ངོས་དང་པོ > རྩོམ་རིག > རྩོམ་རིག་དཔྱད་བརྗོད། > ཚད་མ་རིག་པའི་ལོ་རྒྱུས་ལས་གསང་ཕུ་ནེའུ་ཐོག་ཏུ་ཚད་མ་དར་ཚུལ།
ཚད་མ་རིག་པའི་ལོ་རྒྱུས་ལས་གསང་ཕུ་ནེའུ་ཐོག་ཏུ་ཚད་མ་དར་ཚུལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-12-02 11:23:00
ཀློག་གྲངས།:
རིགས་པའི་དཔའ་བོ་ཕྱྭ་པ་ཆོས་ཀྱི་སེང་གེ་མཆོག་འདི་ཉིད་ནི་བོད་དར་ཚད་མའི་ལོ་རྒྱུས་སྟེང་སྨྲ་བའི་ཁྱུ་མཆོག་ཀུན་གྱི་གཙུག་ལྟ་བུ་ཡིན་ཏེ། ཁོང་གི་ཕུལ་བའི་ལེགས་སྐྱེས་ནི་གཞན་གྱི་འགྲན་དུ་མེད་པ་ཞིག་དང་ཁོང་གི་མཛད་པ་ནི་ནམ་ཡང་ཁ་བ་ཅན་པའི་དྲན་པའི་ངོས་སུ་རྡོ་ལ་རི་མོ་བྲིས་པ་ཇི་བཞིན་སྐལ་མཐར་སོན་པའོ།།
དེ་ཡང་ཁོང་གིས་དཔལ་ལྡན་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་ངེས་ལ་འགྲེལ་བ་དང་། ཚད་མའི་བསྡུས་པ་ཡིད་ཀྱི་མུན་སེལ། ཚད་བསྡུས་ཡིད་ཀྱི་མུན་སེལ་རྐྱང་བ་ཞེས་ཚད་མའི་གཞུང་དང་གཞུང་འགྲེལ་དུ་མ་དང་དེ་བཞིན་སློབ་དཔོན་ཁང་དཀར་ཁོང་གིས“ཕྱྭ་པ་ཆོས་སེང་གིས་ཤེས་བྱ་གཞི་ལྔའི་བཤད་པ་དང་། བྱམས་ཆོས་སྡེ་ལྔ། དབུ་མ་བདེན་གཉིས། རྒྱན། སྣང་བ། སྤྱོད་འཇུག་ཆེན་མོ་བཅས་ཀྱི་ཊིཀ་མང་པོ་མཛད། སོ་སོའི་བསྡུས་པ་ཡང་མང་དུ་བརྩམས”⑿ཞེས་པ་སོགས་ལས་སྨྲ་བའི་དབང་ཕྱུག་ཆེན་པོ་འདི་ཉིད་ཀྱི་རང་གི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་དང་རོག་པའི་རྩལ་གྱིས་ཚད་མའི་གཞུང་དང་གཞུང་འགྲེལ་མང་དུ་མཛད་པ་ནས་བཟུང་སྟེ། བོད་རང་གི་མཁས་པ་དངོས་ཀྱི་མཛད་པའི་ཚད་མའི་གཞུང་ལུགས་བྱུང་བ་ཡིན་ལ། ཁོང་ཡན་ཆད་དུ་གཙོ་བོ་རྒྱ་གར་གྱི་ཚད་མའི་གཞུང་ལུགས་ཚད་མ་མདོ་ཀུན་ལས་བཏུས་པ་དང་། དེའི་དགོངས་འགྲེལ་ཚད་མ་སྡེ་བདུན་སོགས་ཚད་མའི་གཞུང་དང་གཞུང་འགྲེལ་འགྱུར་གཞུང་ཁོ་ན་ལས་བོད་རང་གི་མཁས་པ་དངོས་ཀྱི་མཛད་པའི་ཚད་མའི་གཞུང་དང་གཞུང་འགྲེལ་སོགས་ཀྱི་བསྟན་བཅོས་དངོས་ནི་མ་བྱུང་བས་རང་རེའི་ཡུལ་གྱི་ཚད་མའི་ཤིང་རྟའི་སྲོལ་འབྱེད་དུ་གྲགས་པ་ཡིན། དེ་བས་ཁོང་གི་མཛད་པའི་ཚད་མའི་གཞུང་དང་གཞུང་འགྲེལ་དེ་དག་ནི་བོད་རང་གི་མཁས་པས་མཛད་པའི་ཚད་མའི་གཞུང་ལུགས་ཐམས་ཅད་ཀྱི་ཐོག་མ་ཡིན་ལ། དུས་དེ་ནས་བཟུང་བོད་དུ《བསྡུས་གྲྭ》ཞེས་ཚད་མ་མདོ་ཀུན་ལས་བཏུས་པ་དང་དེའི་དགོངས་འགྲེལ་ཚད་མ་སྡེ་བདུན་གྱི་རིགས་འཕྲུལ་ཟབ་གནད་ཐམས་ཅད་ཕྱོགས་གཅིག་ཏུ་དྲིལ་བ། བོད་རང་གི་ཐུན་མོང་མ་ཡིན་པའི་རིགས་པའི་ཁྱད་ཆོས་ལྡན་པ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་པའི་ཐབས་བླ་ན་མེད་པ། རྟགས་གསལ་རྩོད་གཞི་གསུམ་དང་སྦྱར་ནས་རྩོད་པའི་ཐབས་ལམ་སྲོལ་གཏོད་ཅིང་ཕན་ཚུན་གྱི་རྩོད་པའི་སྤོབས་་པ་དང་རིགས་པའོ་ཟིལ་ཤུགས་ངང་གིས་སྐྱེད་པར་བྱེད་པའི་རིགས་ལམ་གྱི་ཐབས་སྣ་ཚོགས་དང་ལྡན་པའི་ཚད་མའི་བསྡུས་གཞུང་ཆེན་པོ་ཞིག་ལགས་སོ།།
གཞན་ཡང་ཕྱྭ་པ་ཆོས་ཀྱི་སེང་གེ་མཆོག་གིས་གསང་ཕུའི་གདན་ས་འདིར་ཐོག་མར་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་ཐབས་ལང་གསར་དུ་གཏོད་པ་དང་། འཆད་རྩོད་གཉིས་དུས་གཅིག་ཏུ་སྤེལ་བའི་ལམ་ལུགས། འཛིན་གྲྭ་བགོ་བའི་ལམ་ལུགས། འཛིན་གྲྭ་སོ་སོའི་ལོ་ཚད་གཏན་འཁེལ། འཛིན་གྲྭ་སོ་སོའི་སློབ་ཚན་ནང་དོན་གཏན་འཁེལ། འཛིན་གྲྭ་ཕན་ཚུན་འཆད་རྩོད་འགྲན་བསྡུར་བྱ་བའི་ཐབས་ལམ་དང་ཆོས་ཐོག་སྐབས་བགྲོ་གླེང་གཙོ་བོ་སློབ་ཁྲིད་ཞར་བྱུང། དེང་སྐབས་ཚན་རིག་དང་མཐུན་པའི་བསླབ་གཞི་གསར་པའི་སློབ་ཁྲིད་བྱེད་སྟངས་ཀྱི་གཞུང་ལུགས་དང་ཡོངས་སུ་མཐུན་པ་འདིས་ལོ་ངོ་སྟོང་ཙམ་གྱི་སྔོན་དུ་རང་རེའི་ཡུལ་དུ་ལག་བསྟར་བྱ་མྱོང་བ་ནི་ངོ་མ་ངོ་མཚར་ཆེ། ཆོས་མཚམས་སྐབས་སློབ་ཁྲིད་གཙོ་བོ་དང་བགྲོ་གླེང་ཞར་བྱུང་། སློབ་གཉེར་ལེགས་གྲས་རྣམས་རང་མོས་ངང་དགོན་པ་གཞན་དང་གྲྭ་ཚང་གཞན་དུ་གྲྭ་སྐོར་དམ་བཅར་འགྲོ་བའི་སྲོལ་གསར་དུ་གཏོད་པ། སློབ་གཉེར་ཐོན་པའིརིགས་ལ་སློབ་གཉེར་གྱི་སྦྱངས་འབྲས་ལེགས་ཉེས་ལ་གཞིགས་ནས་མཚན་གནས་སྤྲོད་པའི་སྲོལ། ཚད་མ་རིགས་པའི་གཞུང་རྣམས་ཀྱི་སྙིང་བཅུད་བསྡུས་པའི《བསྡུས་གྲྭ》ཆུང་འབྲིང་ཆེ་གསུམ་གསར་རྩོམ་མཛད་ཅིང་དེ་ལྟར་སློབ་གཉེར་བྱ་དགོས་པའོ་གཏན་འབེབས་གནང་བ་སོགས་སློབ་ཁྲིད་ཀྱི་མ་ལག་་ཆ་ཚང་ཞིག་བྱུང་བས་བོད་ཀྱི་རིག་གནས་ཀུན་འཕེལ་རྒྱས་འགྲོ་བར་སྔར་མེད་ཀྱི་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།
༤ ཞར་བྱུང་དུ་ཕྱྭ་པ་ཆོས་ཀྱི་སེང་གེའི་བུ་སློབ་སྐོར་རགས་ཙམ།
དེ་ཡང་སྐྱེས་བུ་དམ་པ་འདི་ཉིད་ཀྱི་བཀའ་དྲིན་ལས་ཚད་མའི་གཞུང་དང་གཞུང་འགྲེལ་སོགས་མང་དུ་དར་ཞིང་མཚན་ཉིད་ཀྱི་འཆད་ཉན་རྒྱ་ཆེར་འཕེལ་བས་རིག་པའི་གནས་ལ་མངའ་བརྙེས་པའི་བློ་ལྡན་རིག་པ་སྨྲ་བའི་དབང་ཕྱུག་ས་ཆེན་པོའི་རྡུལ་གྲངས་དང་མཉམ་པ་བྱོན་ལ། ཁྱད་པར་དུ་གཙང་ནག་པ་བརྩོན་འགྲུས་སེང་གེ་དང་། དན་བག་པ་སྨྲ་བའི་སེང་གེ བྲུ་ཤ་བསོན་ནམས་སེང་གེརྨ་བྱ་རྩོད་པའི་སེང་གེ བརྩེགས་པ་དབང་ཕྱུག་སེང་གེགཉལ་བ་ཡོན་ཏན་སེང་གེ མྱང་བྲན་ཆོས་ཀྱི་སེང་གེ ལྡན་མ་དཀོན་མཆོག་གེ་ཞེས་བུ་སློབ་རིགས་པའི་སེང་གེ་ཆེན་པོ་བརྒྱད་བྱོན་པའི་ནས་ནས“མྱང་དང་བྲུས་ཚད་མ་མི་དར་བར་གྲགས”⒀ཞེས་པ་ལས་གཞན་དྲུག་པོས་བོད་དར་ཚད་མ་རིགས་པའི་འཕེལ་རྒྱས་ལ་ལེགས་སྐྱེས་བླ་མེད་ཕུལ་ཡོད་དེ་གཙང་ནག་པ་དང་དན་བག་པ་གཉིས་དབུ་ཚད་ཀྱི་གཞུང་ལ་ཁྱད་པར་དུ་འཕགས་པས་གཙང་ནག་པས་དཔལ་ལྡན་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་ངེས་ལ་རྣམ་ངེས་ཊྰིཀྐ་ཆེན་ཞེས་བྱ་བ་དང་། རྣམ་པར་ངེས་པའི་འགྲེལ་པ་ཞེས་བྱ་བའི་ཚད་མའི་གཞུང་འགྲེལ་ཆེན་པོ་གཉིས་བརྩམས་པ་དང་། “གཙང་ནག་པ་དེ་ཉིད་ལས།གཉའ་ཞིག་འཇམ་དཔལ་རྡོ་རྗེ་སོགས་ཀྱིས་གསན་པ་ལས་ཇོ་ནང་པ་དང་།སྐྱ་བ་སོགས་སུ་བཤད་དེ་ཡིག་ཆ་མཛད་མཁན་གྲངས་ཀྱི་མི་ལང་བ་བྱུང་། ཞེས་གསུངས་པ་ལྟར་ན་ཆ་པ་ཆོས་ཀྱི་སེང་གེས་བོད་རང་གི་སྐད་འགྲོས་ཐོག་ནས་ཚད་མ་རིགས་པའི་བསྟན་བཅོས་མཛད་པ་ནས་བཟུང་བོད་འགྲེལ་མཛད་མཁན་བྱུང་བ་མངོན་ནོ།”⒁ཞེས་པ་ལས་སློབ་དཔོན་ཕྱྭ་པ་ཆོས་སེང་རྗེས་ནས་མ་ཉམས་རྒྱུན་འཁྱོངས་ཀྱིས་བོད་ཀྱི་ཚད་མའི་བྱ་གཞག་འཕེལ་བ་ཤེས་ཐུབ།
དན་བག་པས་ཚད་མ་བསྡུས་པའི་འགྲེལ་པ་ཞེས་བྱ་བ་སོགས་མཛད་ཡོད་པ་ཚད་མའི་གཞུང་ལུགས་དག་ཏུ་གསལ་བ་བཞིན་སྣང་། སློབ་དཔོན་ཁང་དཀར་ཁོང་གིས་“གཙང་ནག་པ་བརྩོན་འགྲུས་སེང་གེས་མཛད་པའི་རྣམ་ངེས་ཊྰིཀྐ་ལེགས་བཤད་བསྡུས་པ་འདི་ཉིད་རྔོག་ལོའི་ཚད་མའི་བཀའ་སྲོལ་་མེད་དུ་མི་རུང་བའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཡིན་མོད་ཀྱང་དཔེ་རྒྱུན་བོད་རང་དུ་མཐོང་ཐོས་ཀྱི་ཡུལ་ལས་འདས་ནས་ཡུན་རིང་ཞིག་སོང་བར་མངོན་ཞིང”⒂ཞེས་གསུངས་པ་ལས་ངེས་པར་ཐབས་ཀྱིས་བསྐྱར་པར་ཞུ་དགོས་ངེས་ཡིན་ལ་སློབ་དཔོན་ཁང་དཀར་གྱི་གསུངས་པའི་རྣམ་ངེས་ཊྰིཀྐ་ལེགས་བཤད་བསྡུས་པ་དང་གོང་དུ་ཞུས་པའི་རྣམ་ངེས་ཊྰིཀྐ་ཆེན་གཉིས་གཅིག་ཡིན་པ་འདྲ་སྟེ་བོད་ཀྱི་ཚད་མའི་ལོ་རྒྱུས་གཞན་དག་་ཏུ་རྣམ་ངེས་ཊྰིཀྐ་ཆེན་ལས་རྣམ་ངེས་ཊྰིཀྐ་ལེགས་བཤད་བསྡུས་པ་ཞེས་པ་མི་སྣང་ངོ་།།
གསུམ་པ། དེ་མིན་གསང་ཕུ་དང་འབྲེལ་བའི་སྐོར་ཉུང་ངུ་།
གསང་ཕུ་དགོན་འདི་དེ་མིན་སྐྱེས་ཆེན་དམ་པ་མང་པོའི་གདན་ས་གནང་མྱོང་བ་ཡིན་ཏེ། སློབ་དཔོན་ཁང་དཀར་གྱིས་གསུངས་པ་ཇི་ལྟ་བ་བཞིན། ས་སྐྱ་པའི་མདོ་ཕྱོགས་ལ་མཁས་པའི་གཡག་ཕྲུག་སངས་རྒྱས་དཔལ་དང་དེའ་སློབ་མ་རོང་སྟོན་ཤེས་བྱ་ཀུན་རིག་གི་སློབ་གཉེར་གནང་སའང་གདན་ས་གསང་ཕུ་ཡིན་པ་དང་། གུ་བཀྲའི་ཆོས་འབྱུང་ལས། “རྙིང་མའི་སྟོན་པ་གཉིས་པ་འཇམ་དབྱངས་རྣམ་སྤྲུལ་ཀློང་ཆེན་རབས་འབྱམས་པའི་གདན་ས་ཡང་གསང་ཕུ་ཡིན”ཞེས་དང་། རྗེ་རིན་པོ་ཆེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། རྒྱལ་བ་གཉིས་པ་རྗེ་རིན་པོ་ཆེ་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་ཡང་གསང་ཕུར་སློབ་གཉེར་དུ་ཕེབས་མྱོང་བ་གང་ཙམ་བཀོད་འདུག་ལ་ཁོང་གི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་ཡང་གནས་འདིར་སློབ་གཉེར་རམ་གྲྭ་སྐོར་དུ་ཕེབས་ཡོད་ཚུལ་སྐོར་ཡང་སློབ་དཔོན་ཁང་དཀར་ཁོང་གིས་ཅུང་ཟད་གསུངས་ཡོད་པ་སྦྲགས་ནས་གསང་་ཕུའི་གདན་ས་འདི་གལ་ཆེ་ཚུལ་ཟུར་བལྟས་ལེབ་མཐོང་གི་དཔེ་བཞིན་སྣང་བས་འདི་ཙམ་གྱིས་ཆོག་པར་བྱས་ན་གདའོ་སྙམ།
བཞི་པ། གསང་ཕུའི་ཕྱི་རོལ་དུ་དར་བའི་བོད་དར་ཚད་མའི་གནས་ཚུལ་རགས་བསྡུས།
འདིའི་སྐོར་ལ“དེ་ནས་ཕྱི་ལོ་བརྒྱ་ཕྲག་བཅུ་གཉིས་པའི་མཇུག་དང་བཅུ་གསུམ་པའི་འགོར་རྒྱ་གར་གྱི་མཁས་པ་ཆེན་པོ་པཎཊི་ཏ་ཤྰཀྱ་ཤྲི་ལས་ས་སྐྱ་པཎཊི་ཏ་ཀུན་དགའ་རྒྱལ་མཚན་གྱིས་གསན་ཏེ། སློབ་དཔོན་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་ལ་སླར་ཡང་དག་བསྒྱུར་མཛད་པ་མ་ཟད་ཆོས་གྲྭ་ཆེན་པོ་ས་སྐཡ་དགོན་པར་བསྒྱུར་གཞུང་འདི་ཉིད་ཀྱི་སྟེང་ནས་འཆད་ཉན་གྱི་ལམ་སྲོལ་ཡང་གཏོད་པར་མཛད”⒃ཅེས་དང་། “མཁས་གྲུབ་ཆེན་པོ་ཀུན་དགའ་རྒྱལ་མཚན་གྱི་སློབ་མ་འུ་ཡུག་པ་རིགས་པའི་སེང་གེ་དང་དེའི་སློབ་མ་ཞང་མདོ་སྡེ་དཔལ་ནས་རིམ་བཞིན། མཇམ་སྐཡ་ནམ་མཁའ་དཔལ་། དཔང་ལོ་ཙ་བ་བློ་གྲོས་བརྟན་པ། བླ་མ་བསོད་ནམས་རྒྱལ་མཚན། ཉ་དབོན་ཀུན་དགའ་དཔལ་དང་། དེ་ནས་དུས་རབས་བཅུ་བཞི་པའི་ཕྱེད་ཡོལ་ཙམ་གྱི་དུས་སུ་བྱུང་བའི་རྗེ་བཙུན་རེ་མདའ་བ་གཞོན་ནུ་བློ་གྲོས་ཀྱི་བར་དུ་རིམ་བཞིན་བརྒྱུད་ནས་བྱུང་། རྗེ་བཙུན་དེ་ཉིད་ཀྱིས་ཀྱང་ཚད་མའི་བསྟན་བཅོས་རྒྱས་བསྡུས་མང་པོ་མཛད་དེ་འཆད་ཉན་རྒྱ་ཆེར་སྤེལ་བར་མཛད་དོ།”⒄ ཅེས་པས་ས་སྐྱ་པའི་ཕྱོགས་ལས་ཚད་མ་རྒྱ་ཆེར་དར་བའི་ཚུལ་དང་། དེ་བཞིན་དུ་དགེ་ལུགས་པའི་ཕྱོགས་སུ་རྗེ་རིན་པོ་ཆེ་ཡབ་སྲས་དང་བཅས་པ་བྱོན་ནས་རྗེ་འདིས་རིགས་པའི་གནས་མཐའ་དག་ལ་འཁྲུལ་པ་བྲལ་བའི་ལམ་ནས་ཚད་མའི་ལམ་བསྒྲིགས་སོགས་མཛད་པ་དང་། ཐུ་བོ་རྒྱལ་ཚབ་རྗེས་རྗེ་རིན་པོ་ཆེའི་བཤད་སྲོལ་གྱི་རྗེས་སུ་འབྲངས་ཏེ་ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་ཐར་ལམ་གསལ་བྱེད་དང་། ཚད་མ་རྣམ་ངེས་ཀྱི་རྣམ་བཤད་དགོངས་པ་རབ་གསལ། རིགས་ཐིགས་དར་ཊིཀ ཚད་མ་མདོའི་རྣམ་བཤད། འབྲེལ་བ་བརྟག་པའི་རྣམ་བཤད། འགལ་འབྲེལ་རྣམ་གཞག རྣམ་འགྲེལ་བསྡུད་དོན་དང་། སན་པཎ་གྱི་རོགས་གཏེར་ལ་ཊིཀ་སོགས་མཛད་ཅིང་། མཁས་གྲུབ་རྗེས་ཚད་མ་རྣམ་འགྲེལ་ཊིཀྐྰ་ཆེན་རིགས་པའི་རྒྱ་མཚོ་དང་། སྡེ་བདུན་ཡིན་ཀྱི་མུན་སེལ། རྣམ་བཤད་ཐར་ལམ་གསལ་བར་བྱེད་པ་ལས་ལེའུ་གསུམ་པའི་འགྲེལ་པ། མངོན་སུམ་ལེའུའི་ཊིཀྐྰ་སོགས་མཛད་པ། རྟ་ནག་པའི་རྟ་ནག་རྣམ་འགྲེལ་ཞེས་དེང་གི་དུས་སུ་རྣམ་འགྲེལ་གྱི་ཚིག་འགྲེལ་རྒྱས་ཤོས་སུ་བརྩི་བ་སོགས་མངོན་སུམ་དུ་སྣང་བ་དང་། དེ་དག་ལས་མཆེད་པའི་སེར་འབྲས་དགེ་གསུམ་དང་། བླ་བྲང་བཀྲ་ཤིས་འཁྱིལ། གཙང་བཀྲ་ཤིས་ལྷུན་པོ་སོགས་དགེ་ལུགས་པའི་ཚད་མའི་གདན་ས་ཆེན་པོ་དག་བྱུང་བ། རྙིང་མའི་ཕྱོགས་སུ་ཀུན་མཁྱེན་རབས་འབྱམས་པའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པདང་འཇུ་མི་ཕམ་པའི་རྣམ་འགྲེལ་འགྲེལ་ཆེན་སོགས་བྱུང་བ། ཇོ་ནང་པའི་ཇོ་ནང་རྣམ་འགྲེལ་སོགས་མ་ཉམས་རྒྱུན་གྱིས་བསྐྱངས་པས་ནི་བོད་གངས་ཅན་གྱི་ཚད་མ་རིགས་པའི་གཞུང་ལུགས་སྔར་ལས་ཀྱང་དར་ཞིང་རྒྱས་པར་མཛད་པའི་འཕྲིན་ལས་རྒྱུ་ཡིན་ནོ།།
མཇུག་བསྡུས།
བློ་གསར་རིགས་པའི་སྒོ་མོ་མ་སྒྲོལ་བར།། ཐར་འདོད་རིགས་པའི་གཞུང་ལ་དཔྱད་པ་ཡི།།
སྤོབས་སེམས་ཉམས་ཆུང་བདག་འདྲར་མེད་པ་ཡིས།། རྒྱ་ཆེའི་ཀློག་པོའི་ཐུགས་ལ་བབས་དཀའ་ཡང་།།
དྲན་པའི་ངོས་ལ་གསང་ཕུའི་གདན་ས་འདི།། སྔོན་བྱོན་མཁས་མང་འདུས་སའི་གནས་མཆོག་ཅེས།།
རྣ་བའི་ངོས་སུ་ཡང་ཡང་ཐོས་པས་ན།། གུས་པའི་དབང་གིས་མེས་པོའི་མཛད་རྗེས་དག།
ཡི་གེའི་ལམ་དུ་ཕབ་པའི་ཚུལ་ལགས་པས།། རྩོམ་པའི་ལུང་རིགས་གཏོང་ཚུལ་མ་ཤེས་པར།།
དཔྱད་པའི་ལམ་ལ་བཞུགས་ཁུལ་འདི་སྐྱོ་བས།། ཅུང་ཟད་ཅུང་ཟད་ཐོས་པའི་སྤོབས་པ་ཡིས།།
གདན་ས་གསང་ཕུར་ཚད་མ་དར་ཚུལ་ལ།། སྔོན་བྱོན་མཁས་པའི་གསུང་ལ་ཉན་པ་ཡིས།
ཅུང་ཟད་བསམ་གཞིགས་བྱ་ཁུལ་འདི་ལགས་སོ།།

བཀྲ་ཤིས་ནོར་བུས་འོས་སྦྱོར་བྱས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།