ང་ལ་ཨ་མ་ཞེས་མ་འབོད་ཨང༌།

རྩོམ་པ་པོ།:གསལ་བོ་མི་ཤེས། ཡོང་ཁུངས།:༢༠༠༠ལོའི་སྤང་རྒྱན་མེ་ཏོག་དུས་དེབ་གཉིས་པ་ལས། དུས་ཚོད།:2008-08-04 09:12:42 ཀློག་གྲངས།:
  ཨ་མས་ཇི་ལྟར་བུ་གཉིད་ཉལ་དུ་འཇུག་རྩིས་བྱས་ཀྱང་ཁོ་ནི་ཉལ་འདོད་རྩ་བ་ནས་མེད་པར་གླུ་གཏོང་བ་དང་སྐད་ཤུགས་ཆེན་པོས་ཨ་མ་ཉལ་ཁང་དུ་སྒྲུང་དེབ་ཀློག་པར་འབོད་པ། ཡང་ན་ཨ་མར་ཁོ་རང་གི་རྩེད་ཆས་འཁྱེར་ཤོག་ཟེར་བ་སོགས་བྱེད་ཀྱི་ཡོད། དེ་རྗེས་སུ་ཨ་མ་རླུངས་ལངས་པ་དང་ཆབས་ཅིག་བུའི་ཉལ་ཁང་དུ་ཡར་འཛུལ་ནས་བུ་ལ་གལ་སྲིད་ཁྱོད་ཀྱིས་ཡང་བསྐྱར་ཨ་མ་ཞེས་འབོད་ཚེ་ངས་ཁྱོད་ལ་ཉེས་བརྡུང་གཏོང་ཐག་ཆོད་ཡིན་ཞེས་བཤད། ཨ་མ་ཉལ་ཁང་ནས་མར་འཐོན་པ་དང་སྒོ་ཤུགས་ཀྱིས་འཐེན་ཏེ་བསྡད་པས་རེ་ཞིག་ཉལ་ཁང་ནང་ཁ་ཁུ་སིམ་མེར་གནས།དུས་ཚོད་གང་མཚམས་སོང་རྗེས་ནང་ལོགས་ནས་ལྕམ་སྐུ་ཞབས་ང་ལ་ཆུ་ཕྲན་བུ་སྟེར་གནང་དང་ཞེས་པའི་སྐད་སྒྲ་ཆུང་ངུ་ཞིག་གྲགས་འོང༌།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།