མཱར་ཁུ་ཟིའི་བཅར་འདྲིའི་གླེང་མོལ།
རྩོམ་པ་པོ།: འབྲོང་ཕྲུག་གིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-05-08 10:48:00
ཀློག་གྲངས།:
མིན་ཏའོ་སཱ།ཁྱེད་ཀྱིས་ད་དུང་མི་སུ་སུའི་སྟེང་ནས་ཉམས་མྱོང་བླངས་མྱོང་བ་དྲན་ནམ།
མཱར་ཁུའེ་སི། ཕལ་ཆེར་ལོ་ངོ་ཉེར་ལྔའི་ཡར་སྔོན་ཡིན་འདྲ། ངས་ཅཱ་ལ་ཅཱ་སི་རུ་ཧུའུ་ཨན·སྦོ་ཧྲིའི་བསླབ་བྱར་ཉན་མྱོང་། ཁོས་བཤད་ན། རྩོམ་པ་པོའི་ལས་གནས་འདི་དང་་ཁོའི་ཐབས་རྩལ། ཁོའི་བསམ་བཀོད་འཇོན་ཐང་། ཐ་ན། ཁོའི་ཕྲ་ཞིང་ཞིབ་པའི་ལྷུག་བརྗོད་བྱེད་ཐབས་སོགས་ནི། ན་གཞོན་དུས་རབས་ནས་ཁོང་དུ་ཆུད་པ་ཞིག་ཡིན་འོས། ང་ཚོ་རྩོམ་པ་པོ་ནི་ནེ་ཙོ་དང་འདྲ་བར། ལོ་ན་ཡར་རྒྱབ་ཚེ་སྐད་ཆ་བཤད་མི་ཤེས་པ་རེད།
མིན་ཏའོ་སཱ།གསར་འགྱུར་བྱ་བ་འགྲུབ་པ་དེས། ཁྱེད་ཀྱི་རྩོམ་རིག་གསར་རྩོམ་ལ་རོགས་རམ་འདྲ་བྱས་ལོས་ཡོད།
མཱར་ཁུའེ་སི། དེ་བདེན་མོད། འོན་ཀྱང་། མི་གཞན་གྱིས་བཤད་པ་དེ་འདྲ་ཞིག་ག་ལ་ཡིན། གསར་འགྱུར་གྱིས་ང་ལ་སྐད་བརྡ་ཞེས་པའི་ལག་ཆ་འདི་ཁོང་དུ་ཆུད་པར་བྱས་པདང་། གསར་འགྱུར་བྱ་བས་ང་ལ་ཇི་ལྟར་གཏམ་རྒྱུད་ཅིག་གསོན་ཉམས་ལྡན་པའི་སྒོ་ནས་འབྲི་ཚུལ་བསླབ་པ་ཙམ་མོ། བུ་མོ་ལི་མེ་ཐེ་ཟི་རས་གདན་ཞིག་(རས་གདན་དཀར་བོ་ཞིག)གིས་གཅུད་ནས་གནམ་ལ་འཕུར་བ་དང་། ལྷ་བ་ནེ་ཁཱ་ནོའར·ལེ་ཡིས་ནཱས་ཁྲོག་ལེ་ཞིག་(ཁྲོག་ལེ་ཡིན་པ་ལས་གཞན་པའི་བཏུང་བ་མ་ཡིན)ཟས་པ་ན། ས་ངོས་ལི་རྨིད་བཅུ་ཙམ་ཡར་འཕགས་པ། འདི་དག་ཚང་མ་གསར་འགོད་པའི་ལྷུག་བརྗོད་བྱེད་སྟངས་རེད། ནུས་པ་ཆེན་པོ་ཡོད་པ་རེད།
མིན་ཏའོ་སཱ།ཁྱེད་རང་མ་གཞི་ནས་གློག་བརྙན་ལ་དགའ་མཁན་ཞིག་རེད། རྩོམ་པ་པོས་ཀྱང་གློག་བརྙན་གྱི་ཁྲོད་ནས་ཤེས་བྱ་རེ་འགའ་བསྡུ་ལེན་བྱེད་ཀྱིན་ཡོད་དམ།
མཱར་ཁུའེ་སི། ངས་དྲི་བ་འདི་ལ་ཇི་ལྟར་དྲིས་ལན་འདེབ་དགོས་མིན་མི་ཤེས། ང་རང་ངོས་ནས་བཤད་ན། གློག་བརྙན་ལ་བཟང་ཆ་ཡོད་པར་མ་ཟད། དེ་དང་ལྷན་ཅིག་མི་འདང་སའང་ཡོད་པ་རེད། བདེན་དེ། གློག་བརྙན་གྱིས་ང་ལ་ཁྲ་ཁྲ་རིག་རིག་གི་རྣམ་པ་སྣ་ཚོགས་མཐོང་དུ་བཅུག་པ་རེད། ངས་ད་ལྟ་ཤེས་ཚོར་བྱུང་བ་ནི། ལོ་བརྒྱའི་ཁེར་ཧྲེང་ཡར་སྔོན་གྱི་ངའི་བརྩམས་ཆོས་ཡོད་ཚད་ཀྱི་ནང་དུ། ངས་ཚད་ལས་བརྒལ་བའི་ངང་ནས་མིག་མཐོང་ལག་ཟིན་གྱི་མི་སྣ་དང་དོན་དག་མང་པོ་ཞིག་ཞིབ་འབྲི་བྱས་ཡོད་པ་དང་། ད་དུང་དེ་དག་གི་ཡུལ་ལྗོངས་ལེན་པའི་མཐོང་སྣེ་དང་ཟུར་སྣེ་ལའང་འདང་བརྒྱབ་འདུག་པ་དེ་རེད།
མིན་ཏའོ་སཱ།ཁྱེད་ཀྱིས་ད་ལྟ་འཕྲིན་ཡིག་བསྐུར་མཁན་མེད་པའི་དམག་དཔོན་ཞེས་པའི་བརྩམས་ཆོས་དེ་དྲན་ཡོང་ངེས།
མཱར་ཁུའེ་སི། བདེན་གི སྒྲུང་གཏམ་འདིའི་ཁྱད་ཆོས་དང་གློག་བརྙན་འཁྲབ་གཞུང་གཉིས་ཧ་ཅང་འདྲ་བོ་འདུག མི་སྣའི་འགུལ་སྤྱོད་ལ་བརྙན་ཕབ་འཕྲུལ་ཆས་ཀྱིས་ཚོད་འཛིན་ཐབས་པ་དང་འདྲ། ངས་སྒྲུང་གཏམ་འདི་བསྐྱར་དུ་ཀློག་དུས་སུ། ངས་བརྙན་ཕབ་འཕྲུལ་ནས་ཀྱིས་བྱ་བ་སྒྲུབ་པ་མཐོང་ཡོང་། དེ་རིང་། ངས་རྩོམ་རིག་ལག་ཐབས་དང་གློག་བརྙན་ལག་ཐབས་གཉིས་ནི་གཅིག་འདྲ་མིན་པ་རྟོག་སོང་།
མིན་ཏའོ་སཱ།ཁྱེད་ཀྱིས་ཅིའི་ཕྱིར་ཁྱེད་ཀྱི་བརྩམས་ཆོས་ཁྲོད་དུ་ཁ་བརྡར་དེ་འདྲ་མཐོང་ཆེན་མ་བྱས་པ་ཡིན།
མཱར་ཁུའེ་སི།རྒྱུ་མཚན་ནི། ཞི་པན་ཡཱ་ཡི་ཁ་བརྡ་ནི་འཕྲ་ལེ་འཕྲུལ་ལེ་བྱེད་པ་ཞིག་དང་འདྲ་བ་རེད། ངས་ཞི་པན་ཡཱ་ཡི་ངག་ཐོག་ཁ་བརྡ་དང་ཡིག་ངོས་ཁ་བརྡ་གཉིས་ལ་བར་ཁྱད་ཧ་ཅང་ཆེན་པོ་ཞིག་ཡོད་པར་འདོད། འཚོ་བ་དངོས་ཀྱི་ཁྲོད་དུ་ཁ་བརྡ་ནི་སྙན་ཞིང་གསོན་ཉམས་ལྡན་པ་ཞིག་ཡིན་མོད། འོན་ཀྱང་། བརྩམས་སྒྲུང་དུ་བྲིས་ཚེ་དེ་འདྲ་ཞིག་གཏན་ནས་མ་རེད། དེ་བས། ངས་ཁ་བརྡ་བྲིས་པ་ཧ་ཅང་ཉུང་།
མིན་ཏའོ་སཱ།ཁྱེད་ཀྱིས་བརྩམས་སྒྲུང་རིང་བོ་ཞིག་མ་བྲིས་གོང་། རང་གི་སེམས་སུ་བརྩམས་ཆོས་ཁྲོད་ཀྱི་མི་སྣ་རེ་རེའི་མ་འོངས་པའི་བྱ་འགུལ་མཐའ་དག་ཁྲིག་སེར་ཡོད་དམ།
མཱར་ཁུའེ་སི། དྲན་ཚུལ་ཙམ་ལས་མེད། བརྩམས་སྒྲུང་འབྲི་བའི་གོ་རིམ་ཁྲོད་དུ། སེམས་ལ་མ་དྲན་པའི་དོན་དག་མང་པོ་བྱུང་ཡོང་སྟེ། ངས་ཐོག་མར་དམག་དཔོན་ཨོ་རེས་ལིའང་ནོའུ·སྤོ་འུན་སྦྲིས་ཡཱ་ནི་རང་རྒྱལ་གྱི་ནང་འཁྲུག་སྐབས་ཀྱི་དམག་དཔོན་རྒན་པ་ཞིག་དང་། སྡོང་རྒན་ཞིག་གི་འོག་ཏུ་གཅིན་པ་གཏོང་དུས་སུ་འཆི་རུ་འཇུག་རྩིས་ཡོད།
མིན་ཏའོ་སཱ།མེས་སེ་ཏེའུ་ཟིས་ང་ལ་བཤད་རྒྱུར། ཁྱེད་ཀྱིས་ཁོའི་འཆི་བ་འབྲི་དུས་སུ། སེམས་སུ་བཟོད་བརླག་མེད་པའི་སྡུག་བསྔལ་ཞིག་སྐྱེས་ཡོད་ཟེར།
མཱར་ཁུའེ་སི། བདེན་པ་ཡིན། ངས་ནམ་ཞིག་ཁོ་འཆི་རུ་འཇུག་དགོས་མོད། འོན་ཀྱང་། ངའི་སེམས་ཀྱིས་མ་བཟོད་པས་ལག་འགུལ་མ་ཐུབ་པར་ཡུན་རིང་འགོར་སོང་། ཁོ་ལོ་ལོན་པ་དང་བསྟུན་ནས་ཉིན་རྒྱུན་གསེར་གྱི་ཉ་མོ་ལས་ནས་འདུག ཉིན་ཞིག་གི་ཕྱི་དྲོར། ངས་སེམས་ཐག་བཅད་དེ་ད་ནི་ཁོ་འཆི་རན་སོང་བསམ་ཞིང་། ཁོ་འཆི་ལམ་དུ་མི་རྫོངས་ག་མེད་བྱུང་། ངས་ལེའུ་དེ་བྲིས་ཚར་རྗེས། ལུས་ཡོངས་འདར་སིག་སིག་གིས་སུམ་ཐོག་དུ་འགོས་པ་དང་། མེས་སེ་ཏེའུ་ཟི་འང་དེ་རུ་འདུག ཁོ་མོས་ངའི་གདོང་ལ་ལྟ་ཙམ་བྱས་ཤིང་དེ་མུར་དོན་དག་ཅི་ཞིག་བྱུང་བ་ཤེས་སོང་། ཁོ་མོས་དམག་དཔོན་ཤི་སོང་ངམ་ཞེས་དྲིས་བྱུང་། ང་རང་མལ་ཁྲིའི་སྟེང་ལོག་ནས་ཆུ་ཚོད་གཉིས་ལ་ངུས་པ་ཡིན།
མིན་ཏའོ་སཱ།འདྲི་རྒྱུ་ཞིག་ལ། དེ་ནི་ཅི་འདྲའི་རིག་པ་ཀློང་རྡོལ་ཞིག་རེད། དེ་དངོས་སུ་ཡོད་དམ།
མཱར་ཁུའེ་སི།རིག་པའི་ཀློང་རྡོལ་བ་ཞེས་པའི་མིང་ཚིག་འདིས་འཆར་ཡན་རིང་ལུགས་ཀྱི་རྩོམ་པ་པོ་དག་གི་སྙན་ངག་ཁ་འཐོར་དགུ་འཐོར་དུ་བཏང་འགྲོ ངས་དྲན་ཚུལ་ཡིན་ན། དེ་ནི་འཇོན་ཐང་ཞིག་མ་ཡིན་ལ། ལྷན་སྐྱེས་ཤིག་ཀྱང་མ་ཡིན་པར། རྩོམ་པ་པོའི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ཤིག་དང་རྩེར་སོན་པའི་ཐབས་རྩལ་ཞིག་སྟེ། ཁོ་ཚོས་འབད་པ་ཆེན་པོས་མཚོན་ཐབས་བྱེད་དགོས་པའི་ཨ་འགྲིག་ཆ་འགྲིག་གི་བརྗོད་བྱ་དེ་རེད། མི་ཞིག་གིས་ཅི་ཞིག་འབྲི་བསམ་དུས། མི་དེ་དང་ཁོས་མཚོན་འདོད་པའི་བརྗོད་བྱའི་བར་དུ་ཕན་ཚུན་གྱི་བགེགས་སུ་གྱུར་བའི་ཛ་དྲག་གི་འབྲེལ་བ་ཞིག་ཡོད་པ་རེད། རྒྱུ་མཚན་ནི་རྩོམ་ཡིག་འབྲི་པ་པོས་བརྗོད་བྱར་རྩད་གཅོད་ཞིབ་དཔྱད་བྱེད་པ་དང་། བརྗོད་བྱས་འགལ་རྐྱེན་སྣ་ཚོགས་ཇུས་འགོད་བྱས་ཡོད་པ་རེད། སྐབས་ལན་རེར། འགལ་རྐྱེན་སྣ་ཚོགས་བདེ་བླག་ངང་སེལ་རྗེས། སྔོན་ཆད་སེམས་ལའང་མ་དྲན་པའི་དོན་དག་མང་པོ་ཞིག་ལ་འབྱུང་ངེས། སྐབས་འདིར། ཁྱེད་ཀྱིས་ད་གཟོད་རྩོམ་འབྲི་ནི་མི་ཚེའི་ཆེས་ལེགས་པའི་དོན་དག་དེ་ཡིན་པའི་ངེས་ཤེས་སྐྱེད་ཅིང་། དེ་ནི་ངས་ངོས་འཛིན་བྱེད་པའི་རིག་པ་ཀློང་རྡོལ་ཡིན།
མིན་ཏའོ་སཱ།ཁྱེད་ཀྱིས་དཔེ་ཆ་ཞིག་རྩོམ་པའི་གོ་རིམ་ཁྲོད་དུ། སྐབས་ལན་རེར་འཇོན་ཐང་འདི་ཡལ་བའི་དུས་ཡོད་དམ།
མཱར་ཁུའེ་སི།ཡོད། སྐབས་དེར། ངས་སླར་ཡང་མགོ་ནས་མཇུག་བར་བསམ་བློ་གཏོང་དགོས། ངས་གཅུ་འབིག་གིས་ཁྱིམ་གྱི་སྒོ་ཟྭ་དང་སྒར་ཁུང་ཞིག་གསོ་བྱེད་པའམ། སྒོ་ཤིང་ལ་ཚོན་རྩི་བྱུག་པ་སོགས་ཀྱི་ལས་ཀ་བྱས་པ་ཡིན། ངའི་བསམ་པར། ལུས་ཤུགས་ངལ་རྩོལ་གྱིས་ངའི་དོན་དངོས་ཀྱི་འཇིགས་དངངས་སེལ་རོགས་བྱེད་ཐུབ་སྙམ།
མིན་ཏའོ་སཱ།གང་ཞིག་ཏུ་ནོར་སྐྱོན་དེ་དག་འབྱུང་བ་རེད།
མཱར་ཁུའེ་སི།འདི་ནི་རྒྱུན་པར་སྒྲིག་གཞིའི་སྟེང་འབྱུང་གིན་ཡོད།
མིན་ཏའོ་སཱ།སྐབས་ལན་རེར། གནད་དོན་ཚབས་ཆེན་ཡིན་ནམ།
མཱར་ཁུའེ་སི། ཧ་ཅང་ཚབས་ཆེན་རེད། ངས་བསྐྱར་དུ་ཐེངས་གཅིག་མི་འབྲི་ཐུ་མེད་རང་རེད། ༡༩༦༢ལོར་ངས་མོ་ཞི་ཀི་རུ་《ཁྱིམ་བདག་གི་ཉམས་རྒུད་》ཅེས་པ་འབྲི་དུས་སུ། ཤོག་གྲངས་སུམ་བརྒྱར་ཉེ་བ་ཞིག་བྲིས་རྗེས་མ་ཕྱི་རུ་མི་སྣ་གཙོ་བོའི་རུས་མིང་གཅིག་པུ་ལས་མ་བཞག་པས་ཉར་ཚགས་བྱས་པ་དང་། དེ་ནས༡༩༦༨ལོར་པཱ་སེ་ལོ་ནཱ་རུ་བསྐྱར་དུ་བྲིས་འགོ་བརྩམས་ཤིང་། དཀའ་སྡུག་གིས་ཟླ་ངོ་དྲུག་རིང་ལ་བྲིས་རྗེས་སླར་ཡང་འབྲི་མཚམས་འཇོག་དགོས་བྱུང་སོང་། དེའི་རྒྱུ་མཚན་ནི་ངས་མི་སྣ་གཙོ་བོ་སྟེ་ན་རྒས་རྨོངས་རྟུལ་གྱི་སྒེར་གཅོད་པའི་མི་གཤིས་སྐོར་ཀྱི་ཁྱད་ཆོས་རེ་འགའ་འབྲི་ཐབས་མ་རྙེད་པ་ཡིན། ཕལ་ཆེར་ལོ་གཉིས་ཀྱི་རྗེས་སུ། ངས་ཨ་ཧྥེ་རི་ཁའི་རྔོན་ལས་འཚོ་བ་བྲིས་པའི་དཔེ་ཆ་ཞིག་ཉོས་ཤིང་། ཧེ་མེན་བེ་ཡི་དཔེ་ཆ་འདིའི་སྔོན་འགྲོས་ངའི་ཡིད་སེམས་དབང་མེད་བཀུག་སོང་། སྔོན་འགྲོ་འདིས་ང་ལ་རོགས་རམ་ཆེན་པོ་བྱས་མ་སོང་མོད། འོན་ཀྱང་། གླང་ཆེན་ཞིབ་འབྲི་བྱས་པའི་ཚན་པ་དེ་བཀླགས་པ་ན། ངས་སྒྲུང་རིང་འདི་འབྲི་བའི་ཐབས་ལམ་རྙེད་སོང་། མ་གཞི། ངས་གླང་ཆེན་གྱི་ཁྱད་ཆོས་འགའ་ཞིག་གིས་ངའི་བརྩམས་སྒྲུང་ཁྲོད་ཀྱི་སྒེར་གཅོད་པ་དེའི་མི་གཤིས་ཞིབ་འབྲི་བྱས་ཆོག་པ་མ་ཡིན་ནམ།
མིན་ཏའོ་སཱ།ཁྱེད་རང་བརྩམས་ཆོས་ཀྱི་སྒྲིག་གཞི་དང་མི་སྣ་གཙོ་བོ་ལས་གཞན། ད་དུང་གཞན་པའི་གནད་དོན་འཕྲད་མྱོང་ངམ།
མཱར་ཁུའེ་སི། འཕྲད་མྱོང་། ཐེངས་ཤིག་ལ། ངས་རང་གི་བརྩམས་ཆོས་ཁྲོད་ཀྱི་གྲོང་ཁྱེར་ག་གེ་མོ་ཞིག་གི་ཚ་རྨུགས་ཆེ་བའི་གནམ་ཤོག་ལྷེས་འབྲི་མ་ཐུབ་པར་ལུས་སོང་། འདི་ནི་ཧ་ཅང་འབྲི་དཀའ་བ་ཞིག་རེད། རྒྱུ་མཚན་ནི་དེ་ནི་ཅཱ་ལི་པིས་ས་ཁུལ་གྱི་གྲོང་ཁྱེར་ཞིག་ཡིན་ཞིང་། གནས་དེའི་གནམ་གཤིས་ནི་ཚ་བ་འཇིག་དངངས་ཡོང་བ་ཞིག་ཡིན་པས་སོ། །
མིན་ཏའོ་སཱ།དེ་ན་མཇུག་མཐར་ཁྱེད་ཀྱིས་ཇི་ལྟར་ཐག་གཅོད་བྱས་པ་ཡིན།
མཱར་ཁུའེ་སི།ངས་ཐབས་བཀོལ་ཞིག་རྙེད་པ་ནི། ཁྱིམ་ཚང་གང་བོ་ཅཱ་ལི་པིས་ལ་སོང་བ་དང་། ང་རང་གནས་དེ་རུ་ལོ་ངོ་གཅིག་ཏག་ཏག་ལ་ལས་ཀ་ཅི་ཡང་མ་ལས་པར་མྱུལ་ནས་བསྡད་པ་ཡིན། རྗེས་སུ། ང་རང་ཕྱིར་ཁྱིམ་བདག་གི་ཉམས་རྒུད་འབྲི་སའི་པ་སེ་ལོ་ནཱར་ལོག་རྗེས། སྐྱེ་དངོས་འགའ་བཙུགས་ནས་དེ་དག་གི་དལ་བ་དལ་བུར་འཐུལ་བའི་དྲི་བསུང་གི་ཁྲོད་ནས། ངས་ད་གཟོད་ཀློག་པ་པོར་གྲོང་ཁྱེར་འདིའི་གནམ་གཤིས་ཚ་བོ་ཉམས་སུ་མྱོང་དུ་བཅུག་པ་ཡིན། མཇུག་མཐར། དཔེ་ཆ་འདིར་ཡང་སྡུག་མང་པོ་འདག་མ་དགོས་པར་བདེ་བླག་ངང་བྲིས་ཚར་སོང་།
མིན་ཏའོ་སཱ།ཁྱེད་ཀྱིས་དཔེ་ཆ་ཞིག་བྲིས་ཚར་བའི་དུས་སུ། དོན་དག་ཅི་འདྲ་ཞིག་འབྱུང་སྲིད།
མཱར་ཁུའེ་སི།ང་རང་དེ་ལ་མོས་པ་མེད་པརགྱུར་འགྲོ ཧེ་མེན་བེ་ཡིས་གསུང་བ་ནང་བཞིན། དེ་ནི་སེང་གེ་ཤི་རོ་ཞིག་དང་འདྲ།
མིན་ཏའོ་སཱ།ཁྱེད་ཀྱིས་ཕུལ་བྱུང་གི་བརྩམས་སྒྲུང་ནི་སྒྱུ་རྩལ་དངོས་ཀྱི་སླར་མཚོན་ཡིན་ཟེར་བ་མིན་ནམ། ཁྱེད་ཀྱིས་ལྟ་བ་འདིར་འགྲེལ་བ་ཞིག་བྱས་ཆོག་གམ།
མཱར་ཁུའེ་སི། ལོས་ཆོག ངས་བལྟས་ན། བརྩམས་སྒྲུང་ནི་གསང་ཨང་གིས་དངོས་ཡོད་འབྲི་བ་དེ་རེད་ལ། འཇིག་རྟེན་གྱི་ཆེས་མཐར་ཐུག་གི་ཚད་ཐིག་ཀྱང་རེད། བརྩམས་སྒྲུང་ཁྲོད་ཀྱི་དངོས་ཡོད་ནི་འཚོ་བའི་ཁྲོད་ཀྱི་དངོས་ཡོད་དང་མི་འདྲ། སྔུན་མས་གཞུག་མར་ཁུངས་གཞི་བཅོལ་བ་ཙམ་ཡིན་མོད འདི་ནི་རྨི་ལྗོངས་དང་གཅིག་འདྲ་རེད།
མིན་ཏའོ་སཱ། ཁྱེད་ཀྱི་བརྩམས་ཆོས་ཀྱི་ཁྲོད་དུ། ལྷག་པར་དུ་《ལོ་བརྒྱའི་ཁེར་ཧྲེང་》དང་《ཁྱིམ་བདག་གི་ཉམས་རྒུད་》ཁྲོད་དུ། ཞིབ་འབྲི་བྱས་པའི་དངོས་ཡོད་ལ་མིང་བརྡ་ཞིག་ཆགས་ཟིན་འདུག་སྟེ། དེ་ལ་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཅེས་འབོད་པ་རེད། ངས་བསམ་ན། ཨོ་གླིང་གི་ཀློག་པ་པོ་དག་ཁྱེད་ཀྱིས་ལྷུག་བརྗོད་གནང་བའི་སྒྱུ་འཕྲུལ་གྱི་དོན་དག་དེ་དག་ལ་སྤྲོ་བ་ཡོད་མོད། དོན་དག་འདི་དག་གི་བྱུང་རྐྱེན་དངོས་ཡོད་ལ་སྣང་དོགས་མི་བྱེད་པ་རེད།
མཱར་ཁུའེ་སི།དེ་ནི་ཁོ་ཚོའི་རྗེས་དཔག་རིང་ལུགས་ཀྱིས་ཁོ་ཚོའི་མཐོང་ལམ་བཅད་པས་རེད། དངོས་ཡོད་ནི་ཀྲོ་མ་ཀྲིའམ་བྱ་སྒོང་རྒྱ་མ་གང་གི་རིན་གོང་སྒོར་ག་ཚོད་ཡིན་མིན་ཙམ་མ་རེད། ལཱ་ཏིང་མེ་ཀྲུའུ་ཡི་ཉིན་རྒྱུན་གྱི་འཚོ་བས་ང་ཚོར་དངོས་ཡོད་ཁྲོད་དུ་ཁྱད་མཚར་གྱི་དོན་དག་མང་པོས་ཁྱབ་ཡོད་པ་བཤད་ཡོང་། དེ་བས། ངས་ནམ་ཡང་ཨ་རིའི་མྱུལ་དཔྱད་པ་F.W.བེ་ཕུའུ·ཏིག·གུ་ལ་ཧྥོའུ་དཔེར་འཇོག་ངེས་ཏེ། དུས་རབས་སྔོན་མའི་དུས་འགོར། ཁོས་ཡཱ་མ་ཞོན་ཆུ་ངོགས་སུ་མིའི་བློ་ཡིད་ལས་འགོང་བའི་འགྲིམ་བཞུད་ཐེངས་གཅིག་བྱས་པ་དང་། ཐེངས་འདིའི་འགྲུལ་བཞུད་ཀྱིས་ཁོའི་མིག་རྒྱ་ཆེ་རུ་བསྐྱེད་པ་རེད། ཁོས་ལྷོག་ལྷོག་གདུ་བཞིན་པའི་གཙང་བོ་ཞིག་མཐོང་བ་མ་ཟད། ད་དུང་མིས་སྐད་ཆ་བཤད་མ་ཐག་དྲག་ཆར་ཟོ་ཁ་ནས་བྱོ་བ་ལྟར་འབབ་པའི་ས་ཆ་ཞིག་ལའང་ཐོན་མྱོང་། ཨ་གིན་ཐིན་གྱི་ལྷོ་སྣེའི་ལི་བཱ་ཏཱ་བེ་ཡཱ་མཚོ་དམག་གྲོང་ཁྱེར་དུ་འཛུལ་དུས་སུ། རླུང་ཆེན་ཞིག་གིས་དུད་འགྲོའི་སྒྱུ་རྩལ་ཚོགས་པ་ཞིག་གི་མི་ཐམས་ཅད་ནམ་མཁར་ཁུར་སོང་ལ། ཉིན་གཉིས་པར་ཉ་བ་རྣམས་ཀྱི་ཉ་རྒྱས་སེང་གེ་དང་ཤྭ་བ་སྐེ་རིང་གི་ཤི་རོ་མང་པོ་བཟུང་ཡོང་། ངའི་《ལན་ཏིག་གི་ཨ་མ་རྒན་མོའི་འདས་མཆོད་》ཅེས་པའི་སྒྲུང་ཐུང་དུ། ཆོས་དཔོན་གྱིས་ཀོ་ལིན་བྷེན་ཡཱའི་སྡེ་བ་ཞིག་ལ་མི་སེམས་ལ་མ་ཤར་ཞིང་དངོས་ཡོད་དུ་འགྱུར་ཐབས་མེད་པའི་འགྲུལ་བཞུད་ཞིག་བྱས་ཚུལ་བྲིས་ཡོད། ངའི་དྲན་ཡིད་དུ་གསལ་བ་ནི། ངས་ཆོས་དཔོན་ལ་ཕེབས་བསུ་བྱེད་མཁན་ནི་གཟུགས་ཐུང་ཚོ་སྟུག་ཀླད་དམར་ཞིག་ཏུ་བྲིས་ཡོད་དེ། དེ་ནི་སྐབས་དེའི་སྲིད་སྐྱོང་བའི་ཙུང་ཐུང་གཟུགས་རིང་དང་དབྱེ་བ་བགར་ཆེད་ཡིན་མོད། བརྩམས་སྒྲུང་བྲིས་ནས་ལོ་བཅུ་གཅིག་འགོར་བའི་རྗེས་སུ། ཆོས་དཔོན་དངོས་གནས་ཀོ་ལིན་བྷེན་ཡཱ་ལ་འཚམས་འདྲིར་སླེབས་པ་མ་ཟད། ཁོ་ལ་ཕེབས་བསུ་བྱེད་མཁན་གྱི་ཙུང་ཐུང་ནི་ངས་བརྩམས་སྒྲུང་དུ་བྲིས་པ་ཇི་བཞིན་མགོ་རྡོ་གཟུགས་ཐུང་ཚོ་སྟུག་ཅིག་ཡིན་པ་རེད། ངས་《ལོ་བརྒྱའི་ཁེར་ཧྲེང་》བྲིས་པའི་རྗེས་སུ། པྷ་ལན་ཅིས་ལི་ཡཱ་ཡི་ན་གཞོན་ཞིག་གིས་ཁོ་ལ་དངོས་གནས་ཕག་གི་མཇུག་མ་ཞིག་སྐྱེས་སོང་ཟེར། ཁྱེད་ཀྱིས་ཚགས་པར་གྱི་ཁ་ཕྱེ་ནས་བལྟས་པ་ན། ང་ཚོའི་ཉེ་འཁོར་དུ་ཉིན་རྒྱུན་ཁྱད་མཚར་གྱི་དོན་དག་མང་པོ་འབྱུང་གིན་ཡོད་པ་རེད། ངས་ཆེས་སྤྱིར་བཏང་གི་མང་ཚོགས་ཕལ་བ་མང་པོ་ཞིག་ངོ་ཤེས་ཏེ། ཁོ་ཚོས་སྤྲོ་བ་ཆེན་པོའི་སྒོ་ནས་ནན་ཏན་གྱིས་《ལོ་བརྒྱའི་ཁེར་ཧྲེང་》བཀླགས་རྗེས། དེ་ལ་ཨ་མཚར་ཁྱད་མཚར་གྱིས་འདྲོགས་ལངས་ཀྱིན་མི་འདུག དྲང་མོར་བཤད་ན། ངས་ལྷུག་བརྗོད་བྱས་པའི་དོན་དག་ཅི་དང་གང་ཡིན་རུང་དེ་དག་ཚང་མ་ཁོའི་འཚོ་བ་དངོས་བར་ཁྱད་པར་་ཆེ་བའི་དོན་དག་གཅིག་ཀྱང་མེད་པས་རེད།
མིན་ཏའོ་སཱ།དེ་ན། ཁྱེད་ཀྱི་བརྩམས་ཆོས་ཁྲོད་དུ་གླེང་བ་ཡོད་ཚད་ལ་དངོས་ཡོད་ཀྱི་རྨང་གཞི་ལྡན་ནམ།
མཱར་ཁུའེ་སི། ངའི་བརྩམས་སྒྲུང་གི་ནང་དུ། ཡིག་ཕྲེང་གཅིག་ལའང་དངོས་ཡོད་ཀྱི་རྨང་གཞི་སྟེང་མ་བྲིས་པ་ཞིག་མེད།
མིན་ཏའོ་སཱ། ཁྱེད་ཀྱིས་ཁག་ཐེག་བྱེད་ཐུབ་བམ། 《ལོ་བརྒྱའི་ཁེར་ཧྲེང་》ནང་དུ། ཁྱད་མཚར་གྱི་དོན་དག་མང་པོ་ཡོད་པ་རེད། བུ་མོ་སྙིང་རྗེ་ལིས་མེས་ཐྲེ་ཟི་ནམ་མཁར་འཕུར་བ་དང་། ཕྱེ་ལེབ་སེར་བོས་ལྡིང་སྐོར་རྒྱག་པའི་མོ་ལི་ཞིས་ཨོ·བྷ་པི་ལོ་ནེ་ཡཱ་ལྟ་བུ།
མཱར་ཁུའེ་སི། འདི་ལའང་ཁུངས་གཞི་བཅོལ་ས་ཡོད།
མིན་ཏའོ་སཱ།ཁྱེད་ཀྱིས་དཔེ་ཞིག་བཞག་ནས་གསལ་བཤད་བྱོས་དང་།
མཱར་ཁུའེ་སི།མོ་ལི་ཞིས་ཨོ·བྷ་པི་ལོ་ནེ་ཡཱར་མཚོན་ནས་བཤད་ན། ང་རང་ཕལ་ཆེར་ལོ་བཞི་ལྔ་ཙམ་ཡིན་དུས་སུ། ཨ་ལ་ཁཱ་ཐྲ་ཁཱ་རུ་བསྡད་ཡོད། ཉིན་ཞིག་ལ། གློག་བཟོ་བ་ཞིག་ཁྱིམ་དུ་གློག་ཚད་འཇལ་ཆས་ཞིག་གསོ་བྱེད་པར་ཐོན་བྱུང་། དོན་དག་འདི་ཁ་སང་བྱུང་བ་ནང་བཞིན་ད་དུང་ཡང་ངའི་མིག་ལམ་དུ་གསལ་ལེར་འདུག ཁོས་ཀོ་ཐག་ཅིག་གིས་རང་ཉིད་གློག་སྡོང་སྟེང་དུ་བསྡམ་སྟེ་མར་མི་ལྷུང་བར་བྱེད། སྐབས་དེར་ངས་ཀོ་ཐག་དེ་ལ་ཅེར་ནས་ཧ་ལས་སོང་། རྗེས་སུ། ཁོ་སླར་ཡང་ཐེངས་འགར་ཡོང་མྱོང་། ཐེངས་ཤིག་ལ། ཁོ་ཡོང་བའི་སྐབས་སུ་ངའི་རྨོ་མོས་རས་ཡུག་ཧྲུལ་བོ་ཞིག་གིས་ཕྱེ་ལེབ་ཅིག་བདའ་བཞིན་པ་མཐོང་། ཁོ་མོས་མི་འདི་འུ་ཚང་ལ་སླེབས་མ་ཐག ཕྱེ་ལེབ་སེར་བོ་འདིས་རྗེས་དེད་ནས་སླེབས་ཡོང་ཞེས་སྡིགས་སྨྲེ་འདོན་པར་བྱེད། གློག་བཟོ་བ་དེ་ནི་མོ་ལི་ཞིས་ཨོ·པཱ་པི་ལོ་ནེ་ཡཱ་ཡི་མ་དབྱིབས་ཡིན།
མིན་ཏའོ་སཱ།བུ་མོ་སྙིང་རྗེ་ལེ་མེས་ཐྲེ་ཟི? ཁྱོད་ཀྱིས་ཇི་ལྟར་ཁོ་མོ་ནམ་མཁར་འཕུར་དུ་འཇུག་ཚུལ་དྲན་པ་ཡིན།
མཱར་ཁུའེ་སི།ངའི་འཆར་གཞི་ནི་ཁོ་མོ་ཁྱིམ་གྱི་བར་ཁྱམས་སུ་ལེ་པེས་ཁཱ་དང་ཨ་མ་ལན་ཐྲ་མཉམ་དུ་མེ་ཏོག་གཙག་དུས་སུ་གར་སོང་ཆ་མེད་དུ་འགྱུར་རྒྱུ་དེ་ཡིན་མོད། འོན་ཀྱང་། འདི་ནི་གློག་བརྙན་པར་རིས་ཀྱི་བཀོད་སྒྲིག་ལྟ་བུ་ཞིག་ཡིན་པས། ངའི་སེམས་ལ་མི་རྣམས་ཀྱིས་དང་ལེན་བྱེད་དཀའ་སྙམ། ཇི་ལྟར་བཤད་ཀྱང་ལེ་མེས་ཐྲེ་ཟི་གནས་དེར་འཇོག་དགོས་པས། ངས་ཐབས་བཀོད་ཡ་མེད་ཅིག་རྙེད་བྱུང་། དེ་ནི་ཁོ་མོ་ལུས་ཕུང་སྟེང་དང་སྙིང་སྟོབས་ཀྱི་སྟེང་ནས་ནམ་མཁར་འཕུར་དུ་འཇུག་རྒྱུ་དེ་ཡིན། འདི་ལྟར་འབྲི་བར་གཞི་འཛིན་ས་ཡོད་དེ། རྒན་མོ་ལོ་ལོ་ཞིག་གིས། ཉིན་ཞིག་གི་ཞོགས་པར་རང་གི་ཚ་མོ་ཡུལ་གཞན་ལ་བྲོས་སོང་བ་མཐོང་བ་དང་། དོན་དངོས་གབ་སྦས་བྱེད་ཆེད། ཁོ་མོ་མི་ཐུག་ཐུག་པོར་རང་གི་ཚ་མོ་ནམ་མཁར་འཕུར་སོང་ཞེས་བཤད་པ་རེད།
མིན་ཏའོ་སཱ།ཁྱོད་ས་ཆ་ག་གེ་མོ་ཞིག་ཏུ། བུ་མོ་སྙིང་རྗེ་ལེ་མེས་ཐྲེ་ཟི་ནམ་མཁར་འཕུར་དུ་འཇུག་པར་དཀའ་ལས་ཆེན་པོ་མྱང་སོང་ཞེས་བཤད་པ་མིན་ནམ།
མཱར་ཁུའེ་སི།རེད་ཡ། ཁོ་མོ་ཇི་ལྟར་བྱས་ཀྱང་ནམ་མཁར་འཕུར་ཐབས་མི་འདུག དེ་དུས་ངས་ཁོ་མོ་ནམ་མཁར་འཕུར་དུ་འཇུག་ཐབས་ཤིག་བཙལ་ནས་མི་རྙེད་པས་སེམས་སུ་བྲེལ་འཚུབ་སྐྱེས་ཡོང་། ཉིན་ཞིག་ལ། ངས་ཕྱོགས་གཅིག་ནས་འདང་རྒྱག་པ་དང་། ཕྱོགས་གཅིག་ནས་ངེད་ཚང་གི་ར་སྐོར་ནང་དུ་སོང་བ་ཡིན། དེ་དུས་རླུང་ཧ་ཅང་ཆེ། ངེད་ཚང་ལ་ལྭ་བ་བཀྲུ་རུ་ཡོང་བའི་མི་ནག་གི་བུད་མེད་གཟུགས་རིང་ཡག་མ་ཞིག་ཡོད་པ་དེས་རས་གདན་སྐམ་བཞིན་འདུག ཁོ་མོས་ཇི་ལྟར་སྐམ་ཀྱང་རས་གདན་རླུང་གིས་ཁུར་ནས་སྐམ་ཐབས་མེད་པར་ལུས་འདུག སྐབས་དེར། ངའི་བློ་སྒོ་སྐད་ཅིག་ལ་ཕྱེས་ཏེ། ཐབས་བཀོལ་རྙེད་བྱུང་། བུ་མོ་སྙིང་རྗེ་ལེ་མེས་ཐྲེ་ཟི་ལ་རས་གདན་ཞིག་ཡོད་ཚེ་ནམ་མཁར་འཕུར་ཐུབ་པ་མིན་ནམ། གནས་ཚུལ་འདིའི་འོག་ཏུ། རས་གདན་ནི་དངོས་ཡོད་ཀྱིས་མཁོ་སྤྲོད་གནང་བའི་མཐུན་རྐྱེན་ཞིག་རེད། ང་རང་ཕྱིར་ཡིག་གཏགས་འཕྲུལ་ཆས་ཀྱི་མདུན་དུ་སླེབས་པ་ན། བུ་མོ་སྙིང་རྗེ་ལེ་མེས་ཐྲེ་ཟི་དེ་མུར་འཕུར་སོང་། ཁོ་མོ་འཕུར་བ་དཀོན་མཆོག་གིས་ཀྱང་འགོག་ཐབས་མེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།