ་འཛོམས་ཀྱི་ཆ་རྐྱེན་དེ་དག་གིས་ངའི་གསར་རྩོམ་ལ་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོང་མོད། འཆར་ཡན་རིང་ལུགས་ཀྱི་ལྷ་སྒྲུང་འདི་འདྲ་ཞིག་ཡོད་དེ། དེ་ནི་རྩོམ་པ་པོས་གསར་རྩོམ་གང་རུང་ཞིག་བྱེད་དགོས་ན། ངེས་པར་དུ་ལྟོགས་སྐོམ་གྲང་འཁྱག་ལ་སོགས་པའི་དཀའ་སྡུག་གང་མང་ཞིག་མྱང་དགོས་པར་བཤད་པ་དེ་རེད། ང་རང་འདི་ལ་ཡིད་གཏན་ནས་མི་ཆེས། ངས་བཟའ་བཅའ་འཛོམས་པོས་གློག་སྒུལ་ཡིག་གཏགས་འཕྲུལ་ཆས་བཀོལ་ནས་གསར་རྩོམ་བྱེད་པར་མཐུན་རྐྱེན་ལེགས་པོ་ཞིག་སྐྲུན་ཡོད་བསམ།
མིན་ཏའོ་སཱ།ཁྱེད་ཀྱིས་བཅར་འདྲི་དང་ལེན་བྱེད་དུས་སུ། རང་ཉིད་ཀྱིས་གསར་རྩོམ་བྱེད་སྒང་གི་བརྩམས་ཆོས་མི་གླེང་བ་ཧ་ཅང་ཉུང་། དེ་ནི་རྒྱུ་མཚན་ཅིའི་ཕྱིར།
མཱར་ཁུའེ་སི།དེའི་རྒྱུ་མཚན་ནི། ངས་གསར་རྩོམ་བྱེད་སྒང་གི་བརྩམས་ཆོས་ནི་ང་མི་སྒེར་གྱི་འཚོ་བའི་གྲུབ་ཆ་ཞིག་ཡིན་པས་རེད། དྲང་མོར་བཤད་ན། ངས་བཅར་འདྲིའི་སྐབས་སུ་མ་འོངས་པའི་བརྩམས་ཆོས་ཆེ་ཆེར་བསྒྲགས་གིན་པའི་རྩོམ་པ་པོ་དེ་དག་ལ་སྙིང་རྗེ་སྐྱེས་ཡོང་། རྒྱུ་མཚན་ནི། འདིས་ནི་ཁོ་ཚོའི་དོན་དག་གི་འཕེལ་རིམ་ལ་ཚེགས་ཆེ་བ་མཚོན་པ་རེད། ཁོ་ཚོས་སྒྲུང་གཏམ་གསར་རྩོམ་གྱི་ཁྲོད་ནས་ཐག་གཅོད་མ་ཐུབ་པའི་གནད་དོན་དེ་ཁྱེར་ཡོང་ནས་ཚགས་པར་དང་དུས་དེབ་སོགས་ནས་ཐག་གཅོད་བྱས་ཏེ། རང་སེམས་རང་གིས་གསོ་བཞིན་ཡོད་པ་རེད།
མིན་ཏའོ་སཱ།ཡིན་ནའང་། ཁྱེད་ཀྱིས་རྒྱུན་པར་ཁྱེད་ཀྱི་བློས་ཐུབ་ཀྱི་གྲོགས་པོ་དག་ལ་རང་གིས་གསར་རྩོམ་བྱེད་སྒང་གི་བརྩམས་ཆོས་གླེང་གིན་ཡོད་པ་མིན་ནམ།
མཱར་ཁུའེ་སི།དེ་བདེན། ངས་ཁོ་ཚོར་ལས་ཀ་ལྕི་མོ་ཞིག་བཞག་པ་ཡིན། ངས་སྒྲུང་གཏམ་ཞིག་འབྲི་འཆར་ཡོད་དུས། རྒྱུན་པར་གྲོགས་པོ་ཚོར་གཏམ་གླེང་བྱས་པ་ཡིན། ཐབས་བཀོལ་འདི་སྤྱད་ན། ངས་རང་གི་རྩོམ་ཡིག་དེ་གང་དུ་བྲིས་པ་ལེགས་ཤིང་། གང་དུ་བྲིས་པ་ད་དུང་མི་འདང་པ་ཤེས་ཐུབ། འདི་ནི་མུན་ནག་གི་ཁྲོད་ནས་མདུན་སྐྱོད་ཀྱི་ཁ་ཕྱོགས་འཚོལ་བའི་མན་ངག་ཅིག་གོ །
མིན་ཏའོ་སཱ།ཁྱེད་ཀྱིས་འབྲི་སྒང་གི་སྒྲུང་གཏམ་དེ་གཞན་ལ་ཉན་དུ་འཇུག་མོད། འོན་ཀྱང་། གཞན་ལ་བལྟ་རུ་འཇུག་མ་མྱོང་སྐད།
མཱར་ཁུའེ་སི།ངས་ནམ་གཞར་ཡང་གཞན་ལ་སྟོན་མི་སྲིད། འདི་ནི་ངས་ཅིས་ཀྱང་བརྩི་སྲུང་བྱེད་དགོས་པའི་ཚད་གཞི་ཞིག་ཏུ་གྱུར་ཡོད། དོན་དངོས་སུ། ངས་ནམ་ཡང་རྩོམ་རིག་གསར་རྩོམ་གྱི་ལམ་དུ། རྩོམ་པ་པོ་ནི་ཁེར་རྐྱང་གི་འཐབ་འཛིང་པ་ཞིག་ཡིན་པར་བསམ་ཡོད། འདི་རླབས་གཡོ་མཚོ་སྐྱོམ་ཁྲོད་ཀྱི་རྐྱེན་ངན་ལ་འཕྲད་མཁན་སུ་ཞིག་གི་འཕགས་འཚག་དང་འདྲ་སྟེ། འདི་ནི་འཇིག་རྟེན་སྟེང་ཆེས་ཁེར་རྐྱང་གི་ལས་རིགས་ཤིག་ཡིན་པས། སུས་ཀྱང་སུར་ཁོས་འབྲི་སྒང་གི་བརྩམས་ཆོས་འབྲི་རོགས་བྱེད་ཐབས་མེད།
མིན་ཏའོ་སཱ།ཁྱེད་ཀྱིས་བལྟས་ན། ཆེས་ལེགས་པའི་རྩོམ་འབྲིའི་ཁོར་ཡུག་ནི་ཅི་འདྲ་ཞིག་ཡིན་ནམ།
མཱར་ཁུའེ་སི།ངས་ཐེངས་མང་པོ་ཞིག་ལ་བཤད་མྱོང་། སྔ་དྲོར་དབེན་སྟོང་གི་གླིང་ཕྲན་ཞིག་དང་། དགོང་མོར་གྲོང་ཁྱེར་ཆེན་པོ་ཞིག་སྟེ། སྔ་དྲོར། ང་ལ་ལྷིང་འཇགས་མཁོ་བ་དང་། དགོང་མོར། ངས་ཆ་ང་ཉུང་ཙམ་འཐུང་བ་དང་། གཉེན་གྲོགས་དག་ལ་ཁ་བརྡ་བྱེད་དགོས། ངའི་སྣང་བ་ཞིག་ལ། ངེས་པར་དུ་སྲང་མགོ་ཁྲོམ་གཞུང་གི་མི་རྣམས་ལ་འབྲེལ་བའི་རྒྱུན་བསྲིངས་ནས། མིག་སྔར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་དགོས། ངས་འདིར་བཤད་པ་ནི། བའེ་ལེན·ཧྥུའུ་ཁུག་ནཱ་ཡི་བསམ་ཚུལ་དང་གཅིག་འདྲ་ཡིན། གོ་ཐོས་ལ། རྩོམ་པ་པོའི་ཆེས་ལེགས་པའི་ཡུལ་ནི་འདུ་འཛིའི་ཁྲོམ་སྲང་སྟེ། སྔ་དྲོ་ལྷིང་འཇགས་དབེན་སུམ་དང་། དགོང་མོར་དགའ་དགོད་སྤྲོ་གླེང་གིས་ཁེངས་ཡོད་པ་ཞིག་ཡིན་འོས་སྐད།
མིན་ཏའོ་སཱ།ང་ཚོས་རྩོམ་འབྲིའི་ཐབས་རྩལ་སྐོར་གཙོ་བོར་འཛིན་ལ་ཁ་བརྡ་བྱེད། ཁྱེད་ཀྱི་རྩོམ་འབྲིའི་འཚོ་བ་རིང་མོའི་ཁྲོད་དུ། ཁྱེད་ལ་ཤུགས་རྐྱེན་ཐེབས་ཚད་ཆེས་ཆེ་བ་དེ་སུ་ཡིན། ཁྱེད་ཀྱིས་ང་ལ་བཤད་ཆོག་གམ།
མཱར་ཁུའེ་སི།ཆེས་ཐོག་མ་ནི་ངའི་རྨོ་མོ་ཡིན། ཁོ་མོས་ང་ལ་བ་སྤུ་གྱེན་ལ་གཟེངས་པར་བྱེད་པའི་གཏམ་རྒྱུད་མང་པོ་བཤད་མྱོང་བ་དང་། དེ་དག་ཀྱང་ཁོ་མོས་ད་སོ་མར་དངོས་སུ་མཐོང་བ་དང་འདྲ་བ་ཞིག་བཤད་ཡོང་། ཁོ་མོས་གཏམ་རྒྱུད་བཤད་དུས་སུ་བབ་བརླིང་ཆེ་ཞིང་། གསོན་ཉམས་ལྡན་ལ། མངོན་སུམ་གསལ་རྗེན་ཞིག་ཡིན་པས། གཏམ་རྒྱུད་དེ་དག་ལ་ཉན་མ་ཐག་བདེན་པར་མི་རློམ་རང་རློམ་རེད། ངས་ཏག་ཏག་ངའི་རྨོ་མོའི་ཐབས་ཤེས་འདི་བཀོལ་ནས་《ལོ་བརྒྱའི་ཁེར་ཧྲེང་》གསར་རྩོམ་བྱས་པ་ཡིན།
མིན་ཏའོ་སཱ།དེ་ན། ཁོ་མོས་ཁྱེད་ལ་རང་ཉིད་རྩོམ་པ་པོ་ཞིག་ཏུ་འགྱུར་སྲིད་པ་ཚོར་དུ་བཅུག་པ་ཡིན་ནམ།
མཱར་ཁུའེ་སི།དེ་ཁོ་མོ་མིན་པར་ཁཱ་ཧྥུ་ཁཱ་ཡིན། ངས་བསམ་ན། ཁོས་ངའི་རྨོ་མོའི་ཐབས་ཤེས་དེ་སྤྱད་ནས་འཇར་མན་གྱི་སྐད་ཆས་གཏམ་རྒྱུད་བཤད་པ་ཡིན་ངེས། ང་རང་ལོ་བཅུ་བདུན་ལ་བུད་པའི་ལོ་དེར་《གཟུགས་འགྱུར་ཟིན་ཐོ་》བཀླགས་པ་ཡིན། སྐབས་དེར། ངས་རང་ཉིད་རྩོམ་པ་པོ་ཞིག་ཏུ་འགྱུར་སྲིད་པར་ཡིད་ཆེས་རྙེད་སོང་། ཉིན་ཞིག་གི་ཞོགས་པར་མི་སྣ་གཙོ་བོ་ཀིའུ་ལི་ཀའོ་ཨར·སཱ་མུའུ་ཧྲ་གཉིད་ལས་སད་དུས། རང་ཉིད་སྔར་ནས་སྦུར་བ་ཞིག་ཏུ་གྱུར་ཟིན་པ་མཐོང་རྗེས། ངའི་སེམས་ལ་"མ་གཞི་འདི་ལྟར་འབྲི་དགོས་པ་རེད་ཨང་། གལ་ཏེ། འདི་ལྟར་འབྲི་ཐུབ་ཚེ། ང་ལའང་སྤྲོ་བ་སྐྱེས་སྲིད་"སྙམ་སོང་།
མིན་ཏའོ་སཱ།ཁྱེད་ཀྱིས་ཅིའི་ཕྱིར་དོན་དག་འདི་འདྲ་ཞིག་ལ། དོ་སྣང་དེ་འདྲ་ཞིག་ཆེན་པོ་ཞིག་བྱེད་དགོས་བྱུང་སོང་། འདི་ནི་དེ་ནས་བཟུང་རྩོམ་ཡིག་འབྲི་བ་དེ་ཇི་ལྟར་བློ་བཅོས་བྱེད་འདོད་ན་དེ་ལྟར་བྲིས་ཆོག་པ་ཞིག་ཏུ་གྱུར་སོང་ཞེས་བཤད་ཆོག་གམ།
མཱར་ཁུའེ་སི།དེ་ནི་ང་རང་གློ་བུར་སད་རྟོག་བྱུང་བ་ཡིན་ཏེ། མ་གཞི་རྩོམ་རིག་གི་ཁྱབ་ཁོངས་སུ། སྔོན་ཆད་རང་གིས་བློར་བཟུང་མྱོང་བའི་སློབ་འབྲིང་སློབ་དེབ་སྟེང་གི་འགྱུར་མེད་རིངས་པོ་དང་སློབ་དཔྱོད་རྣམ་པའི་བསླབ་བྱ་དག་ལས་གཞན། ད་དུང་གནམ་ས་གཞན་ཞིག་ཡོད་པ་རེད། འདི་ནི་ཁུར་བོ་ལྕི་མོ་ཞིག་རྒྱབ་ནས་ཕོག་པ་དང་འདྲ། ཡིན་ནའང་། ལོ་ཟླའི་འཁོར་སྐྱོད་དང་བསྟུན་ནས། ངས་གང་བྱུང་སྒྲོ་འདོགས་དང་ཁུངས་མེད་བློ་བཅོས་བྱེད་མི་རུང་ཤེས་སོང་། དེ་ནི་ཉེན་ཁ་ཆེ་བ་ཞིག་ཡིན་པས་རྫུན་གཏམ་མུ་རུ་མཐུད་སྲིད། རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་རྫུན་ཚིག་ནི་འཚོ་བ་དངོས་ཁྲོད་ཀྱི་རྫུན་ཚིག་ལས་ཀྱང་ལྡབ་འགྱུར་གྱིས་ཕུགས་སྐྱོན་རྫོགས་མེད་འབྱུང་སྲིད། ལས་དོན་ཅི་འདྲ་ཁུངས་མེད་ཅིག་ཡིན་རུང་། དེ་ལ་དེ་བསྟུན་གྱི་ཚད་གཞི་ཞིག་ཡོད་པ་རེད། གཏན་ཚིགས་མ་ཉོག་པ་དང་། ཁུངས་ལུང་མེད་པའི་ལས་སུ་མ་ཞུགས་ཚེ། རྗེས་དཔག་རིང་ལུགས་ཀྱི་ངོ་ཚའི་ཞྭ་མོ་འཕུད་ཐབས་ཡོད་པ་རེད།
མིན་ཏའོ་སཱ།ད་དུང་འཕྲུལ་སྣང་དུའང་ཚུད་མི་རུང་བ་རེད།
མཱར་ཁུའེ་སི།རེད། ད་དུང་འཕྲུལ་སྣང་དུའང་ཚུད་མི་རུང་།
མིན་ཏའོ་སཱ།ཁྱེད་རང་འཕྲུལ་སྣང་ལ་སུན་སྣང་ཆེན་པོ་སྐྱེས་ཀྱིན་འདུག ཅིའི་ཕྱིར།
མཱར་ཁུའེ་སི།རྒྱུ་མཚན་ནི། ངའི་སྣང་ངོར་འཕྲུལ་སྣང་ནི་དངོས་ཡོད་རྫུས་བསྲེས་བྱེད་སྤྱད་ཀྱི་ལག་ཆ་ཞིག་རེད། འོན་ཀྱང་། མདོར་རྩ་དེད་ཡོང་ན། གསར་རྩོམ་གྱི་འབྱུང་ཁུངས་ནི་ནམ་ཡང་དངོས་ཡོད་ཡིན། འོན་ཀྱང་། འཕྲུལ་སྣང་ངམ་བློ་བཟོ་ཆིག་རྐྱང་བ་ནི། བོའར་ཐྲིག·སྦྲེའུ་སི་ནེ་ཡི་དངོས་པོ་དང་འདྲ་བར། དངོས་ཡོད་ཀྱི་ཁུངས་གཞི་མེད་པས། མི་རྣམས་ཆེས་ཞེན་པ་ལོག་པའི་རྒྱུ་རུ་འགྱུར་བ་རེད། ཐེངས་ཤིག་ལ། ངས་སྤྲོ་སེམས་འཁོལ་བའི་ངང་བྱིས་སྒྲུང་ཞིག་བྲིས་ཤིང་། ཁ་བྱང་ལ་《མི་ཚེ་སྟོང་ཟད་དུ་ཕྱིན་པའི་རྒྱ་མཚོ་》ཞེས་བཏགས། ངས་པར་ཞུས་མཐའ་མ་ཁྱེད་ལ་བསྐུར་བ་ན། ཁྱེད་ཀྱིས་ནམ་རྒྱུན་དང་འདྲ་བར། སྦ་གསང་མེད་པའི་སྒོ་ནས་ང་ལ་ཁྱེད་རང་དཔེ་ཆ་འདིར་སྤྲོ་བ་མེད་པར་གླེང་བྱུང་། ཁྱེད་ཀྱིས་བལྟས་ན། འཕྲུལ་སྣང་ནི་ཁྱོད་ལ་མཚོན་ནས་བཤད་ན་ཅི་ཟེར་མི་ཤེས་པ་ཞིག་རེད། ཁྱེད་ཀྱི་སྐད་ཆ་དེས་ང་རང་རྨོངས་པ་ལས་སད་དུ་བཅུག་སོང་། རྒྱུ་མཚན་ནི། བྱིས་པ་རྣམས་ཀྱང་འཕྲུལ་སྣང་ལ་མི་དགའ་བར་རྟོག་བཟོའི་དངོས་ལ་ལ་དགའ་བོ་ཡོད་པ་རེད། འཕྲུལ་སྣང་དང་རྟོག་བཟོ་གཉིས་ཀྱི་ཁྱད་པར་ནི། སྒྲ་རྩལ་འཁྲབ་སྟོན་པའི་ལག་གི་ཤིང་མི་དང་མི་ངོ་མ་གཉིས་ཀྱི་ཁྱད་པར་ལྟ་བུའོ། །
མིན་ཏའོ་སཱ།རྩོམ་རིག་གསར་རྩོམ་དང་རྩོམ་འབྲིའི་ནུས་རྩལ་གྱི་ཕྱོགས་ནས་བཤད་ན། ཁཱ་ཧྥུའུ་ཁཱ་ལས་གཞན་ད་དུང་རྩོམ་པ་པོ་གང་དག་གིས་ཁྱེད་ལ་ཤུགས་རྐྱེན་ཐབས་མྱོང་།
མཱར་ཁུའེ་སི། ཧའེ་མེན་བེ།
མིན་ཏའོ་སཱ།ཁྱེད་ཀྱིས་ཁོ་ནི་རླབས་ཆེན་གྱི་སྒྲུང་རིང་རྩོམ་པ་པོ་ཞིག་ཏུ་ཁས་མི་ལེན་པ་མིན་ནམ།
མཱར་ཁུའེ་སི། ཁོ་ནི་རླབས་ཆེན་གྱི་སྒྲུང་རིང་རྩོམ་པ་པོ་ཞིག་མ་རེད། ཡིན་ནའང་། ཁོ་ནི་ཕུལ་བྱུང་གི་སྒྲུང་ཐུང་རྩོམ་པ་པོ་ཞིག་རེད། ཁོ་ལ་གསུང་ཚིག་གྲགས་ཅན་ཞིག་ཡོད་པ་སྟེ། ཁོས་བཤད་རྒྱུར། སྒྲུང་ཐུང་རྩོམ་པ་པོ་ནི་གངས་རི་ཞིག་དང་འདྲ་བར། མིག་གིས་མཐོང་མི་ཐུབ་པའི་ཆ་ཤས་དེ་རྨང་གཞིར་འཛིན་དགོས། ཡང་ཅིག་བཤད་ན། ཞིབ་འཇུག་དང་བསམ་གཞིགས་ཀྱིས་ཐད་ཀར་བེད་སྤྱོད་མ་བཏང་བའི་རྒྱུ་ཆ་དེ་རྨང་གཞི་བྱེད་འོས་ཞེས་པ་དེ་རེད། རེད་ཡ། ཧའེ་མེན་བེ་ཡིས་མི་རྣམས་ལ་ཐོབ་པ་རྒྱ་ཆེན་གནང་སོང་། ཁོས་ཁྱོད་ལ་ཐ་ན་བྱི་ལ་ཞིག་ཇི་ལྟར་སྲང་ཟུར་ཞིག་ཏུ་དཀྱོག་ཚུལ་ཞིབ་འབྲི་བྱེད་སྟངས་ཀྱང་བཤད་ཟིན།
མིན་ཏའོ་སཱ།གྷུ་ལེན་གྱིས་ཀྱང་ཁྱོད་ལ་ཁྲིད་པ་མི་ཉུང་བར་འདུག ཐེངས་ཤིག ངེད་གཉིས་ཀྱིས་འདིའི་ཕྱོགས་སུ་ཁ་བརྡ་བྱས་མྱོང་།
མཱར་ཁུའེ་སི། བདེན། གྷུ་ལའེ་བེ་མུའུ·གྷུ་ལེན་གྱིས་ང་ལ་ཚ་ཁུལ་གི་གསང་བར་ཉམས་ཞིབ་བྱེད་པའི་ཉམས་མྱོང་མང་པོ་གནང་སོང་། མི་ཞིག་གིས་རང་གཤིས་ཆེས་མཐུག་པའི་དངོས་པོས་ཧ་ཅང་ཆ་རྒྱུས་ཡོད་པའི་ཁོར་ཡུག་ལ་བཏོན་པའི་སྒྱུ་རྩལ་གྱི་གནས་ཚུལ་རགས་བསྡུས་དེ་གདམ་བསལ་བྱེད་དཀའ་སྟེ། རྒྱུ་མཚན་ནི། ཁོས་ཤེས་པ་དེ་ལྟར་ཧ་ཅང་མང་པས། ལག་ཇི་ལྟར་འགུལ་དགོས་པའང་མི་ཤེས་པར་འགྱུར་བ་དང་། བཤད་དགོས་པའི་སྐད་ཆ་དེ་ལྟར་མང་བས། མཇུག་མཐར་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་ཐུབ་པར་འགྱུར། ངས་སྤྲོ་སེམས་འཁོལ་བའི་ངང་ནས་ལྟ་ཞིབ་ནུས་པ་བླ་ལྷག་གིས་མཐོ་བའི་གྷུ་ལོའན་སྦུའུ་དང་ཕེ་ཁཱ་ཧྥོ་ཏཱ། ཧན་རྡུ་གླིང་ཚོམ་ནུབ་མ་བཅས་ཀྱི་ལོ་རྒྱུས་པས་བྲིས་པའི་བརྩམས་ཆོས་བཀླགས་མྱོང་། ངས་ད་དུང་དེབ་རབས་རིང་ལུགས་ཀྱི་མིག་ཤེལ་གྱོན་པའི་སའར་གྷུ་ལི་དང་ཁང་ལཱ་ཏིག དུས་རབས་འདིའི་དུས་མགོའི་ལ་ཏེང་མེ་ཀྲུའུ་ཡི་ཚ་ཁུལ་གྱི་སྲོལ་རྒྱུན་རྩོམ་པ་པོ་དང་ཁོ་ཚོ་མི་མང་པོའི་བརྩམས་ཆོས་བཀླགས་མྱོང་། ངས་མཐོང་བ་ནི་ཁོ་ཚོའི་ལྟ་ཞིབ་དང་སྐབས་དེའི་གནས་བབ་ལ་བར་ཁྱད་ཧ་ཅང་ཆེན་པོ་འདུག མི་ལ་ལ་ནི་ལོ་ལི་ཡི་སྣང་ཚུལ་ཁོ་ན་ཙམ་སྟེ། ལོ་ལི་ཡི་སྣང་ཚུལ་ཇི་ལྟར་མང་ན་མིག་རྒྱང་དེ་ལྟར་ཇེ་ཐུང་དུ་བུད་འགྲོ ང་ཚོས་ཤེས་གསལ་ལྟར། མི་ལ་ལས་ནམ་ཡང་མིང་ཚིག་རེ་འགའ་བསྐྱར་བསྒྲིགས་བྱས་པ་ཙམ་ལས་མ་འདས། གྷུ་ལའེ་བེ་མུའུ·གྷུ་ལེན་གྱིས་ཡང་དག་པའི་སྒོ་ནས་རྩོམ་རིག་གི་གནད་དོན་འདི་ཐག་གིས་བཅད་ཡོད། ཁོས་ཕན་ཚུན་འབྲེལ་བ་མེད་ནའང་། འོན་ཀྱང་། ཕྱི་རོལ་ཡུལ་དུ་ཕན་ཚུན་བརྒྱ་འབྲེལ་སྟོང་སྦྲེལ་གྱི་རྒྱུ་ཆ་གདམ་བསལ་བྱེད་པ་རེད། ཐབས་ཤེས་འདི་བཀོལ་ན། ཚ་ཁུལ་གྱི་གསང་བ་སེ་འབྲུའི་དྲི་ཞིམ་འཐུལ་བ་ལྟ་བུ་ཞིག་ཏུ་་བསྒྱུར་ཐུབ་པ་ཡིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།