༄༅།།ནང་མ་སྟོད་གཞས16གི་གཞས་ཚིག་ལེགས་པོ་འོས་སྦྱོར།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2020-09-09 09:14:09 ཀློག་གྲངས།:
ཨ་མ་ལས་ཧོ།
དབུས་ཀྱི་རི་རྒྱལ་ལྷུན་པོ། 
མ་འགྱུར་བརྟན་དུ་བཞུགས་དང་།
ཉི་མ་ཟླ་བའི་འཁོར་ཕྱོགས།  
ནོར་ཡོང་བསམ་པ་མི་འདུག
ཟླ་བའི་གཞོན་ནུ།
ཤར་ནས་ཟླ་བ་ཤར་བྱུང་།
དཀར་པོའི་སྒོར་སྒོར་ཤར་བྱུང་།
རི་བོང་བློ་ལྡན་ཤེས་རབ། 
མཇལ་ཡོང་བསམ་པ་མ་བྱུང་།
ཤར་ནས་ཟླ་བ་ཤར་བྱུང་། 
ང་ལ་བལྟས་ནས་ཤར་བྱུང་།
ནུབ་ཀྱི་སྤྲིན་པ་ནག་པོས།  
བར་ཆད་གཏོང་བ་མ་གནང་། 

འཁྱུག་གཞས།
ཟླ་བ་འདི་ནི་ཕར་འགྲོ།  
རྟིང་མའི་ཟླ་བ་ཚུར་ཡོང་། 
བཀྲ་ཤིས་ཟླ་བ་དཀར་པོ།  
ཟླ་སྟོད་ཕྱོགས་ནས་མཇལ་ཡོང་།
ཤར་སོང་ཤར་ནས་ཤར་བའི།  
ཤར་གྱི་དཀར་གསལ་ཟླ་བ།
ཤར་ནས་ནུབ་ལ་མ་ཐད།  
དགུང་གི་དཀྱིལ་ལ་བཞུགས་དང་།
( གཞས་འདིའི་ཚིག་གྲོགས།  
གསལ་སྒྲོན་ལགས། 
ལོ་མའི་སིམ་སིམ་ལགས། 
ཨེ་མའི་གཞོན་ནུ་ལགས )
ཇོ་ལགས་བཀྲ་ཤིས།
ལ་མོ་མ་འཛེགས་གོང་ནས། 
ལ་རྩེ་གསོལ་རྒྱུ་བྱུང་ན། 
ལ་མོ་འཛེགས་པའི་ལ་རྩེ། 
དར་ཚོན་སྣ་ལྔས་གསོལ་ཆོག

འཁྱུག་གཞས།
པད་ནག་པད་རི་མཐོང་དུས། 
འགྲུལ་པ་ལམ་ལ་ཆས་སོང་། 
མྱང་སྟོད་དགོན་པ་མཐོང་དུས།  
ལུས་སེམས་ཆོས་ལ་ཁུག་སོང་། 
གཟུགས་མཛེས་ཡ་ལ། 
རྟ་བཟང་རླུང་གི་གཤོག་པ།  
མི་བཟང་ཐང་གའི་ལོག་རིས།
རླུང་གི་གཤོག་པ་མཐོང་དུས།  
ཐང་གའི་ལོག་རིས་དྲན་བྱུང་།

འཁྱུག་གཞས།
རྟ་ཕོ་ཕུན་ཚོགས་རྐྱང་པོ།     
བགྲོས་ལ་བསྐྱོན་ཚོད་གནང་དང་།
རྟ་དམག་ལྔ་བརྒྱའི་དཀྱིལ་ནས།     
ང་གཉིས་འགྲོ་དགོས་ཤར་སོང་།
རྟ་ཕོ་འདུ་བ་རྐྱང་པོ།    
རྟ་གདན་འདུ་བ་གྲུ་བཞི།
འཛིན་པའི་སྲབ་མདའ་མི་དགོས།     
སེམས་པས་ཁ་ལོ་གཅུས་ཆོག
རྟ་བཟང་བྲ་བོའི་སྟེང་གི   
མི་བཟང་ཁམས་གསུམ་དབང་འདུས།
སྔོན་བསགས་སྦྱིན་པའི་འབྲས་བུས།    
དགའ་བའི་ཇ་ཆང་ལོངས་སྤྱོད།  
( ཚིག་གྲོགས་གཟུགས་མཛེས་ཡ་ལ་ཟེར་ན )
བཀྲ་ཤིས་ཉི་མ།
བཀྲ་ཤིས་བཀྲ་རང་ཤིས་པ།
གཡང་ཆགས་གཡང་རང་ཆགས་པ།
བཀྲ་ཤིས་གཡང་ཆགས་གཉིས་ལ།  
འགྱུར་བ་ཡོང་ས་མ་རེད།
མཛེས་པའི་ལྷ་མོ་བུ་ཁྲིད།
མཛེས་པའི་ལྷ་མོ་བུ་ཁྲིད། 
མཚོ་སྒོ་གཞུང་ལ་ཐད་སོང་།
ལྷ་མོ་བུ་ཁྲིད་མེད་ན།  
སུ་ལ་བལྟས་ནས་སྡོད་པ།

འཁྱུག་གཞས།
བལྟས་པས་མཐོང་ཚོད་ཡིན་ཏེ།   
རི་ཟུར་མ་གིས་གྲིབ་སོང་།
ཕྱིན་པས་སླེབས་ཚོད་ཡིན་ཏེ། 
འགྲོ་བའི་དབང་ཆ་མི་འདུག
འོ་ན་ལ།
གཙང་གི་རི་ནས་བལྟས་པས།  
དབུས་ཀྱི་བརྡ་རྟགས་བསྡུ་ལེན་དག་དར་བསྒྲིག་ལྕོག་མཐོང་བྱུང་། 
དབུས་གཙང་བསྟན་པ་དར་བའི།
དར་ལྕོག་ཡར་ལ་གཟིགས་དང་།

འཁྱུག་གཞས།
ཡང་ན་གཙང་གི་རི་དེ། 
མ་མཐོང་ཙམ་ཞིག་དགོས་ཀྱིས།
མཐོང་ནས་ཡབ་ཡུམ་གཉིས་པོ།  
མཇལ་འཕྲད་ཡོད་པ་དགོས་ཀྱིས།
ཕ་ཡུལ་ཕྱོགས་ནས་ཐོན་སྐབས། 
སུ་ཡང་དྲན་པ་མ་བྱུང་།
ལ་མོ་གཅིག་བརྒྱབ་གཉིས་བརྒྱབ།  
སྐྱིད་པའི་ཕ་ཡུལ་དྲན་བྱུང་།
སོའོ་ཡ་ལ།
རྟ་ལ་སྒལ་རྨ་མེད་ན།
རྟ་རྒྱབ་དེ་ལ་བསྐྱོན་དང་།
བཀའ་བསྐྱོན་གནང་མཁན་མེད་ན།
སྒོས་གཞིས་ཕྱོགས་ལ་འཁྲིད་རོགས།
རྟ་ལ་སྒལ་རྨ་མེད་དེ། 
ཉིས་གཞོན་འཁྱོགས་པ་མི་འདུག
བཀའ་བསྐྱོན་གནང་མཁན་མེད་དེ།
སྒོས་གཞིས་སྤྲོ་པོ་མི་འདུག
ཚིག་གྲོགས། མ་རེད་པས་ལ།
ཤར་གྱི་མཛེས་ལྡན་ལྷ་མོ་ལགས།
ཟུར་གསལ་ཀུ་ཀྲུ་མ་ནི་གཏོང་རོགས་གནང་།
རྒྱ་གླིང་སྲས།
རྒྱ་གླིང་གནས་ཆུང་ཟེར་བ། 
རྣ་བས་ཐོས་པ་མ་གཏོགས།
རྒྱ་གླིང་སྲས་ཆུང་སྐུ་ཞབས། 
ཡིན་འགྲོ་བསམ་པ་མ་བྱུང་།
སྐུ་ཞབས་ལགས། བཀྲ་ཤིས་ལགས།

འཁྱུག་གཞས།
ཁྲིད་དང་ཟེར་ན་ཁྲིད་ཆོག 
རྒྱ་དྲུག་གླིང་ལ་ཁྲིད་ཆོག  
སྐུ་ཞབས་ལགས། 
བཀྲ་ཤིས་ལགས། 
ཞོག་དང་ཟེར་ན་བཞག་ཆོག 
ཉིས་སྟོང་ལྔ་བརྒྱ་བཞག་ཆོག 
སྐུ་ཞབས་ལགས། 
བཀྲ་ཤིས་ལགས། 
གཞས་འདིའི་ཚིག་གྲོགས། 
རྒྱ་གླིང་སྲས་ལགས།
༡༠
ཨ་ཇོའི་སྡེ།
ཆུ་བཟང་བླ་མའི་གདན་ལ། 
ལྡེམ་ལྡེམ་ལྕང་མའི་འཁྲུངས་ས། 
ལྕང་གསར་དབུ་འཕངས་མཐོ་བ། 
བྱིའུ་ཆུང་གསུང་སྐད་སྙན་པ།

འཁྱུག་གཞས།
ཕ་རིའི་སྤང་གི་ལྡེབས་ལ། 
མཛོ་མོ་སྤུ་གྲ་ལེགས་པ། 
མཛོ་མོའི་རྭ་ཅོ་གཡས་ལ། 
རྭ་ཐམ་མེད་ན་དགའ་བ།
(ཚིག་གྲོགས། ཨ་ཇོའི་སྡེ། 
མདོ་ལ་ཁྲ་མོའི་མདོ་གཞས། 
མདོ་ལ་ཤིས་པ་ལ)
༡༡
བྲག་སྟོད་དཀར་པོ།
བྲག་སྟོད་དཀར་པོ་མ་གསུངས། 
བླ་མའི་སྒྲུབ་ཁང་གསུངས་དང་། 
སྒྲུབ་ཁང་ཉི་མ་དྲོ་པོ། 
སྒྲུབ་ཆུ་ཁ་མངར་ལྡན་པ། 
སྒྲུབ་པ་ལོ་གསུམ་བརྒྱབ་པས།
སྒྲུབ་སྐྲ་སྐེད་པར་ཟིན་སོང་།
ཡང་བསྐྱར་ལོ་གསུམ་བརྒྱབ་པས། 
སྒྲུབ་སྐྲ་ས་ལ་འཁྱིལ་སོང་།
༡༢
གཉའ་ནང་མཐོང་ལ།
གཉའ་ནང་མཐོང་ལའི་རྩེ་ནས། 
རྟ་ཕོས་ཕྱི་བལྟས་སློག་བྱུང་། 
རྟ་ཕོར་ཐུག་ཁག་མི་འདུག  
ཆག་གི་ཟ་འཕྲོས་ལུས་སོང་། 
ལ་མོ་མཐོ་པོའི་རྩེ་ནས། 
རྟ་ཕོས་མཆི་མ་བཏང་བྱུང་། 
རྟ་ཕོར་ཐུགས་ཁག་མི་འདུག   
ཆག་གི་ཟ་འཕྲོས་ལུས་སོང་། 
རྟ་ཕོར་ཐུགས་བསམ་བཞེས་ནས།   
རྟ་ཕོའི་སྲབ་མདའ་གློད་དང་།

འཁྱུག་གཞས།
ཕྱི་དེ་གོས་ཆེན་ལྗང་ནག   
ནང་དེ་ལུ་གུའི་ཚ་རུ།
དེ་འདྲའི་ན་བཟའ་མཆོད་མཁན། 
རྡོ་རིང་སྲས་ཆུང་སྐུ་ཞབས།
རྒྱ་ཡིག་ཤེས་ནས་ཡོང་ཡོད། 
བོད་ཡིག་ཤེས་ནས་ཡོང་ཡོད། 
རྒྱ་སྨྱུག་དྭངས་བཟང་དབང་པོ། 
དབུ་སྐྲའི་གསེབ་ལ་གཟེར་ཡོད།
ཚིག་གྲོགས། ཇོ་ཤག་ཚོ་ལ་ཟེར་ན། 
གཞོན་གཞོན་ཚོ་ལ་ཟེར་ན། 
རྡོ་རིང་སྲས་ཆུང་སྐུ་ཞབས།  
གཅིག་གཉིས་གསུམ་ལ་ཟེར་ན།
བཞི་ལྔ་དྲུག་ལ་ཟེར་ན།
༡༣
གམ་པ་ལ་མོ།
གམ་པ་ལ་མོས་གཙོ་བྱས། 
རི་ལའི་རི་རྒྱུད་དྲན་བྱུང་། 
དྲིན་ཆེན་ཕ་མས་གཙོ་བྱས། 
གཉེན་ལའི་གཉེན་འཁོར་དྲན་བྱུང་།
གསན་དང་གམ་པ་ལ་མོ། ཉོན་དང་སྟོང་ཆེན་བཅོ་བརྒྱད།

འཁྱུག་གཞས།
རི་དེ་གམ་པ་ལ་མོ། 
བསོད་བདེ་ཡིན་ཀྱང་ཆེ་བྱུང་།
དཔལ་འདི་སྟོང་ཆེན་བཅོ་བརྒྱད། 
མི་ཚེ་ཡིན་ཀྱང་རིང་བྱུང་། 
གསན་དང་གམ་པ་ལ་མོ།
ཉོན་དང་སྟོང་ཆེན་བཅོ་བརྒྱད།
ཚིག་གྲོགས། གཅིག་ཡའི་ཁོང་ལ། བདག་ལ་ཨ་ལ།
༡༤
ནོར་བཟང་རྒྱ་ལུ།
དཀའ་ལས་བྱས་པ་ཅན་གྱི། 
ཨ་མའི་ཆོས་རྒྱལ་ནོར་བཟང་།
ཁ་ལ་ཉན་པའི་བུ་ཆུང་། 
བྱང་ནས་འཁོར་བས་ཡག་བྱུང་།
༡༥
དབྱར་སྐྱིད་ཁྲ་མོ།
ལྷ་ས་ལྷ་ས་སྐྱིད་པ། 
དེ་ལས་ལྷ་ཀླུ་སྐྱིད་པ། 
ལྷ་ས་ལྷ་ཀླུའི་བར་ལ།
རྫོང་རྒྱབ་ཀླུ་ཁང་སྐྱིད་པ།
གཡས་ལ་བཀའ་འགྱུར་བཞུགས་ཡོད།
གཡོན་ལ་བསྟན་འགྱུར་བཞུགས་ཡོད།
བཀའ་འགྱུར་བསྟན་འགྱུར་བར་ལ།
ཆོས་ཀྱི་རྩ་བ་བཙུགས་ཡོད།
༡༦
དྲང་སོང་ལགས།
དྲང་སྲོང་ལྷ་ལྔ་རི་འདི། 
ཉི་ཟླ་གཉིས་དང་མཉམ་སོང་། 
རི་མགོ་ཁ་བས་བཀག་ཀྱང་།
ལ་གཤམ་བསྐོར་ནས་ཕྱིན་ཆོག 
རི་གཤམ་ཆུ་མོས་བཀག་ཀྱང་། 
ཀོ་གྲུ་བཏང་ནས་ཕྱིན་ཆོག  
ཐང་དཀར་རྒོད་པོ་བཞིན་དུ། 
ནམ་འཕང་བཅད་ནས་ཕྱིན་ཆོག    
དྲང་སོང་ལྷ་ལྔ་བཞིན་དུ།
ཉི་ཟླ་གཉིས་དང་མཉམ་བྱུང་། 
བྱ་རྒྱལ་རྒོད་པོ་བཞིན་དུ། 
ནམ་འཕང་བཅད་ནས་ཆས་འགྲོ   
ཕོ་རོག་ནག་ཆུང་བཞིན་དུ། 
གྲོག་སྐད་བརྒྱབ་ནས་ཆས་འགྲོ   
སྐྱ་ཀ་ཁྲ་ཆུང་བཞིན་དུ།   
གཤོག་རྩལ་ངོམས་ནས་ཆས་འགྲོ
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།